Prayers- ཁ་མཐུན་རིམ་པ


༄༅། །འཕགས་པ་བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པ་བཞུགས་སོ། ལས་གང་ཞིག་རྩོམ་པ་ན་ཐོག་མར་འདི་ཚར་གཅིག་བརྗོད་ན་གྲུབ་པ་བདེ་བ་ཡིད་བཞིན་དུ་བྱེད་པར་འགྱུར་བས་ཅི་ནས་ཡིད་ལ་བྱའོ། 

ཨོཾ། སྣང་སྲིད་རྣམ་དག་རང་བཞིན་ལྷུན་གྲུབ་པའི། །བཀྲ་ཤིས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །སངས་རྒྱས་ཆོས་དང་དགེ་འདུན་འཕགས་པའི་ཚོག།ཀུན་ལ་ཕྱག་འཚལ་བདག་ཅག་བཀྲ་ཤིས་ཤོག །སྒྲོན་མེའི་རྒྱལ་པོ་རྩལ་བརྟན་དོན་གྲུབ་དགོངས། །བྱམས་པའི་རྒྱན་དཔལ་དགེ་གྲགས་དཔལ་དམ་པ།།ཀུན་ལ་དགོངས་པ་རྒྱ་ཆེར་གྲགས་པ་ཅན། །ལྷུན་པོ་ལྟར་འཕགས་རྩལ་གྲགས་དཔལ་དང་ནི། །སེམས་ཅན་ཐམས་ཅད་ལ་དགོངས་གྲགས་པའི་དཔལ། །ཡིད་ཚིམ་མཛད་པ་རྩལ་རབ་གྲགས་དཔལ་ཏེ། །མཚན་ཙམ་ཐོས་པའི་བཀྲ་ཤིས་ དཔལ་འཕེལ་བ། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །འཇམ་ དཔལ་གཞོན་ནུ་དཔལ་ལྡན་རྡོ་རྗེ་འཛིན། །སྤྱན་རས་གཟིགས་དབང་མགོན་པོ་བྱམས་པའི་དཔལ། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་འཕགས་མཆོག་ཀུན་ཏུ་བཟང་། །ཨུཏྤལ་རྡོ་རྗེ་པད་དཀར་ཀླུ་ཤིང་དང་། ནོར་བུ་ཟླ་བ་རལ་གྲི་ཉི་མ་ཡི། །ཕྱག་མཚན་ལེགས་བསྣམས་བཀྲ་ཤིས་དཔལ་གྱི་ མཆོག །བྱང་ཆུབ་སེམས་དཔའ་བརྒྱད་ལ་ཕྱག་འཚལ་ལོ། །རིན་ཆེན་གདུགས་མཆོག་བཀྲ་ཤིས་གསེར་གྱི་ཉ། །འདོད་འབྱུང་བུམ་བཟང་ཡིད་འོང་ཀ་མ་ལ། །སྙན་གྲགས་དུང་དང་ཕུན་ཚོགས་དཔལ་བེའུ། །མི་ནུབ་རྒྱལ་མཚན་དབང་ བསྒྱུར་འཁོར་ལོ་སྟེ། །རིན་ཆེན་རྟགས་མཆོག་བརྒྱད་ཀྱི་ཕྱག་མཚན་ཅན།  ཕྱོགས་དུས་རྒྱལ་བ་མཆོད་ཅིང་དགྱེས་བསྐྱེད་མ། །སྒེག་སོགས་ངོ་བོ་དྲན་པའི་དཔལ་སྤེལ་བའི། །བཀྲ་ཤིས་ལྷ་མོ་བརྒྱད་ལ་ཕྱག་འཚལ་ལོ། །ཚངས་པ་ཆེན་པོ་བདེ་འབྱུང་སྲེད་མེད་བུ། །མིག་སྟོང་ལྡན་དང་རྒྱལ་པོ་ཡུལ་འཁོར་སྲུང་།  འཕགས་སྐྱེས་པོ་དང་ཀླུ་དབང་མིག་མི་བཟང་། །རྣམ་ཐོས་སྲས་ཏེ་ལྷ་རྫས་ འཁོར་ལོ་དང་། །ཏྲི་ཤུ་ལ་དང་མདུང་ཐུང་རྡོ་རྗེ་ཅན། །པི་ཝཾ་རལ་གྲི་མཆོད་རྟེན་རྒྱལ་མཚན་འཛིན། །ས་གསུམ་གནས་སུ་དགེ་ལེགས་བཀྲ་ཤིས་སྤེལ། །འཇིག་རྟེན་སྐྱོང་བ་བརྒྱད་ལ་ཕྱག་འཚལ་ལོ། །བདག་ཅག་དེང་འདིར་བྱ་བ་རྩོམ་པ་ལ།གེགས་དང་ཉེ་བར་འཚེ་བ་ཀུན་ཞི་ནས། །འདོད་དོན་དཔལ་འཕེལ་བསམ་དོན་ཡིད་བཞིན་འགྲུབ། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །ལྡང་ཚེ་བརྗོད་ན་དེ་ཉིན་དོན་ཀུན་འགྲུབ། །ཉལ་ཚེ་བརྗོད་ན་རྨི་ལམ་བཟང་པོ་མཐོང༌། །གཡུལ་དུ་འཇུག་ཚེ་བརྗོད་ན་ཕྱོགས་ལས་རྒྱལ། །བྱ་བ་རྩོམ་དུས་བརྗོད་ན་འདོད་དོན་འཕེལ། །རྒྱུན་དུ་བརྗོད་ན་ཚེ་དཔལ་གྲགས་འབྱོར་ཤིས། །བདེ་ལེགས་ཕུན་ཚོགས་བསམ་དོན་ཡིད་བཞིན་འགྲུབ། །སྡིག་སྒྲིབ་ཀུན་བྱང་མངོན་མཐོ་ངེས་ལེགས་ཀྱི། །དོན་ཀུན་འགྲུབ་པ་རྒྱལ་བ་མཆོག་གིས་གསུངས། །རབ་ཚེས་མེ་སྤྲེལ་ཟླ་བ་གསུམ་པའི་ཚེས་གསུམ་གཟའ་ཉི་མ་དང་རྒྱུ་སྐར་རྒྱལ་གྱི་དུས་བཟང་པོའི་ཆ་ལ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་ཡིད་མཚོ་ལས་བྱུང་བའི་ནོར་བུའི་དོ་ཤལ་ཆེན་པོའོ། 

༈མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ་། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་ མཆིའོ། །བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །འཇིག་རྟེན་དབང་ཕྱུག་ཐུགས་རྗེ་རླབས་ཕྲེང་ དབུས་། །རྒྱལ་ཀུན་མཁྱེན་བརྩེ་འི་འདབ་སྟོང་རྒྱས་པ་ལ། །ཕན་བདེ་དྲི་བསུང་ཅི་ཡང་སྤྲོ་བའི་གཉེན། །ངག་དབང་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས། །མཁྱེན་པས་མ་རིག་མུན་པའི་ཚོགས་འཇོམས་ཤིང་། །བརྩེ་བས་གཞན་དོན་ ཡལ་བས་མི་དོར་བར། །ནུས་པས་བདུད་དཔུང་འཇོམས་མཛད་ལྷ་ཡི་ལྷ། ། ངག་དབང་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས། །ཁམས་གསུམ་སེམས་ཅན་འཁོར་བས་ལས་སྒྲོལ་ཕྱིར། །འཆི་མེད་རྡོ་རྗེ་སྐུ་མཆོག་རབ་བརྙེས་ཤིང་། ། འཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་མཛད་པ། །ཇི་སྲིད་འཚོ་ཞིང་གཞེས་པར་འགྱུར་ཅིག་གུ། །སངས་རྒྱས་ཀུན་འདུས་རྩ་བའི་བླ་མ་ལ། །སྒོ་གསུམ་གུས་པས་ཆེན་པོས་གསོལ་བ་འདེབས། །གདོད་མའི་གནས་ལུགས་རང་ངོ་ཤེས་པ་རུ།།ཚེ་དང་སྒྲུབ་པ་མཉམ་པར་བྱིན་གྱིས་རློབས། །བླ་མ་སྐུ་ཁམས་བཟང་པོར་གསོལ་བ་འདེབས། །མཆོག་ཏུ་སྐུ་ཚེ་རིང་བར་གསོལ་བ་འདེབས། །འཕྲིན་ལས་ དར་ཞིང་རྒྱས་པར་གསོལ་བ་འདེབས། །བླ་མ་དང་འབྲལ་བར་མེད་པར་བྱིན་གྱི་རློབས། །ཕན་བདེ་འབྱུང་བའི་གནས་གཅིག་པུ། །བསྟན་པ་ཡུན་རིང་གནས་པ་དང་། །བསྟན་པ་འཛིན་པའི་སྐྱེས་བུ་རྣམས། །སྐུ་ཚེ་རྒྱལ་མཚན་བརྟན་གྱུར་ཅིག །ཆོས་རྔ་ཆེན་པོས་སྒྲ་ཡིས་ནི།   །སྡུག་བསྔལ་སེམས་ཅན་ཐར་བགྱིད་ཤོག །བསྐལ་པ་བྱེ་བ་བསམ་ཡས་སུ། །ཆོས་སྟོན་མཛད་ཅིང་བཞུགས་འགྱུར་ཅིག༈ སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གི་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག ལན་གསུམ།  སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག་སེམས་ཅན་ཐམས་ཅད་བདེ་སྡུག་གི་རྒྱུ་ཆགས་སྡང་ཉེས་རིང་དང་བྲལ་བའི་བཏང་སྙོམ་ཆེན་པོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག

༈ །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིག །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །མགོན་པོ་འདིརནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་ མཆོད་ཡོན་བཞེས་ནས་ཀྱང༌། །དེ་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་པྲ་བཱར་སད་ཀ་ར་མཧཱ་སད་ཀ་ར།མཧཱ་ཨརྒྷཾ་པྲ་ཏིཙྪ་ཧཱུཾ་སྭཱཧཱ། །

ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ།  །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་མཧཱ་པཱདྱཾ་པྲ་ཏིཙྪ་ཧཱུཾ་སྭཱཧཱ། །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་གི་ནི། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་པདྨ་ཀ་མ་ལ་ཡེ་སྟྭཾ། ཕྱག་འཚལ་ནི། བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་སྲས་ བཅས་ཐམས་ཅད་ཀྱི། །སྐུ་གསུངས་ཐུགས་ཀྱི་རང་བཞིན་བྱིན་བརླབས་པ། ། བཀྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབས་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷ་མེ་བ། །མགོན་པོ་མཆོག་འགྱུར་ཁྱོད་ལ་ཕྱག་འཚལ་ལོ། །མར་མེ་མཛད་སོགས་རྒྱལ་བ་འདས་པ་དང་། །བྱང་ཆུབ་ཆེན་པོ་ད་ལྟར་བཞུགས་པ་དང་། །བྱམས་པ་ལ་སོགས་སླད་ནས་འབྱོན་པ་ཡི། །དུས་གསུམ་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམ་གཟིགས་ གཙུག་ཏོར་ཐམས་ཅད་སྐྱོབ། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུང་དང་།།ཤཱཀྱ་ཐུབ་པ་གོའུ་ཏཾ་ལྷ་ཡི་ལྷ། །སངས་རྒྱས་དཔའ་བོ་བདུན་ལ་ཕྱག་འཚལ་ལོ།།མཐུན་པའི་དགེ་ཚོགས་སྨོན་ལམ་རྨད་འབྱུང་ཞིང་། །སྤྱོད་པ་སྤྱད་ཚེ་ནམ་ཡང་མཆེད་གྱུར་ལ། །སྐལ་བཟང་གཅིག་ལ་མཛད་པ་མཐར་ཕྱིན་པའི། །རྫོགས་པའི་སངས་རྒྱས་སྟོང་ལ་ཕྱག་འཚལ་ལོ། །མཚན་ལེགས་རིན་ཆེན་གསེར་བཟང་མྱ་ངན་མེད། །ཆོས་བསྒྲགས་མངོན་མཁྱེན་སྨན་བླ་ཤཱཀྱ་ཐུབ། །རྒྱ་ཆེན་སྨོན་ལམ་ཡོངས་སུ་རྫོགས་པ་ཡི། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ།།མི་རྟོགས་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་ རྟོགས། །ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །རྡོ་རྗེ་སེམས་དཔའ་ ཁྱོད་ལ་ཕྱག་འཚལ་ལོ། །ཡང་དག་འཇམ་དཔལ་གཤིན་རྗེ་པདྨ་དབང་། །རྡོ་རྗེ་གཞོན་ནུ་བླ་མེད་ཧེ་རུ་ཀ། །ཆེ་མཆོག་རིག་འཛིན་དྲེགས་འདུལ་དྲག་སྔགས་སོགས། །བཀའ་བརྒྱད་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །མདོ་སྡེ་དབྱངས་བསྙད་ལུང་བསྟན་ཚིགས་སུ་བཅད། །མཆོད་བརྗོད་གླེང་གཞི་རྟོགས་བརྗོད་དེ་ལྟར་འབྱུང་། །སྐྱེས་རབ་རྒྱས་དང་རྨད་བྱུང་གཏན་ལ་དབབ། །གསུངས་རབ་ཡན་ལག་བཅུ་གཉིས་ལ་ཕྱག་འཚལ། །འཇམ་དབྱངས་ཕྱག་ན་རྡོརྗེ་སྤྱན་རས་ གཟིགས། །ས་ཡི་སྙིང་པོར་སྒྲིབ་པར་རྣམ་པར་སེལ། །ནམ་མཁའི་སྙིང་པོ་ བྱམས་པ་ཀུན་ཏུ་བཟང་། །ཉེ་བའི་སྲས་ཆེན་བརྒྱད་ལ་ཕྱག་འཚལ་ལོ། །འགྲོ་བའི་མགོན་པོ་ཤཱཀྱ་སེངྒེ་ཡི། །སངས་རྒྱས་བསྟན་པ་གང་གི་ཕྱག་ཏུ་བཞག། གསུངས་རབ་རིན་ཆེན་སྒྲོམ་གྱི་ཁ་འབྱེད་པའི། །དགྲ་ཅོམ་གནས་བརྟན་རྣམས་ལ་ཕྱག་འཚལ་ལོ། །བཀྲིས་འབྱུང་དང་བྱང་ཆུབ་ཆེན་པོ་དང་། །ཆོས་འཁོར་ཆོ་འཕྲུལ་ཆེན་པོ་ལྷ་ལས་བབས། །དབྱེན་བཟླུམས་སྐུ་ཚེའི་འདུ་བྱེད་བྱིན་གྱི་བརླབས། །མྱང་འདས་ཆོས་བརྟེན་རྣམས་ལ་ཕྱག་འཚལ་ལོ། །མགོན་པོ་ཀླུ་ སྒྲུབ་ཨཱརྱ་དེ་ཝ་དང་། །ཐོག་མེད་དབྱིགས་གཉེན་ཕྱོགས་གླང་ཆོས་ཀྱི་གྲགས། །ཆོས་སྐྱོང་ཡོན་ཤཱཀ་རྣམ་གཉིས་དཔའ་བོ་སོགས། །འཛམ་གླིང་རྒྱན་མཆོག་ རྣམས་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཆང་ཆེན་ཏིལླི་ནཱ་རོ་དང༌། །མར་པ་མི་ལ་ སྒམ་པོ་མཐའ་རྩ་པ། །སྣ་ཕུ་པ་དང་དཔལ་ལྡན་འབྲུག་པ་སོགས། །དཀར་ བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ།

མཆོད་པའི་ཡན་ལག་བདུན། ཕྱག་འཚལ་བ།

ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་ སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ ཡིད་དྭངས་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས།། རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །

མཆོད་པ་འབུལ་བ། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པར། །ཐམས་ ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་ རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང༌། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་འཕྲེང་བ་དམ་པ་དང༌། །སིལ་སྙན་རྣམས་དང་ཕྱུག་པ་བདུག་ མཆོག་དང༌། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང༌། །ཕྱེ་མ་ ཕུར་མ་རི་རབ་མཉམ་པ་དང༌། །བཀོད་པར་ཁྱད་པར་ཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེབ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །

སྡིག་ལྟུང་བཤགས་སྡོམ།

འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ ཡིད་ཀྱིས་ཀྱང༌། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ ཅད་བདག་གིས་སོ་སོར་བཤགས། །

དགེ་བ་ལ་རྗེས་སུ་ཡི་རངས་བ།

ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དག་སློབ་དག་མི་སློབ་དང༌། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང༌། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང༌། །

ཆོས་འཁོར་བསྐོར་བར་བསྐུལ་བ།གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །བྱང་ ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །

མྱ་ངན་ལས་མི་འདའ་བར་གསོལ་བར་འདེབས་པ། མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་བ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང༌། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། ། དགེ་བ་བྱང་ཆུམ་བསྔོ་བ།ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། །རྗེས་སུ་ཡི་རང་བསྐུལ་ཞིངགསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། ། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ།

མནྜལ་གྱི་མཆོད་པ་འབུལ་ལོ།    

ཨོྃ་བཛྲ་བྷུ་མི་ཨྰཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁ་ཨྰཿཧཱུྃ།ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་གླང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་ རི་བོ། དཔག་བསམ་གྱི་ཤིང་། འདོད་འཇོའི་བ། མ་རྨོས་པའི་ལོ་རྟོག འཁོར་ ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་ པོའི་བུམ་པ། སྒེག་པ་མ། ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་ སྤོས་མ། སྣང་གསལ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན།ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་རྩ་བ་དང་བཅས་པའི་དཔལ་ལྡན་བླ་མ་ དམ་པ་རྣམས་དང་།ཡི་དམ་རྒྱལ་བའི་དཀྱིལ་འཁོར་ལྷ་ཚོགས་སངས་རྒྱས་དང་ བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་འབུལ་བར་བགྱིའོ། ཐུགས་བརྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ།

༈ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། ། འགྲོ་ཀུན་རྣམ་ དག་ཞིང་ལ་སྤྱོད་པར་ཤོག །ཨི་དམ་རཏྣ་མཎྜ་ལ་ཀཾ་ནིརྱ་ཏ་ཡ་མི།

བྱང་ཆུབ་སེམས་དཔའི་ལྟུང་བ་བཤགས་པ་ནི། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་དུས་རྟག་པར་ བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་ བཤེམས་པ་དགྲ་གཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ པ་ལ་ཕྱག་འཚལ་ལོ། །རྡོ་རྗེའི་སྙིང་པོས་རབ་ཏུ་འཇོམས་པ་ལ་ཕྱག་ལ་ལོ། ། རིན་ཆེན་འོད་འཕྲོ་ལ་ཕྱག་འཚལ་ལོ། །ཀླུ་དབང་གི་རྒྱལ་པོ་ལ་ཕྱགས་འཚལ་ལོ། །དཔའ་བོའི་སྡེ་ལ་ཕྱག་འཚལ་ལོ། །དཔལ་དགྱེས་ལ་ཕྱག་འཚལ་ལོ། །རིན་ཆེན་མེ་ལ་ཕྱག་འཚལ་ལོ། །རིན་ཆེན་ཟླ་འོད་ལ་ཕྱག་འཚལ་ལོ། །མཐོང་བ་དོན་ཡོད་ལ་ཕྱག་འཚལ་ལོ། །རིན་ཆེན་ཟླ་བ་ལ་ཕྱག་ཚལ་ལོ། །དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །དཔལ་བྱིན་ལ་ཕྱག་འཚལ་ལོ། །ཚངས་པ་ལ་ཕྱག་འཚལ་ལོ། །ཚངས་པའི་བྱིན་ལ་ཕྱག་འཚལ་ལོ། །ཆུ་ལྷ་ལ་ཕྱག་འཚལ་ལོ། །ཆུ་ལྷའི་ལ་ཕྱག་འཚལ་ལོ། །དཔལ་བཟང་ལ་ཕྱག་འཚལ་ལོ། །ཙན་དན་དཔལ་ལ་ཕྱག་འཚལ་ལོ། །གཟི་བརྗིད་མཐའ་ཡས་ལ་ཕྱག་འཚལ་ལོ། །འོད་དཔལ་ལ་ཕྱག་འཚལ་ལོ། །མྱ་ངན་མེད་པའི་དཔལ་ལ་ཕྱག་འཚལ་ལོ། །སྲེད་མེད་ཀྱི་བུ་ལ་ཕྱག་འཚལ་ལོ།མེ་ཏོག་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ ཚངས་པའི་འོད་ཟེར་རྣམས་པར་རོལ་པས་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་པདྨའི་འོད་ཟེར་རྣམ་པར་རོལ་པས་མངོན་པར་ མཁྱེན་པ་ལ་ཕྱག་འཚལ་ལོ། །ནོར་དཔལ་ལ་ཕྱག་འཚལ་ལོ། །དྲན་པའི་ དཔལ་ལ་ཕྱག་འཚལ་ལོ། །མཚན་དཔལ་ཤིན་ཏུ་ཡོངས་གྲགས་ལ་ཕྱག་འཚལ་ལོ། །དབང་པོའི་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཤིན་ཏུ་རྣམ་པར་གནོན་པའི་དཔལ་ལ་ཕྱག་འཚལ་ལོ། །གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ། །རྣམ་པར་གནོན་པར་གཤེགས་པའི་དཔལ་ལ་ཕྱག་འཚལ་ལོ། །ཀུན་ནས་སྣང་བ་བཀོད་པའི་དཔལ་ལ་ཕྱག་འཚལ་ལོ། །རིན་ཆེན་པདྨོས་རྣམ་པར་གནོན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་པདྨ་གདན་ལ་ རབ་ཏུ་བཞུགས་པ་སངས་རྒྱས་རི་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་ དག་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་དེ་བཞིན་གཤེགས་པ་དགྲབཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་ འདས་གང་ཇི་སྙེད་ཅིག་བཞུགས་ཏེ་འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ ལྡན་འདས་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་གིས་སྐྱེ་བ་འདི་དང་སྐྱེ་བ་ཐོག་མའི་ཐ་མ་མཆིས་པ་ནས་འཁོར་བ་ན་འཁོར་བའི་སྐྱེ་གནས་ཐམས་ཅད་དུ་སྡིག་པའི་ལས་བགྱིས་པ་དང་།བགྱིད་དུ་བསྩལ་བ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བའམ། །མཆོད་རྟེན་གྱི་དཀོར་རམ། །དགེ་འདུན་གྱི་དཀོར་རམ། །ཕྱོགས་བཅུའི་དགེ་འདུན་གྱི་དཀོར་ཕྲོགས་པ་དང་། །འཕྲོག་ཏུ་སྩལ་བ་དང་། །འཕྲོག་པ་ལ་རྗེས་སུ་ཡི་རང་བའམ། །མཚམས་མ་མཆིས་པ་ལྔའི་ལས་བགྱིས་པ་དང་། །བགྱིས་དུ་བསྩལ་བ་དང་། །བགྱིས་པ་ལ་རྗེས་སུ་ཡི་རང་བའམ། །མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླང་བ་ལ་ཞུགས་པ་དང་། །འཇུག་ཏུ་བསྩལ་བ་དང་། །ཞུགས་པ་ལ་རྗེས་སུ་ཡི་རང་བའམ། །ལས་ཀྱི་སྒྲིབ་པ་གང་གིས་བསྒྲིབས་ནས་བདག་སེམས་ཅན་དམྱལ་བར་མཆི་བའམ། །དུད་འགྲོའི་སྐྱེ་གནས་སུ་མཆི་བའམ།ཡི་དགས་ཀྱི་ཡུལ་དུ་མཆི་བའམ། །ཡུལ་མཐའ་འཁོབ་ཏུ་སྐྱེ་བའམ། །ཀླ་ཀློར་སྐྱེ་བའམ།ལྷ་ཚེ་རིང་པོ་རྣམས་སུ་སྐྱེ་བའམ། །དབང་པོ་མ་ཚང་བར་འགྱུར་བའམ། །ལྟ་བ་ལོག་པར་འཛིན་པར་ འགྱུར་བའམ། །སངས་རྒྱས་འབྱུང་བ་ལ་མཉེས་པར་མི་བགྱིད་པར་འགྱུར་བའི་ལས་ཀྱི་སྒྲིབ་པ་གང་ལགས་པ་དེ་དག་ཐམས་ཅད་སངས་རྒྱས་བཅོམ་ལྡན་ འདས་ཡེ་ཤེས་སུ་གྱུར་པ། །སྤྱན་དུ་གྱུར་པ། །དཔང་དུ་གྱུར། །ཚད་མར་གྱུར་པ། །མཁྱེན་པས་གཟིགས་པ་དེ་དག་གི་སྤྱན་སྔར་མཐོལ་ལོ།འཆགས་སོ། །མི་འཆབ་བོ། །མི་སྦེད་དོ། །སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིད་ལགས་སོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་གིས་སྐྱེ་བ་འདི་དང་སྐྱེ་བ་ཐོག་མའི་ཐ་མ་མ་མཆིས་པ་ནས་ འཁོར་བ་ན་འཁོར་བའི་སྐྱེ་གནས་གཞན་དག་ཏུ་སྦྱིན་པ་ཐ་ན་དུད་འགྲོའི་སྐྱེ་ གནས་སུ་སྐྱེས་པ་ལ་ཟས་ཁམ་གཅིག་ཙམ་བསྩལ་བའི་དགེ་བའི་རྩ་བ་གང་ ལགས་པ་དང་། །བདག་གི་ཚུལ་ཁྲིམས་བསྲུངས་པའི་དགེ་བའི་རྩ་བ་གང་ལགས་པ་དང་། །བདག་གི་ཚངས་པར་སྤྱོད་གནས་པའི་དགེ་བའི་རྩ་བ་གང་ལགས་པ་དང་། །བདག་གི་སེམས་ཅན་ཡོངས་སུ་སྨིན་པར་བགྱིས་པའི་དགེ་རྩ་བ་གང་ལགས་པ་དང་། །བདག་གི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་དགེ་རྩ་བ་གང་ལགས་པ་དང་། །བདག་གི་བླ་ན་མེད་པའི་ཡེ་ཤེས་ཀྱི་དགེ་རྩ་བ་གང་ལགས་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་ནས་བླ་ན་མ་མཆིས་པ་དང་། །གོང་ན་མ་མཆིས་པ་དང་། །གོང་མའི་གོང་མ། །བླ་མའི་བླ་མར་ཡོངས་སུ་བསྔོ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །ཇི་ལྟར་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོས་བ་དང་། །ཇི་ལྟར་མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་འགྱུར་བ་དང་། །ཇི་ལྟར་ད་ལྟར་་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་མཛད་པ་དེ་བཞིན་དུ་བདག་གི་ཀྱང་ཡོངས་སུ་བསྔོ་བར་བགྱིའོ། །སྡིག་པ་ཐམས་ཅད་ནི་སོ་སོར་བཤགས་སོ། །བསོད་ནམས་ཐམས་ཅད་ལ་ནི་རྗེས་སུ་ཡི་རང་ངོ་། །སངས་རྒྱས་ཐམས་ཅད་ལ་ནི་བསྐུལ་ཞིང་གསོལ་བ་འདེབས་སོ། །བདག་གི་བླ་ན་མེད་པའི་ཡེ་ཤེས་ཀྱི་མཆོག་དམ་པ་ཐོབ་པར་གྱུར་ཅིག །མི་མཆོག་རྒྱལ་བ་གང་དག་ད་ལྟར་བཞུགས་པ་དང་། །གང་དག་འདས་པ་དག་དང་དེ་བཞིན་གང་མ་བྱོན། །ཡོན་ཏན་བསྔགས་པ་མཐའ་ཡས་རྒྱ་མཚོ་འདྲ་ཀུན་ལ། །ཐལ་མོ་སྦྱར་བར་བགྱིས་ཏེ་སྐྱབས་སུ་ཉེ་བར་མཆིའོ། 

བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་ཏེ། །ཕྱོགས་བཅུ་ནང་བཞུགས་པའི་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་གཞན་ལ་དགོངས་སུ་གསོལ། །བདག་གཞན་གྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས། །ཐ་མ་ད་ལྟ་ལ་ཐུག་གི་བར་དུ་ཉོན་མོངས་པ་འདོད་ཆགས་དང་ཞེ་སྡངགཏི་མུག་དབང་གིས།།ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང་། ། མཚམས་མེད་པ་ལྔ་བགྱིས་པ་དང་། །དེ་དང་ཉེ་བ་ལྔ་བགྱིས་པ་དང་། །སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་དང་། །བྱང་ཆུབ་སེམས་དཔའི་བསླབ་བྱ་དང་ འགལ་བ་དང། །གསང་སྔགས་ཀྱི་དམ་ཚིག་དང་འགལ་བ། །དཀོན་མཆོག་ གསུམ་ལམ་དད་ཅིང་མ་གུས་པ་བགྱིས་པ། །མཁན་པོ་དང་སློབ་དཔོན་ལ་མ་ དད་ཅིང་མ་གུས་པ་བགྱིས་པ། །དམ་པའི་ཆོས་སྤང་། །གསུང་རབ་ཀྱི་བསླུས་ཟོས་པ། །འཕགས་པའི་དགེ་འདུན་ལ་སྐུར་པ་བཏབ་པ། །ཕ་དང་མ་ལ་མ་དད་ཅིང་མ་གུས་པ་བགྱིས་པ། གྲོགས་ཚངས་པ་མཚུངས་པ་སྤྱོད་པ་ལ་མ་དད་ཅིང་མ་གུས་པ་བགྱིས་པ། །མདོར་ན་མཐོ་རིས་དང་ཐར་པའི་བགེགས་སུ་འགྱུར་ ཞིང་། །འཁོར་བ་དང་ངན་སོང་གི་རྒྱུ་གྱུར་པའི་ཉེས་ལྟུང་གི་ཚོགས་ཅི་བགྱིས་པ་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པའི་ཕྱོགས་བཅུ་ནང་ བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པར་རྣམས་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །མནོང་ངོ་འགྱོད་དོ། །མི་འཆབ་བོ། །མི་སྦེད་དོ། །སླན་ཆད་ཀྱང་གཅོད་ཅིང་སྡོམ་པ་བགྱིད་ལགས་སོ། །བདག་གཞནལུས་ཀྱི་ལས་ནི་རྣམ་པ་གསུམ། །ངག་གི་རྣམ་པ་བཞི་དང་ནི། །གང་ཡང་ཡིད་ཀྱི་རྣམ་གསུམ་པོ། །མི་དགེ་བཅུ་པོ་སོ་སོར་བཤགས། །མཚམས་མེད་ལྔ་པོ་བདག་གཞན་སྡིག་པ་རྣམས། །གང་གི་མི་ཤེས་དབང་གི་བྱས་པ་དག། །དེ་ཡི་ལྟུང་བ་གཤགས་པ་འདི་བརྗོད་པ། །མྱུར་དུ་མ་ལུས་ཡོངས་སུ་བྱང་བར་ཤོག

 

༄༅། །ཐུབ་པའི་བསྟོད་པ་ཐབས་མཁས་ཐུགས་རྗེ་མ། 

༄༅། །ཐབས་མཁས་ཐུགས་རྗེ་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ། །གང་གིས་དང་པོར་བྱང་ཆུབ་ཐུགས་བསྐྱེད་ནས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་མཛད་ཅིང༌། །དུས་འདིར་མཛད་པ་རྒྱ་ཆེན་འགྲོ་བ་ཡི། །མགོན་གྱུར་ཁྱོད་ལ་བདག་གིས་བསྟོད་པར་བགྱི། །ལྷ་རྣམས་དོན་མཛད་འདུལ་བའི་དུས་མཁྱེན་ནས། །ལྷ་ལས་བབས་ནས་གླང་ཆེན་ལྟར་གཤེགས་ཤིང༌། །རིགས་ལ་གཟིགས་ནས་ལྷ་མོ་སྒྱུ་འཕྲུལ་མའི། །ལྷུམས་སུ་ཞུགས་པར་མཛད་ལ་ཕྱག་འཚལ་ལོ། ཟླ་བ་བཅུ་རྫོགས་ཤཱཀྱའི་སྲས་པོ་ནི། །བཀྲ་ཤིས་ལུམྦིའི་ཚལ་དུ་བལྟམས་པའི་ཚེ། །ཚངས་དང་བརྒྱ་བྱིན་གྱིས་བཏུད་མཚན་མཆོག་ནི། །བྱང་ཆུབ་རིགས་སུ་ངེས་མཛད་ ཕྱག་འཚལ་ལོ། །གཞོན་ནུ་སྟོབས་ལྡན་མི་ཡི་སེང་གེ་དེས། །ཨ་གྷ་མ་ག་དྷར་ནི་སྒྱུ་རྩལ་བསྟན། །སྐྱེ་བོ་དྲེགས་པ་ཅན་རྣམས་ཚར་བཅད་ནས། །འགྲན་ཟླ་མེད་པར་མཛད་ལ་ཕྱག་འཚལ་ལོ། །འཇིག་རྟེན་ཆོས་དང་མཐུན་པར་བྱ་བ་དང༌། །ཁ་ན་མ་ཐོ་སྤང་ཕྱིར་བཙུན་མོ་ཡི། །འཁོར་དང་ལྡན་མཛད་ཐབས་ལ་མཁས་པ་ཡིས། །རྒྱལ་སྲིད་སྐྱོང་བར་མཛད་ལ་ཕྱག་འཚལ་ལོ། །འཁོར་བའི་བྱ་བར་སྙིང་པོ་མེད་གཟིགས་ནས། །ཁྱིམ་ནས་བྱུང་སྟེ་མཁའ་ལ་གཤེགས་ནས་ཀྱང༌།  མཆོད་རྟེན་རྣམ་དག་དྲུང་དུ་ཉིད་ལས་ཉིད། །རབ་ཏུ་བྱུང་བར་མཛད་ལ་ཕྱག་འཚལ་ལོ། །བརྩོན་པས་བྱང་ཆུབ་སྒྲུབ་པར་དགོངས་ནས་ནི། །ནཻ་རཉྫ་ནའི་འགྲམ་དུ་ལོ་དྲུག་ཏུ། །དཀའ་བ་སྤྱད་མཛད་བརྩོན་འགྲུས་མཐར་ཕྱིན་པས། །བསམ་གཏན་མཆོག་བརྙེས་མཛད་ལ་ཕྱག་འཚལ་ལོ། །ཐོག་མ་མེད་ནས་འབད་པ་དོན་ཡོད་ཕྱིར། །མ་ག་དྷ་ཡི་བྱང་ཆུབ་ཤིང་དྲུང་དུ། །སྐྱིལ་ཀྲུང་མི་གཡོ་མངོན་པར་སངས་རྒྱས་ནས། །བྱང་ཆུབ་རྫོགས་པར་མཛད་ལ་ཕྱག་འཚལ་ལོ།། ཐུགས་རྗེས་འགྲོ་ལ་མྱུར་དུ་གཟིགས་ནས་ནི། །ཝ་ར་ཎཱ་སི་ལ་སོགས་གནས་མཆོག་ཏུ། །ཆོས་ཀྱི་འཁོར་ལོ་བསྐོར་ནས་གདུལ་བྱ་རྣམས། །ཐེག་པ་གསུམ་ལ་འགོད་མཛད་ཕྱག་འཚལ་ལོ། །གཞན་གྱིས་རྒོལ་བ་ངན་པ་ཚར་བཅད་ཕྱིར། །མུ་སྟེགས་སྟོན་པ་དྲུག་དང་ལྷས་བྱིན་སོགས། །འཁོར་མོ་འཇིག་གི་ཡུལ་དུ་བདུད་རྣམས་བཏུལ། །ཐུབ་པ་གཡུལ་ལས་རྒྱལ་ལ་ཕྱག་འཚལ་ལོ། །སྲིད་པ་གསུམ་ན་དཔེ་མེད་ཡོན་ཏན་གྱི། །མཉན་དུ་ཡོད་པར་ཆོ་འཕྲུལ་ཆེན་པོ་བསྟན།།ལྷ་མི་འགྲོ་བ་ཀུན་གྱིས་རབ་མཆོད་པ། །བསྟན་པ་རྒྱས་པར་མཛད་ལ་ཕྱག་ འཚལ་ལོ། །ལེ་ལོ་ཅན་རྣམས་ཆོས་ལ་བསྐུལ་བྱའི་ཕྱིར། །རྩྭ་མཆོག་གྲོང་གི་ས་གཞི་གཙང་མ་རུ། །འཆི་མེད་རྡོ་རྗེ་ལྟ་བུའི་སྐུ་གཤེགས་ནས། །མྱ་ངན་འདའ་བར་མཛད་ལ་ཕྱག་འཚལ་ལོ། །ཡང་དག་ཉིད་དུ་འཇིག་པ་མེད་ཕྱིར་དང༌། །མ་འོངས་སེམས་ཅན་བསོད་ནམས་ཐོབ་བྱའི་ཕྱིར།དེ་ཉིད་དུ་ནི་རིང་བསྲེལ་མང་སྤྲུལ་ནས། །སྐུ་གདུང་ཆ་བརྒྱད་མཛད་ལ་ཕྱག་འཚལ་ལོ། 

༄༅། །ཐུབ་པའི་བསྟོད་པ་གང་ཚེ་རྐང་གཉིས་མ། ༄༅། །གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་བོར་ནས། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །དང་པོ་དགའ་ལྡན་ལྷ་ཡི་ཡུལ་ནས་བྱོན། །རྒྱལ་པོའི་ཁབ་ཏུ་ཡུམ་གྱི་ལྷུམས་སུ་ཞུགས། །ལུམྦི་ནི་ཡི་ཚལ་དུ་ཐུབ་པ་བལྟམས། །བཅོམ་ལྡན་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །གཞལ་ཡས་ཁང་དུ་མ་མ་བརྒྱད་བཞིས་མཆོད། །ཤཱཀྱའི་གྲོང་དུ་གཞོན་ནུས་རོལ་རྩེད་མཛད། །སེར་སྐྱའི་གནས་སུ་ས་འཚོ་ཁབ་ཏུ་བཞེས། །སྲིད་གསུམ་མཚུངས་མེད་སྐུ་ལ་ཕྱག་འཚལ་ལོ། །གྲོང་ཁྱེར་སྒོ་བཞིར་སྐྱོ་བའི་ཚུལ་བསྟན་ནས།  མཆོད་རྟེན་རྣམ་དག་དྲུང་དུ་དབུ་སྐྲ་བསིལ། །ནཻ་རཉྫ་ནའི་འགྲམ་དུ་དཀའ་ཐུབ་མཛད། །སྒྲིབ་གཉིས་སྐྱོན་དང་བྲལ་ལ་ཕྱག་འཚལ་ལོ། །རྒྱལ་པོའི་ཁབ་ཏུ་གླང་ཆེན་སྨྱོན་པ་བཏུལ། །ཡངས་པ་ཅན་དུ་སྤྲེའུས་སྦྲང་རྩི་ཕུལ། །མ་ག་དྷ་རུ་ཐུབ་པ་མངོན་སངས་རྒྱས། །མཁྱེན་པའི་ཡེ་ཤེས་འབར་ལ་ཕྱག་འཚལ་ལོ། །ཝཱ་ར་ཎཱ་སིར་ཆོས་ཀྱི་འཁོར་ལོ་བསྐོར། །ཛེ་ཏའི་ཚལ་དུ་ཆོ་འཕྲུལ་ཆེན་པོ་བསྟན། །རྩྭ་མཆོག་གྲོང་དུ་དགོངས་པ་མྱ་ངན་འདས། །ཐུགས་ནི་ནམ་མཁའ་འདྲ་ལ་ཕྱག་འཚལ་ལོ། །འདི་ལྟར་བསྟན་པའི་བདག་པོ་བཅོམ་ལྡན་འདས། །མཛད་པའི་ཚུལ་ལ་མདོ་ཙམ་བསྟོད་པ་ཡི། །དགེ་བས་འགྲོ་བ་ཀུན་གྱི་སྤྱོད་པ་ཡང༌། །བདེ་གཤེགས་ཉིད་ཀྱི་མཛད་དང་མཚུངས་པར་ཤོག  །ཅེས་པ་འདི་སློབ་དཔོན་དཔའ་བོས་མཛད་པའོ།  བདེ་བར་གཤེགས་པའི་ཁྱོད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེ་ཚད་དང་ཞིང་ཁམས་དང་། །ཁྱོད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བར། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག།

༈རྒྱལ་བ་རྣམས་ལ་ཡོངས་འཛིན་བླ་མ་དང་། །མཁའ་མཉམ་འགྲོ་ལ་བྱམས་པའི་གཉེན་དང་ནི། །ཐར་འདོད་རྣམས་ལ་དགེ་བའི་བཤེས་གཅིག་པུ། །འཇམ་དཔལ་དབྱངས་ཀྱི་ཞབས་ལ་ཕྱག་འཚལ་ལོ། འཇམ་དཔལ་གྱི་ཡང་སྙིང་ནི། རྒྱ་གར་སྐད་དུ༔ ཨཱ་རྻ་མཉྫུ་ཤྲཱི་ཏནྟྲ་ཙིཏྟ༔ བོད་སྐད་དུ༔ འཕགས་པ་འཇམ་དཔལ་རྒྱུད་ཀྱི་ཡང་སྙིང་༔ འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ༔ འདི་ལྟར་སངས་རྒྱས་བཅོམ་ལྡན་འདས༔ ཡེ་ཤེས་སྐུ་སྟེ་རང་བྱུང་བ༔ ཡེ་ཤེས་མིག་གཅིག་དྲི་མ་མེད༔ ཡེ་ཤེས་སྣང་བ་ལམ་མེ་བ༔ ཨ་ར་པ་ཙ་ནཱ་ཡ་ཏེ་ན་མ༔ ཡེ་ཤེས་སྐུ་ཉིད་ཁྱེད་ལ་འདུད༔་ རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད༔ བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ༔བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་ གསུངས་པ་ལ་མངོན་པར་བསྟོད་དོ༔གཏེར་མའོ༔ གུ་རུ་པདྨས་ཇོ་མོ་ཤེས་སྒྲོན་ལ་གནང་བའང་མཚན་བརྗོད་ཚར་རེ་དང་མཉམ་པར་གསུངས་སོ། །ཟླ་བ་གཅིག་གིས་འགྲུབ་པར་ཐེ་ཚོམ་མ་ཟ་ཅིག། 

༄༅། །དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་བསྟོད་པ།རྒྱ་གར་སྐད་དུ། །ཤྲཱི་ཛྙཱ་ན་གུ་ཎ་བྷ་དྲ་ནཱ་མསྟུ་སྟི། །བོད་སྐད་དུ། །དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་བསྟོད་པ། 

བླ་མ་དང་མགོན་པོ་རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བས། །ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་བམ་འཛིན། །གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐུམས་སྡུག་བསྔལ་གྱིས་གཟིར་བའི། །འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་དྲུག་བཅུའི་དབྱངས་ལྡན་གསུང༌།།འབྲུག་ལྟར་ཆེར་སྒྲོགས་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོགས་འགྲོལ་མཛད་ཅིང༌། །མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས། །གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་ཐུ་བོའི་སྐུ། །བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་འཇམ་པའི་དབྱངས་ལ་འདུད། །གང་གི་ལྷག་པའི་བསམ་པ་རྣམ་པར་དག་པས་གཅིག་དང༌། བདུན་དང༌། ཉི་ཤུ གཅིག་དང༌། བརྒྱ་དང༌། སྟོང་ལ་སོགས་པ་དག་ཉིན་རེ་བཞན་དུ་སྒྲོགས་པ་དེ་ནི། གོ་རིམ་ཇི་ལྟ་བ་བཞིན་དུ་སྒྲིབ་པ་འདག་པ་དང༌། ཐོས་པ་འཛིན་པ་དང༌། སྤོབས་པ་དང༌། མི་བརྗེད་པའི་གཟུངས་དང༌། ཕྱིར་རྒོལ་བ་ཐམས་ཅད་འཇོམས་པའི་ཤེས་རབ་ཀྱི་དབང་པོ་དང༌། སྟོབས་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ། གང་ཞིག་ཉིན་རེ་བཞིན་དུ་ལན་གསུམ་དུ་བསྟོད་པར་བྱེད་པ་དེ་ནི་ཇི་སྐད་བཤད་པའི་ཡོན་ཏན་དེ་དག་དང་ལྡན་པས་ཤེས་རབ་དང་སྙིང་རྗེའི་ལམ་དང་ས་རྣམས་རིམ་གྱིས་བགྲོད་དེ། གོང་ནས་གོང་དུ་ཆེས་ཆེར་འཕེལ་ནས་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་ཕྱིན་ནས་འགྲོ་བ་མ་ལུས་པ་འཁོར་བ་ལས་སྒྲོལ་བའི་དེད་དཔོན་ཆེན་པོར་འགྱུར་རོ། །དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་བསྟོད་པ་སློབ་དཔོན་རྡོ་རྗེ་མཚོན་ཆས་མཛད་པ་རྫོགས་སོ།  ཟླ་གྲགས་བསྟོད་པ་ནི།  འཇམ་དཔལ་སྐུ་ཡི་སྤྲུལ་པ་འཁྲུངས། །ཀླུ་སྒྲུབ་དགོངས་པ་ཐུགས་སུ་ཆུད།  །ཟླ་བ་གྲགས་པ་ཞེས་བྱ་བ། །བླ་མ་དེ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཟླ་བ་གྲགས་པ་ཡི། །རྣམ་དག་ཚུལ་ཁྲིམས་གཙང་མའི་མཐུས། །སོ་བ་ལས་འཁྲུངས་ལྗོན་ཤིང་ནི། །ཡལ་ག་རྫོགས་པ་ངོ་མཚར་ཆེ། །དཔལ་ལྡན་ཟླ་བ་གྲགས་པ་ཡི། །རི་མོ་བྲིས་པའི་བ་རྣམས་ལས། །འོ་མ་འཇོས་པའི་གཞན་རྒྱུད་ཀྱི། །བདེན་ཞེན་བཟློག་པ་ངོ་མཚར་ཆེ། །དཔལ་ལྡན་ཟླ་བ་གྲགས་པ་ཡི། །བརྡ་སྤྲོད་ཀུན་ཏུ་བཟང་པོའི་གཞུང་། །བསྐུར་བས་གང་གི་ཆུ་ཀླུང་གིས། ཤེས་རབ་བསྐྱེད་པ་ངོ་མཚར་ཆེ། །དཔལ་ལྡན་ཟླ་བ་གྲགས་པ་ཡི། །སྟོབས་ལྡན་རྡོ་ཡི་སེངྒེ་བསྐུལ། །དུ་རུ་ཀ་ཡི་དམག་ལྡོག་ཀྱང་། །ཤི་རྨས་རྨོངས་པ་ངོ་མཚར་ཆེ། །དཔལ་ལྡན་ཟླ་བ་གྲགས་པ་ཡི། །མཁས་པ་ཙནྡྲ་གོ་མ་ཡིས། །ལོ་བདུན་བར་དུ་བརྩད་བྱས་ཀྱང་། །རྒོལ་བར་མ་ནུས་ངོ་མཚར་ཆེ། །དཔལ་ལྡན་ཟླ་བ་གྲགས་པ་ཡི། །ཡང་དག་རིམ་ལམ་སེངྒེའི་སྒྲས། །ཕྱི་ནང་གྲུབ་མཐའི་གླང་པོ་ཀུན། །འཇིགས་པར་བྱེད་པ་ངོ་མཚར་ཆེ། །དཔལ་ལྡན་ཟླ་བ་གྲགས་པ་ཡི།།ཀླུ་སྒྲུབ་ཡབ་སྲས་དགོངས་པ་མཐིལ། །མཁས་པ་སྟོང་གིས་མི་དཔོག་པ།  །ཇི་བཞིན་གསལ་བ་ངོ་མཚར་ཆེ། །དཔལ་ལྡན་ཟླ་བ་གྲགས་པ་ཡི། །ངེས་བདེན་མཐར་ཐུག་ཐལ་འགྱུར་གཞུང་།འཛམ་གླིང་ཀུན་ཏུ་སྣང་བ་དང་། །ལོག་སྨྲ་ བཟློག་པ་ངོ་མཚར་ཆེ། །དཔལ་ལྡན་ཟླ་བ་གྲགས་པ་ཡི། །དངོས་པོ་སྟོབས་ ཤུགས་རིག་པའི་ལམ། །མཐོང་ནས་མཁས་མཆོག་ལེགས་ལྡན་བྱེད། །རྗེས་སུ་འབྲང་བ་ངོ་མཚར་ཆེ། །དཔལ་ལྡན་ཟླ་བ་གྲགས་པ་ཡི། །གསང་སྔགས་ཐེག་པ་ཆེན་པོ་ནི། །མཐའ་དྲུག་ཚུལ་ཞིག་རབ་བརྟགས་ནས། །མྱུར་ལམ་བསྟན་པ་ངོ་མཚར་ཆེ། །དཔལ་ལྡན་ཟླ་བ་གྲགས་པ་ཡི། །མཆོག་གསང་རྡོ་རྗེའི་སྙིང་པོའི་དོན། །རྟོགས་ཏེ་ཕོ་ཆེན་དྭངས་མའི་སྐུ། །སྐྱེ་ཤི་སྤངས་པ་ངོ་མཚར་ཆེ། །དཔལ་ལྡན་ཟླ་བ་གྲགས་པ་ཡི། །ཕྱོགས་རིས་མེད་པའི་ཐུགས་རྗེ་ཡི། །ཕྱི་མའི་མུ་མཐའ་ཐུག་པ་རུ། །འགྲོ་བ་སྒྲོལ་བ་ངོ་མཚར་ཆེ། །དཔལ་ལྡན་ཟླ་བ་གྲགས་པ་ཡི། །མཚན་ཙམ་ཐོས་པས་ཚེ་རབས་ཀུན། །རྨོངས་པའི་མུན་པ་སེལ་མཛད་ ཅིང་། །ཡེ་ཤེས་སྟེར་མ་ངོ་མཚར་ཆེ། །བྱམས་མགོན་སྙིང་རྗེའི་བློ་ཅན་ལ། གསོལ་བ་འདེབས་སོ་སྐྱེ་བོ་ཀུན། །མེ་ཡིས་མི་ཚིག་ཆུས་མི་ཁྱེར། །རླུང་གི་ འཐོར་བ་ག་ལ་ནུས། །དེ་ལྟར་ངོ་མཚར་ཚིགས་བཅད་ཀྱིས། །བསྟོད་པས་བདག་གཞན་འགྲོ་བ་རྣམས། །མགོན་པོ་ཁྱོད་ཀྱི་རྗེས་ཞུགས་ནས། །སྟོང་པ་ ཉིད་ནི་རྟོགས་པར་ཤོག །ཨོཾ་ཨ་ར་པ་ཙ་ན་དྷཱིཿ

དབྱངས་ཅན་མའི་བསྟོད་པ་ནི། ཡིད་འཕྲོག་པདྨ་དཀར་པོའི་འཛུམ་པའི་ཞལ། །ལེགས་གསུང་འོད་ཟེར་སྟོང་གི་དྲྭ་བ་ཅན །སྙིང་གི་མུན་སེལ་བློ་གྲོས་མཆོག་སྩོལ་བའི། །དབྱངས་ཅན་ངག་གི་དཔལ་མོ་ལ་ཕྱག་འཚལ། །བྲི་ཀློག་སྒྲ་དང་རིག་པའི་གཞི་བཟུང་ནས། །ཤེས་ བྱའི་ཆོས་ཀུན་བློ་ཡི་བང་མཛོད་དུ། །འཛུད་པའི་གསོག་འཇོག་འདི་ལ་ཡིད་རྟོན་ཅིང་། །ཀུན་ཀྱང་ཐེག་གསུམ་ཆོས་ཀྱི་ཕྱུག་གྱུར་ཅིག །ཐོས་བསམ་བསྒོམ་པའི་ཤེས་རབ་འཕེལ་དུ་གསོལ། །འཆད་རྩོད་རྩོམ་པའི་བློ་གྲོས་རྒྱས་སུ་གསོལ། །མཆོག་དང་མཐུན་མོང་དངོས་གྲུབ་སྩོལ་དུ་གསོལ། །མྱུར་དུ་ཁྱོད་རང་ལྟ་བུ་བྱིན་གྱིས་རློབས། །གང་ཚེ་བལྟ་བར་འདོད་པའམ། །ཅུང་ཟད་འདྲི་བར་འདོད་ན་ཡང༌། །མགོན་པོ་འཇམ་དབྱངས་ཁྱེད་ཉིད་ནི། །གེགས་མེད་པ་ཡང་མཐོང་བར་ཤོག །བརྩེ་ལྡན་ཁྱེད་ཀྱི་མཁྱེན་རབ་འོད་ཟེར་གྱིས། །བདག་བློའི་གཏི་མུག་ མུན་པ་རབ་བསལ་ནས། །བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི།བློ་གྲོས་སྤོབས་པའི་སྣང་བ་སྩལ་དུ་གསོལ། །ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེ་ཞིང་ལ་མི་གནས་པར། །མྱ་ངན་འདས་དང་འཁོར་མི་གནས། ། འཇམ་དབྱངས་ཐུགས་ཀྱི་དངོས་གྲུབ་སྩོལ། །ཕྱོགས་བཅུས་ནམ་མཁའི་ མཐས་གཏུགས་པའི། །སེམས་ཅན་ཀུན་དོན་བསྒྲུབ་བྱའི་ཕྱིར་། །ཇི་ལྟར་འཇམ་དབྱངས་སྤྱོད་མཛད་པ། །བདག་སོགས་སྤྱོད་པའང་དེ་འདྲར་ཤོག །བདག་ སོགས་འཇམདབྱངས་བཀྲིན་གྱིས། །ས་རབ་དགའ་བ་ཐོབ་པར་ཤོག །རྟག་ཏུ་ཚེ་རབ་དྲན་པ་དང་། །རབ་ཏུ་འབྱུང་བར་ཐོབ་པར་ཤོག །འདི་སྒྲུབ་པ་ལས་ འབྱུང་བ་ཡི། །དགེ་བ་བདག་གི་གང་ཐོབ་པ། །དེ་ནི་སྐྱེ་བ་མ་ལུས་པ། །འཇམ་ དབྱངས་ཤེས་རབ་ཐོབ་པར་ཤོག །ཨོཾ་ཡོན་ཏན་རྒྱལ་པོ་སྐུ་མདོག་གསེར་དང་ མཚུངས། །ཤེས་རབ་ཆེན་པོའི་རྟགས་སུ་རལ་གྲི་བསྣམས། །འཕགས་པ་འཇམ་དཔལ་བཀྲིས་གང་ཡིན་པ་། །བཀྲིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག

སྨན་བླའི་ཆོ་ག་བཻཌཱུརྱའི་ཆུ་རྒྱུན་ནི། ན་མོ་དཀོན་མཆོག་གསུམ་དང་རྩ་བ་གསུམ། །སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི། །འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། ལན་གསུམ། ཀ་དག་ཀློང་ནས་སྤྲུལ་པ་ཡིས༔ གནམ་ས་གང་བའི་མཆོད་ པའི་སྤྲིན༔ མནྡལ་རྒྱལ་སྲིད་ལྷ་མོར་བཅས༔ ཟད་མེད་འགྱུར་ཅིག་པཱུ་ཛ་ཧོ༔ འགྲོ་ཀུན་བདེ་ལྡན་སྡུག་བསྔལ་བྲལ༔ བདེ་ལས་ཉམས་མེད་བཏང་སྙོམས་ཤོག ༔ཨོཾ་སྭ་བྷ་ཝ་ཤུ་དྡྷ་སརྦ་དྷརྨ་སྭ་བྷ་ཝ་ཤུ་དྡྷོཉ་ཧཾསྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་སྟོང་གསུམ་འདི་ལྟ་ན་སྡུག་གི་ཕོ་བྲང་དུ་གྱུར་པའི་ནང་དུ་སེངྒེའི་ཁྲི་ པད་ཟླ་སོ་སོའི་སྟེང་དུ༔ རང་ཉིད་དང་མདུན་བསྐྱེད་ཀྱི་གཙོ་བོའི་ས་བོན་ཧཱུཾ་ མཐིང་ག་ལས༔ སྨན་བླ་སྐུ་མདོག་བཻཌཱུརྱ་ལྟ་བུ་འོད་ཟེར་འཕྲོ་བའི་སྐུ་ཅན་ཆོས་ གོས་གསུམ་གྱིས་ཀླུབས་པ་ཕྱག་གཡས་མཆོག་སྦྱིན་ཨ་རུ་ར་དང༔ གཡོན་ མཉམ་བཞག་ལྷུང་བཟེད་ཟིན་པ༔ མཚན་དཔེ་རྫོགས་ཤིང་རྡོ་རྗེ་སྐྱིལཀྲུང་ གིས་བཞུགས་པ༔ ཁྱད་པར་དུ་མདུན་བསྐྱེད་འདབ་མ་རྣམས་ལ་ཐུབ་དབང་ལ་ སོགས་པའི་སངས་རྒྱས་བདུན་དང་ཆོས་པུ་སྟི༔ དེ་རྒྱབ་སེམས་དཔའ་བཅུ་ དྲུགཿ དེ་རྒྱབ་འཇིག་རྟེན་སྐྱོང་བ་བཅུ་དང་སྡེ་དཔོན་བཅུ་གཉིས་སོ་སོའི་ འཁོར་དང་བཅས་པ༔ སྒོ་བཞི་ལ་རྒྱལ་པོ་ཆེན་པོ་བཞི་དང་བཅས་པའི་གནས་ གསུམ་ཡི་གེ་གསུམ་དང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ ཤར་ཕྱོགས་ ཀྱི་སངས་རྒྱས་སོ་སོའི་ཞིང་ཁམས་ནས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ནས་བདག་མདུན་རྣམས་ལ་ཐིམ་པ་འགྱུར༔ ཧཱུྃ༔ སྨན་བླ་མཆེད་བརྒྱད་ ལྷ་ཚོགས་མ་ལུས་རྣམས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་ གསོལ༔ སྐལ་ལྡན་དད་ལྡན་བདག་ལ་དབང་མཆོག་བསྐུར༔ ལོག་འདྲེན་ ཚེ་ཡི་བར་ཆད་བསལ་དུ་གསོལ༔ན་མོ་མཧཱ་བྷཻ་ཥ་ཛྱ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔བཛྲ་ས་མ་ཡ་ཏིཥྠ་ལྷན༔ཨོཾ་ཧཱུྃ་ཏྲྭྃ་ཧྲི༔ཨ་བྷི་ཉྩ་ཧཱུྃ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ བདག་གི་ ལྷ་ལ་མཆོད་པ་འབུལ༔ བདག་ཅག་ཚོགས་གཉིས་རྫོགས་པར་ཤོག༔ ཨརྒྷཾ། པདྱཾ། པུཥྤེ། དྷུ་པེ། ཨ་ལོ་ཀེ གནྡྷེ། ནཻ་ཝིདྱ། རཱུ་པ། ཤཔྟ། གནྡྷེ། རཱ་ས། སྤརྴེ། པྲ་ཏི་ཙྪ་ཧཱུྃ༔ ཧཱུྃ བཀྲིས་གཙོ་བོ་རྫས་བརྒྱད་དེ༔ གཙོ་བོ་མཆོག་ རྒྱལ་པོ་ཡུངས་ཀར་སོགས༔་ བདག་གི་ལྷ་ལ་མཆོད་པ་འབུལ༔ ཚོགས་ གཉིས་ཡོངས་སུ་རྫོགས་པར་ཤོག༔ མངྒ་ལཾ་ཨརྠ་སི་དྡྷི་ཧཱུྃ༔  ཧཱུྃ༔ བཀྲིས་ གཙོ་བོ་རྟགས་བརྒྱད་དེ༔ གཙོ་བོ་མཆོག་རྒྱལ་པོ་བུམ་པ་སོགས༔ བདག་གི་ ལྷ་ལ་མཆོད་པ་འབུལ༔ སེམས་ཅན་ཚོགས་གཉིས་རྫོགས་པར་ཤོག༔ མངྒ་ལཾ་ ཀུམྦྷ་ཧཱུྃ༔ ཧཱུྃ༔ འདོད་ཡོན་རྩ་བ་རིན་ཆེན་བདུན༔ གཙོ་བོ་མཆོག་ རྒྱལ་པོ་ནོར་བུ་སོགས༔ བདག་གི་ལྷ་ལ་མཆོད་པ་འབུལ༔ བདག་ནི་ཚོགས་ ནི་རྫོགས་པར་ཤོག༔ ཨོཾ་མ་ཎི་རཏྣ་ཧཱུྃ ཧཱུྃ༔ ཀུན་གྱི་གཙོ་བོ་རི་རབ་གླིང་༔ རི་རབ་གླིང་བཞི་གླིང་ཕྲན་བཅས༔ བདག་གི་ལྷ་ལ་མཆོད་པ་འབུལ༔ ཚོགས་ གཉིས་ཡོངས་སུ་རྫོགས་པར་ཤོག༔ ཨོཾ་རཏྣ་མནྜ་ལ་ཧཱུྃ༔ ཧཱུྃ༔ བདག་གི་ དྲི་ལྡན་དྲི་ཆབ་ཀྱིས༔ བདེ་གཤེགས་སྐུ་ལ་སྐུ་ཁྲུས་གསོལ༔ ལྷ་ལ་དྲི་ མ་མི་མངའ་ཡང་༔ སྡིག་སྒྲིབ་དག་པའི་རྟེན་འབྲེལ་བགྱི༔ ཨོཾ་སརྦ་ཏ་ཐཱ་ ག་ཏ་ཨ་བྷི་ཥི་ཀ་ཏེ་ས་མ་ཡ་ཤྲཱི་ཡེ༔ ཧཱུྃ༔ རས་དཀར་འཇམ་དྲི་ལྡན་པ་ཡིས༔ རྒྱལ་བའི་སྐུ་ཉིད་ཕྱི་བར་བགྱི༔ ལྷ་ལ་དྲི་མ་མི་མངའ་ཡང༔ སྡུག་བསྔལ་ བྲལ་བའི་རྟེན་འབྲེལ་བགྱི༔ ཨོཾ་ཀཱ་ཡ་བི་ཤོ་དྷ་ནི་ཧཱུྃ༔ ཧཱུྃ༔ ན་བཟའ་མཛེས་ ལྡན་ངུར་སྨྲིག་འདི༔ རྒྱལ་བའི་སྐུ་ལ་གསོལ་བར་བགྱི༔ སྐུ་ལ་བསིལ་བ་མི་ མངའ་ཡང༔ བཀྲག་མདངས་འཕེལ་བའི་རྟེན་འབྲེལ་བགྱི༔ཨོཾབཛྲ་ཝསྟྲ་ཨཱ་ཧཱུྃ༔ ཧཱུྃ༔ སྐུ་མདོག་བཻ་ཌཱུརྱ་ཡི་རི་བོ་དྲ༔ འགྲོ་བ་སེམས་ཅན་ནད་ཀྱི་སྡུག་བསྔལ་ སེལ༔ བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་འཁོར་གྱིས་བསྐོར༔ རིན་ཆེན་སྨན་ འཛིན་ལྷ་ལ་ཕྱག་འཚལ་བསྟོད༔ མཚན་ལེགས་རིན་ཆེན་ཟླ་གསེར་བཟང་མྱ་ ངན་མེད༔ ཆོས་བསྒྲགས་རྒྱ་མཚོ་ཆོས་བློ་ཤཱཀྱ་ཐུབ༔ དམ་པའི་ཆོས་དང་ སེམས་དཔའ་བཅུ་དྲུག་སོགས༔ དཀོན་མཆོག་རིན་ཆེན་གསུམ་ལ་ཕྱག་འཚལ་ བསྟོད༔ ཚངས་དང་བརྒྱ་བྱིན་རྒྱལ་ཆེན་ཕྱོགས་སྐྱོངས་བཅུ༔ གནོད་སྦྱིན་སྡེ་ དཔོན་བཅུ་གཉིས་གཡོག་དང་བཅས༔ ལྷ་མི་སྨིན་གྱི་རིག་འཛིན་དྲང་སྲོང་ ཚོགས༔ བདུད་རྩི་སྨན་གྱི་ལྷ་ལ་ཕྱག་འཚལ་བསྟོད༔ བདག་མདུན་ཐུགས་ ཀར་ཧཱུྃ་ལས་སྔགས་ཕྲེང་གིས་བསྐོར་བར་གྱུར༔ ཏངྱཐཱ༔ ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་ མ་ཧཱ་བྷཻ་ཥ་ཛྱེ་རཱ་ཛ་ས་མུཏྒ་ཏེ་སྭཱཧཱ༔ ཞེས་ཅི་ནུས་བཟླས་པ། མེ་ཏོག་བདུག་སྤོས་མར་མེ་དྲི༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ བདག་གི་ ལྷ་ལ་མཆོད་པ་འབུལ༔ བདག་ཅག་ཚོགས་གཉིས་རྫོགས་པར་ཤོག༔ ཨརྒྷཾ། པདྱཾ། པུཥྤེ། དྷུ་པེ། ཨ་ལོ་ཀེ གནྡྷེ། ནཻ་ཝིདྱ། རཱུ་པ། ཤཔྟ། གནྡྷེ། རཱ་ས། སྤརྴེ། པྲ་ཏི་ཙྪ་ཧཱུྃ༔ ཧཱུྃ༔ སྐུ་མདོག་བཻཌཱུརྱ་ཡི་རི་བོ་འདྲ༔ འགྲོ་བ་སེམས་ ཅན་ནད་ཀྱི་སྡུག་བསྔལ་སེལ༔ བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་འཁོར་གྱིས་ བསྐོར༔ རིན་ཆེན་སྨན་འཛིན་ལྷ་ལ་ཕྱག་འཚལ་བསྟོད༔ མཚན་ལེགས་རིན་ ཟླ་གསེར་བཟང་མྱ་ངན་མེད༔ ཆོས་བསྒྲགས་རྒྱ་མཚོ་ཆོས་བློ་ཤཱ་ཀྱ་ཐུབ༔ དམ་ པའི་ཆོས་དང་སེམས་དཔའ་བཅུ་དྲུག་སོགས༔ དཀོན་མཆོག་རིན་ཆེན་གསུམ་ ལ་ཕྱག་འཚལ་བསྟོད༔ ཚངས་དང་བརྒྱ་བྱིན་རྒྱལ་ཆེན་ཕྱོགས་སྐྱོང་བཅུ༔ གནོད་སྦྱིན་སྡེ་དཔོན་བཅུ་གཉིས་གཡོག་དང་བཅས༔ ལྷ་མི་སྨན་གྱི་རིག་ འཛིན་དྲང་སྲོང་ཚོགས༔བདུད་བརྩི་སྨན་གྱི་ལྷ་ལ་ཕྱག་འཚལ་བསྟོད༔ ༈ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས༔ མཚན་ཙམ་ཐོས་པས་ངན་འགྲོའི་ སྡུག་བསྔལ་སེལ༔ དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ༔ བེཌཱརྱ་ཡི་ འོད་ལ་ཕྱག་འཚལ་བསྟོད༔ སྐུ་གསུམ་མནྡལ་ནི། ཨོཾ་ཨཱ་ཧཱུྃ༔སྟོང་གསུམ་འཇིག་རྟེན་བྱེ་བ་ ཕྲག་བརྒྱའི་ཞིང༔ རིན་ཆེན་སྣ་བདུན་ལྷ་མིའི་འབྱོར་པས་གཏམས༔ བདག་ ལུས་ལོངས་སྤྱོད་བཅས་པ་ཡོངས་འབུལ་གྱིས༔ ཆོས་ཀྱི་འཁོར་ལོས་སྒྱུར་ བས་སྲིད་ཐོབ་ཤོག༔ འོག་མིན་བདེ་ཆེན་སྟུག་པོ་བཀོད་པའི་ཞིང༔ ངེས་ པ་ལྔ་ལྡན་རིགས་ལྔའི་ཚོམ་བུ་ཅན༔ འདོད་ཡོན་མཆོད་པའི་སྤྲིན་ཕུང་བསམ་ ཡས་པ༔ ཕུལ་བས་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ སྣང་སྲིད་རྣམ་དག་ གཞོན་ནུ་བུམ་པའི་སྐུ༔ ཐུགས་རྗེ་མ་འགགས་ཆོས་ཉིད་རོལ་པའི་སྐུ༔ སྐུ་དང་ ཐིག་ལེའི་འཛིན་པ་རྣམ་དག་ཞིང༔ ཕུལ་བས་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག༔  

༈ སྡིག་ལྟུང་ཀུན་གཤགས་དགེ་བ་བྱང་ཆུབ་བསྔོ༔ ནད་གདོན་སྡུག་བསྔལ་ བྲལ་བའི་བཀྲིས་ཤོག༔ འཇིག་རྟེན་པ་རྣམས་རང་གནས་བཛྲ་མུ༔ ཡེ་ཤེས་ དམ་ཚིག་ལྷ་རྣམས་བདག་ལ་ཐིམ༔ ཀ་དག་ཀུན་བཟང་ཀློང་དུ་ཨེ་མ་ཧོ༔ སེམས་ཅན་ནད་པ་ཇི་སྙེད་པ་༔ མྱུར་དུ་ནད་ལས་ཐར་གྱུར་ཅིག༔ འགྲོ་བའི་ ནད་རྣམས་མ་ལུས་པ༔ རྟག་ཏུ་འབྱུང་བ་མེད་པར་ཤོག༔ སངས་རྒྱས་ རྣམས་ཀྱི་ཡོངས་བཟུང་ཞིང༔ བདུད་ཀྱི་ལས་རྣམས་སྤང་བར་ཤོག༔ སེམས་ ཅན་དེ་དག་ཐམས་ཅད་ཀྱི༔ ཚེ་ཡང་དཔག་མེད་རིང་བར་ཤོག༔ བསོད་ ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད༔ ཐོབ་ནས་ཉེས་པའི་དགྲ་ རྣམས་ཕམ་བྱས་ཤིང༔ སྐྱེ་རྒ་ན་འཆི་རྦ་ཀློང་འཁྲུགས་པ་ཡི༔ སྲིད་པའི་མཚོ་ ལས་འགྲོ་རྣམས་སྒྲོལ་བར་ཤོག༔ དགེ་བ་འདི་ཡིས་མྱུར་དུ་བདག སྨན་བླ་ཆེད་བརྒྱད་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག ། ཁྱོད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས༔  བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ༔ ནད་གདོན་དབུལ་ཕོངས་ འཐབ་རྩོད་ཞི་བ་དང་༔  ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ༔

རླུང་རྟ་ཡར་བསྐྱེད་བསངས་མཆོད།  ཨོཾ་སྭ་བྷ་ཝ་ཤུ་དྡྷ་སརྦ་དྷརྨ་སྭ་བྷ་ཝ་ཤུ་དྡྷོཉ་ཧཾྃ༔ སྟོང་པ་ཉིད་དུ་གྱུར་སྟོང་པའི་ངང་ལས་སངས་མཆོད་དུད་སྤྲིན་བསམ་གྱི་མི་ཁྱབ་པས་ས་དང་བར་སྣང་ནམ་མཁའི་ཁྱོན་ཐམས་ཅན་ཡོངས་སུ་གང་ཞིག་འཇིག་ རྟེན་དང་འཇིག་རྟེན་ལས་འདས་པའི་མགྲོན་འཁོར་དང་བཅས་པའི་དབང་པོ་ཚིམ་གྱུར་ཅིག ཨོཾ་ཨཱ༔ཧཱུཾ༔ ལན་གསུམ་བརྗོད། ཀྱེ༔ བསངས་མཆོད་ཕུན་སུམ་ཚོགས་ པ་འདི༔ སངས་རྒྱས་ཆོས་དང་དགེ་འདུན་དང་༔ བླ་མ་ཡི་དམ་མཁའ་འགྲོ་ དང་༔ ཆོས་སྐྱོང་ནོར་ལྷ་གཏེར་བདག་དང་༔ བདག་ལ་སྲུང་ཞིང་སྐྱོབས་པ་ རྣམས༔ སངས་མཆོད་རྒྱ་ཆེན་འདི་ཞེས་ལ༔ རླུང་རྟ་དར་བའི་གདོང་གྲོགས་ མཛོད༔   ཀྱེ༔ དབུས་ཀྱི་ཕྱོགས་ན་གནས་པའི་ལྷ༔ རླུང་རྟ་དར་བའི་དགྲ་ ལྷ་ནི༔ རྟ་མཆོག་རྒྱལ་པོ་བྷ་ལ་ཧ༔ མྱུར་མགྱོགས་ཆེ་བའི་དགྲ་ལ་བསངས༔ བདག་གི་རླུང་རྟ་དར་བར་མཛོད༔ རྒུད་པའི་རླུང་རྟ་བསྐྱེད་དུ་གསོལ༔ ཀྱེ༔ ཤར་གྱི་ཕྱོགས་ན་གནས་པའི་ལྷ༔ རླུང་རྟ་དར་བའི་དགྲ་ལྷ་ནི༔ དུང་སེང་ གཡུ་ཡི་རལ་པ་ཅན༔ དཔའ་རྩལ་ཆེ་བའི་དགྲ་ལ་བསངས༔ བདག་གི་རླུང་ རྟ་དར་བར་མཛོད༔ རྒུད་པའི་རླུང་རྟ་བསྐྱེད་དུ་གསོལ༔ ཀྱེ༔ ལྷོ་ཡི་ཕྱོགས་ ན་གནས་པའི་ལྷ༔ རླུང་རྟ་དར་བའི་དགྲ་ལྷ་ནི༔ གཡུ་འབྲུག་བཟང་གི་ཟེས་པ་ ཅན༔ ངར་སྐད་ཆེ་བ་དགྲ་ལ་བསངས༔ བདག་གི་རླུང་རྟ་དར་བར་མཛོད༔ རྒུད་པའི་ རླུང་རྟ་བསྐྱེད་དུ་གསོལ༔་ ཀྱེ༔ ནུབ་ཀྱི་ཕྱོགས་ན་གནས་པའི་ལྷ༔ རླུང་རྟ་དར་བའི་དགྲ་ལྷ་ནི༔ རྒྱ་སྟག་ཚལ་གྱི་ཐིག་ལེ་ཅན༔ དཔའ་རྔམ་ཆེ་བའི་ དགྲ་ལྷ་ནི༔ བདག་གི་རླུང་རྟ་དར་བར་མཛོད༔ རྒུད་པའི་རླུང་རྟ་བསྐྱེད་དུ་ གསོལ༔ ཀྱེ༔ བྱང་གི་ཕྱོགས་ན་གནས་པའི་ལྷ༔ རླུང་རྟ་དར་བའི་དགྲ་ ལྷ་ནི༔ ཁྱུང་ཆེན་ནོར་བུའི་ཐོར་གཙུག་ཅན༔ སྟོབས་ཤུགས་ཅན་གྱི་དགྲ་ལྷ་ནི༔ བདག་གི་རླུང་རྟ་དར་བར་མཛོད༔ རྒུད་པའི་རླུང་རྟ་བསྐྱེད་དུ་གསོལ༔་ ཀྱེ༔ ཕྱོགས་བཞི་མཚམས་ན་གནས་པའི་ལྷ༔ འབྱུང་བ་ལྔ་ཡི་ལྷ་རྣམས་བསངས༔ འབྱུང་བའི་རླུང་རྟ་དར་བར་མཛོད༔ རྒུད་པའི་རླུང་རྟ་བསྐྱེད་དུ་གསོལ༔ སྤར་ ཁ་བརྒྱད་ཀྱི་ལྷརྣམས་བསངས༔ སྤར་ཁའི་རླུང་རྟ་དར་བར་མཛོད༔ རྒུད་པའི་ རླུང་རྟ་བསྐྱེད་དུ་གསོལ༔ སྨེ་བ་དགུ་ཡི་ལྷ་རྣམས་བསངས༔ སྨེ་བའི་རླུང་རྟ་ དར་བར་མཛོད༔ རྒུད་པའི་རླུང་རྟ་བསྐྱེད་དུ་གསོལ༔ ལོ་ཟླ་ཞག་དུས་ལྷ་ རྣམས་བསངས༔ ལོ་ཟླའི་རླུང་རྟ་དར་བར་མཛོད༔ རྒུད་པའི་རླུང་རྟ་བསྐྱེད་དུ་ གསོལ༔ འགོ་བའི་ལྷ་དང་སྐྱོབ་པའི་ལྷ༔ ཕོ་ལྷ་མོ་ལྷ་ཞང་ལྷ་དང༔ དགྲ་ལྷ་ ཡུལ་ལྷ་རྣམས་ཀྱང་བསངས༔ བདག་གི་རླུང་རྟ་དར་བར་མཛོད༔ རྒུད་པའི་ རླུང་རྟ་བསྐྱེད་དུ་གསོལ༔ བསྐྱེད་ཅིག་རླུང་རྟ་ཡར་ལ་བསྐྱེད༔ ལུས་ལ་གཟི་ འོད་དཔའ་རྩལ་ཅན༔ ངག་ལ་བརྟེན་པའི་ནུས་མཐུ་བསྐྱེད༔ སེམས་ལ་བདེ་ བའི་གཏིང་འཛིན་བསྐྱེད༔ ནད་གདོན་བར་ཆད་ཞི་བར་མཛོད༔ ཚེ་བསོད་ སྟོབས་འབྱོར་འཕེལ་ཞིང་རྒྱས༔ སྣང་སྲིད་དབང་བསྡུད་དགྲ་བགེགས་སྒྲོལ༔ ཕྱོགས་ལས་རྒྱལ་བའི་རྒྱལ་མཚན་ཕྱོར༔ འདོད་པའི་དོན་ཀུན་འགྲུབ་པ་དང༔ རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ༔ བདག་ཅག་ལྷ་ངོ་རྒྱལ་འགྱུར་ཅིག༔ ནག་ཕྱོགས་ བདུད་རིགས་འཆམ་ལ་ཕོབ༔ བཅོལ་བའི་འཕྲིས་འགྲུབ་པར་མཛོད༔ ཨོཾ་སརྦ་ བྷི་ཛ་ཡ༔ས་མ་ཡ༔གྷི་ཛ་ཡ་ས་དྷི་ས་ཏྲ་ཁྱིའུ་སརྦ་འདུ་འདུ་ཧོ༔ ཅེས་པ་འདིའང་རླུང་རྟ་སྡེ་བཞིའི་སྔགས་ནི་རིན་པོ་ཆེས་བྲིས་པའམ་རྒྱ་ནག་སྣག་རྩི་འབྲི་ནས་ལུས་ངག་ཡིད་གསུམ་གྱི་ཚེ་དཔལ་བསྐྱེད༔བཙུན་པ་ཡིན་ན་ཡོན་ ཏན་རྒྱས༔ སྐྱེ་བོ་ཡིན་ན་དོན་འགྲུབ༔ ཚོང་དང་དགྲ་ལས་རྒྱལ་ལོ༔ ཅེས་པ་འདིའང་རིག་འཛིན་ཆེན་པོ་ཆིལ་པའི་རྡོ་རྗེའི་གཏེར་ལས་བྱུང་ངོ༔ ཨོཾ་ཡེ་དྷརྨ་ཧེཏུ་པྲ་བྷ་ཝ་ཧེ་ཏུན་ཏེ་ཏེ་ཥཱེནྟ་ཐཱ་ག་ཏོ་ཧྱ་ཝ་ད་ཏ་ཏེ་ཥཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་ཏི་མཧ་ཤྲཱ་མ་ཎ་ཡེ་སྭ་ཧཱ། བདག བྱི་བ གླང སྟག ཡོས འབྲུག སྦྲུལ རྟ ལུག སྤྲེལ བྱ ཁྱི ཕག ལ་སོགས་པའི་སྲོག་ལུས་དབང་ཐང་ཡར་བསྐྱེད་ཅིག

༈  རླུང་རྟ་བསྡུས་པ་ནི། 

ཨོཾ།ཕྱོགས་བཅུའི་ཞིང་བཞུགས་དཀོན་མཆོག་རྩ་བ་གསུམ། །ནོར་ལྷ་གཏེར་ བདག་དམ་ཅན་གཞི་བདག་བཅས། །གུས་པས་ཕྱག་འཚལ་རྒྱུ་སྦྱོར༴པའི། ། སྲོག་ལུས་དབང་ཐང་རླུང་ཐང་ཟ་ཐང་ཀུན། །སྲིད་ན་ཆེ་བ་སྟག་སེང་ཁྱུང་འབྲུག་དང༌། །འདོད་དགུ་ལྷུན་གྲུབ་རྒྱལ་སྲས་རིན་ཆེན་བཞིན། །འབྱུང་ལྔའི་ལྷ་མོས་གྲོགས་བགྱིས་ཡར་ལ་འཕེལ། །རླུང་རྟ་ཕྱོགས་དུས་དར་ཤིང་རྒྱས་གྱུར་ཅིག །ཉམས་དང་རྒུད་པའི་རྐྱེན་རྣམས་དགྲ་ལ་ཟློག །ཆོས་སྲིད་ཕུན་ཚོགས་དགེ་མཚན་རྟག་འབར་ཤོག།ཚར་གསུམ། ཀྱཻ།ཚེ་དང་ལུས་དང་དབང་ཐང་སྲོག་རྣམས་དང༌། །ཁྱད་པར་རླུང་རྟ་ཕྱོགས་ བཅུར་འབར་བ་དང༌། །ཕྱི་དང་ནང་གི་འདོད་པའི་དོན་རྣམས་ཀུན། །བགེགས་མེད་མྱུར་དུ་འགྲུབ་པའི་འཕྲིན་ལས་མཛོད། །དགེ་བ་འདི་ཡིས་མྱུར་དུ་བདག །རླུང་རྟ་ཆེན་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག

རྒྱལ་མཚན་རྩེ་མོའི་དཔུང་རྒྱན་བསྡུས་པ་ནི།

ཨོཾ༔ ཐུབ་པའི་དབང་པོ་སུམ་ཅུ་རྩ་གསུམ་ན༔ ལྷ་དབང་ལྷ་མིན་ལས་རྒྱལ་ གཟུངས་གསུངས་པ༔ ལྷ་མོ་རྒྱལ་མཚན་རྩེ་མའི་དཔུང་རྒྱན་ལ༔ བདག་ཅག་ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ རྒྱལ་བས་གང་གསུངས་བདེན་ཚིག་ བསླུ་མེད་བཞིན༔ ཕ་རོལ་ཡུལ་སོགས་ཉེས་པ་ཀུན་ཟད་ཅིང༔ བདག་གི་ ཚེ་དཔལ་རླུང་རྟ་གོང་དུ་འཕེལ༔ བཀྲིས་བདེ་ལེགས་རྟགས་ཏུ་རྒྱས་པར་ མཛོད༔ ༔ཅེས་རང་སློབ་འཇམ་དཔལ་གྱི་ངོར བྱང་ནག་ཆུའི་མཚོ་མོ་ནས་ལམ་ལྷའི་ཆེད་དུ་དཔའ་བོ་ཆོས་དབྱིངས་རྡོ་རྗེས་སོཿ

གསོལ་འདེབས་བླ་མ་སྐུ་གསུམ་ནི།  

ཨེ་མ་ཧོཿསྤྲོལ་བྲལ་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སུ༔ ཆོས་ཉིད་དུས་གསུམ་ སྐྱེ་འགག་མེད་པའི་ངང་༔  བྱ་བྲལ་ལྷུན་རྫོགས་བདེ་བ་ཆེན་པའི་སྐུ༔  ནམ་ མཁའ་བཞིན་དུ་ཐུགས་རྗེ་ཕྱོགས་རིས་མེད༔ བླ་མ་ཆོས་ཀྱི་སྐུ་ལ་གསོལ་ བ་འདེབས༔  ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔  བདེ་ཆེན་ ལྷུན་གྱིས་གྲུབ་པའི་ཞིང་ཁམས་སུ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ ཀྱི༔  ཡེ་ཤེས་ལྔ་ལྡན་བདེ་བར་གཤེགས་པའི་སྐུ༔ ཐུགས་རྗེའི་བྱེ་བྲག་སྣ་ ཚོགས་སོ་སོར་སྟོན༔ བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས༔  ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔  མི་མཇེད་འཇིག་རྟེན་དག་ པའི་ཞིང་ཁམས་སུ༔  ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་ལ་བྱོན༔  གང་ལ་ གང་འདུལ་ཐབས་ཀྱིས་འགྲོ་དོན་མཛད༔ འདས་དང་མ་བྱོན་ད་ལྟ་དུས་ གསུམ་གྱི༔  བླ་མ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔  ཨོ་རྒྱན་པདྨ་འབྱུང་ གནས་ལ་གསོལ་བ་འདེབས༔ དགེ་སློང་ནམ་མཁའི་སྙིང་པོ་ལ་གསོལ་བ་ འདེབས༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ་གསོལ་བ་འདེབས༔ མཁའ་འགྲོ་ ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས༔ སྣ་ནམ་རྡོ་རྗེ་བདུད་འཇོམས་ལ་ གསོལ་བ་འདེབས༔ ལྷ་སྲས་མུ་ཁྲི་བཙན་པོ་ལ་གསོལ་བ་འདེབས༔ གཏེར་ སྟོན་བཟང་པོ་གྲགས་པ་ལ་གསོལ་བ་འདེབས༔ སྤྲུལ་སྐུ་རིག་འཛིན་ཆེན་པོ་ལ་ གསོལ་བ་འདེབས༔ ཀུན་སྤང་དོན་ཡོད་རྒྱལ་མཚན་ལ་གསོལ་བ་འདེབས༔ བརྒྱུད་འཛིན་བསོད་ནམས་མཆོག་བཟང་གསོལ་བ་འདེབས༔ འཁྲུལ་ཞིག་ཏྲ་ ཡ་ཀེ་ཏུ་ལ་གསོལ་བ་འདེབས༔ མཚན་ལྡན་ཏྲ་ཡ་བཛྲ་ལ་གསོལ་བ་འདེབས༔ མཁས་མཆོག་ཤཱཀྱའི་མཚན་ཅན་ལ་གསོལ་བ་འདེབས༔ ཆོས་རྗེ་བྷོ་དྷི་སིང་ ཧཱ་ལ་གསོལ་བ་འདེབས༔ སྤྲུལ་སྐུ་བཀྲིས་རྒྱ་མཚོ་ལ་གསོལ་བ་འདེབས༔ གྲུབ་དབང་སྟོན་པ་སེངྒེ་ལ་གསོལ་བ་འདེབས༔ སྤྲུལ་སྐུ་ཚོས་ཉིད་རྒྱ་མཚོ་ལ་ གསོལ་བ་འདེབས༔ འཁྲུལ་ཞིག་སྟོན་པ་རྒྱལ་མཚན་ལ་གསོལ་བ་འདེབས༔ རིག་འཛིན་ཀུན་བཟང་ཤེས་རབ་ལ་གསོལ་བ་འདེབས༔ པདྨ་ལྷུན་གྲུབ་རྒྱ་ མཚོ་ལ་གསོལ་བ་འདེབས༔ གྲུབ་དབང་པདྨ་ནོར་བུ་ལ་གསོལ་བ་འདེབས༔ ཀརྨ་ཆོས་དཔལ་བཟང་པོ་ལ་གསོལ་བ་འདེབས༔ འདྲེན་མཆོག་ཀརྨ་ལྷ་དབང་ ལ་གསོལ་བ་འདེབས༔ འགྱུར་མེད་ངེས་བདེན་བསྟན་འཛིན་ལ་གསོལ་བ་ འདེབས༔ པདྨ་མདོ་བསྔགས་བསྟན་འཛིན་ལ་གསོལ་བ་འདེབས༔ མདོ་ སྔགས་ཆོས་ཀྱི་ཉི་མ་ལ་གསོལ་བ་འདེབས༔ རིག་འཛིན་དཔལ་ཆེན་འདུས་ པ་ལ་གསོལ་བ་འདེབས༔ ཐུབ་བསྟན་ཆོས་ཀྱི་ཟླ་བ་ལ་གསོལ་བ་འདེབས༔ དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས༔ སྐུ་གསུམ་བརྒྱུད་པའི་བླ་མ་ལ་ གསོལ་བ་འདེབས༔ བླ་མ་སྐུ་ཁམས་བཟང་པོར་གསོལ་བ་འདེབས༔ མཆོག་ ཏུ་སྐུ་ཚེ་རིང་བར་གསོལ་བ་འདེབས༔ འཕྲིན་ལས་དར་ཞིང་རྒྱས་པར་གསོལ་ བ་འདེབས༔ བླ་མ་དང་འབྲལ་བར་མེད་པར་བྱིན་གྱི་རློབས།

ཧཱུཾ༔ བཞེངས་ཤིག་པདྨ་འབྱུང་གནས་མཁའ་འགྲོའི་ཚོགས༔ དགོངས་ཤིག་ ཕྱོགས་བཅུ་དུས་གསུམ་བདེ་གཤེགས་རྣམས༔ རྗེ་བཙུན་ཆེན་པོ་པདྨ་ཐོད་ཕྲེང་ རྩལ༔  རིག་འཛིན་མཁའ་འགྲོའི་གནས་ནས་གཤེགས་སུ་གསོལ༔  དབུ་སྐྲ་ མཛེས་པའི་ཐོར་ཚུགས་ཤིགས་སེ་ཤིག༔  རིན་ཆེན་རྒྱན་ཆ་མང་པོ་སི་ལི་ལི༔  དུར་ཁྲོད་རུས་པའི་རྒྱན་ཆན་ཁྲོ་ལོ་ལོ༔  སྒྲ་དང་རོལ་མོ་མང་པོ་འུ་རུ་རུ༔  ཡི་དམ་ལྷ་ཚོགས་ཧཱུཾ་སྒྲ་དི་རི་རི༔ མཁའ་འགྲོ་སྡེ་ལྔས་གར་བྱེད་ཤིགས་སེ་ ཤིག༔  གིང་ཆེན་དཔའ་བོས་བྲོ་བརྡུང་ཁྲབས་སེ་ཁྲབ༔  མ་མོ་མཁའ་འགྲོ་ སྤྲིན་ལྟར་ཐིབས་སེ་ཐིབ༔  ཆོས་སྐྱོང་སྡེ་བརྒྱད་ལས་བྱེད་ཁྱུགས་སེ་ཁྱུག༔ ཞུབ་ཆེན་སྟོང་གི་སྒྲ་སྐད་སི་ལི་ལི༔  གཡས་ན་ཕོ་རྒྱུད་ཐམས་ཅད་ཤ་ར་ར༔ གཡོན་ན་མོ་རྒྱུད་ཐམས་ཅད་ཤ་ར་ར༔  བར་སྣང་ཐམས་ཅད་དར་གདུགས་ ལྷབ་སེ་ལྷབ༔  དྲི་ཞིམ་སྤོས་ཀྱི་ངད་ལྡང་ཐུ་ལུ་ལུ༔  མཁའ་འགྲོ་གསང་ བའི་བརྡ་སྐད་དི་རི་རི༔  གིང་ཆེན་དཔའ་བོའི་བཤུག་གླུ་ཀྱུ་རུ་རུ༔  ཧཱུཾ་གི་ སྣང་གླུ་མང་པོ་དི་རི་རི༔  ཕཊ་ཀྱི་བརྡ་སྐད་དྲག་པོ་སངས་སེ་སང་༔ བདག་དང་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཐུགས་རྗེས་གཟིགས་ལ་ གནས་འདིར་གཤེགས་སུ་གསོལ༔ གནས་འདིར་ཐུགས་རྗེས་དགོངས་ཏེ་ གཤེགས་ནས་ཀྱང༌༔ བདག་གིས་བྱང་ཆུབ་སྙིང་པོ་མ་ཐོབ་པར༔  བགེགས་ དང་ལོག་འདྲེན་བར་ཆད་འདུལ་བ་དང་༔ མཆོག་དང་ཐུན་མོང་དངོས་གྲུབ་ སྩལ་དུ་གསོལ༔  འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་དུ་གསོལ༔

བསམ་པ་ལྷུན་གྲུབ་ནི། ཨེ་མ་ཧོ༔  ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ སྣང་བ་མཐའ་ཡས་ཐུགས་རྗེའི་བྱིན་རླབས་གཡོས༔ སྤྲུལ་སྐུ་པདྨ་འབྱུང་གནས་ བྱིན་བརླབས་ཏེ༔  འཛམ་བུའི་གླིང་དུ་འགྲོ་བའི་དོན་ལ་བྱོན༔  འགྲོ་དོན་ རྒྱུད་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་ འདེབས༔  བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔  རྒྱལ་པོ་ ཁྲི་སྲོང་ལྡེའུ་བཙན་མན་ཆད་ནས༔  ཆོས་རྒྱལ་གདུང་བརྒྱུད་མཐའ་ལ་མ་སྟོང་ བར༔  དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ བོད་ཀྱི་ཆོས་སྐྱོང་ རྒྱལ་པོའི་གཉེན་གཅིག་པུ༔  རྒྱལ་པོ་ཆོས་སྤྱོད་སྐྱོང་བའི་ཐུགས་རྗེ་ཅན༔ ཨོ་ རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་ བྱིན་གྱིས་རློབས༔  སྐུ་ནི་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད༔  ཐུགས་རྗེས་ བོད་ཀྱི་སེམས་ཅན་ཡོངས་ལ་གཟིགས༔  མ་རིག་ལོག་པའི་སེམས་ཅན་ འདྲེན་པའི་དཔལ༔ ཉོན་མོངས་གདུལ་དཀའི་སེམས་ཅན་ཐབས་ཀྱིས་འདུལ༔  བརྩེ་གདུང་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ ལ་གསོལ་བ་འདེབས༔  བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ༔ ནངས་རེ་དགོངས་རེ་བོད་ཀྱི་དོན་ ལ་བྱོན༔  ཉི་ཟེར་འཆར་སྡུད་མདངས་ལ་བཅིབས་ཏེ་བྱོན༔  ཡར་ངོ་ཚེས་ བཅུའི་དུས་སུ་དངོས་སུ་བྱོན༔  འགྲོ་དོན་སྟོབས་ཆེན་མཛད་པའི་ཐུགས་རྗེ་ ཅན༔  ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔  བསམ་པ་ལྷུན་ གྱིས་འགྲུབ་པར་བྱིན་གྱིས་རློབས༔  ལྔ་བརྒྱའི་ཐ་མ་རྩོད་དུས་སྙིགས་མ་ལ༔  སེམས་ཅན་ཐམས་ཅད་ཉོན་མོངས་དུག་ལྔ་རགས༔ ཉོན་མོངས་འབྱོལ་ཉོག་ དུག་ལྔ་རང་རྒྱུད་སྤྱོད༔  དེ་འདྲའི་དུས་ན་ཁྱེད་འདྲའི་ཐུགས་རྗེ་སྐྱོབས༔ དད་ ལྡན་མཐོ་རིས་འདྲེན་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་ གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཧོར་ སོག་འཇིགས་པའི་དམག་གིས་མཐའ་བསྐོར་ནས༔  ཆོས་འཁོར་གཉན་པོ་ འཇིག་ལ་ཐུབ་པའི་ཚེ༔  ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ལྷ་སྲིན་སྡེ་བརྒྱད་འཁོར་གྱིས་བསྐོར༔ ཧོར་སོག་དམག་དཔུང་བཟློག་ པར་ཐེ་ཚོམ་མེད༔  ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སེམས་ཅན་སྒྱུ་ལུས་འཇིག་ པའི་ནད་བྱུང་ཚེ༔  མི་བཟོད་སྡུག་བསྔལ་ནད་ཀྱིས་ཉེན་པ་ན༔  ཡིད་ཉིད་ཐེ་ ཚོམ་མེད་པར་གསོལ་བ་འདེབས༔  ཨོ་རྒྱན་སྨན་གྱི་བླ་དང་དབྱེར་མེད་པས༔ ཚེ་ཟད་མ་ཡིན་བར་ཆད་ངེས་པར་སེལ༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་ བ་འདེབས༔  བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔  འབྱུང་བ་ དགྲར་ལངས་ས་བཅུད་ཉམས་པའི་ཚེ༔ སེམས་ཅན་མུ་གེའི་ནད་ཀྱིས་ཉེན་པ་ ན༔ ཡིད་ཉིད་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་མཁའ་འགྲོ་ ནོར་ལྷའི་ཚོགས་དང་བཅས༔ དབུལ་ཕོངས་བཀྲེས་སྐོམས་སེལ་བར་ཐེ་ཚོམ་ མེད༔  ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔  བསམ་པ་ལྷུན་ གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལས་ཅན་འགྲོ་བའི་དོན་དུ་གཏེར་འདོད་ ན༔  དམ་ཚིག་ཟོལ་ཟོག་མེད་པའི་དཔའ་གདིང་གིས༔  ཡིད་ཉིད་ཐེ་ཚོམ་ མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ཡི་དམ་ལྷ་དང་དབྱེར་མེད་པས༔  ཕ་ ནོར་བུ་ཡིས་ལོན་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་ འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔  སྦས་ཡུལ་ ནགས་ཁྲོད་དབེན་ས་སྙོགས་པའི་ཚེ༔ ཁ་ཆར་བུ་ཡུག་འཚུབས་ཤིང་ལམ་ འགག་ན༔ ཡིད་ཉིད་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་གཞི་ བདག་གཉན་པོའི་འཁོར་གྱིས་བསྐོར༔  ཆོས་མཛད་ལ་སྣ་འདྲེན་པར་ཐེ་ཚོམ་ མེད༔  ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔  བསམ་པ་ལྷུན ་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྟག་གཟིག་དོམ་དྲེད་དུག་སྦྲུལ་མཆེ་བ་ ཅན༔  འབྲོག་ཆེན་འཇིགས་པའི་འཕྲང་ལ་འགྲིམས་པའི་ཚེ༔  ཡིད་ཉིད་ ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་དཔའ་བོ་གིང་དང་སྲུང་མར་ བཅས༔  གདུག་པའི་སེམས་ཅན་སྐྲོད་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་ འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་ གྱིས་རློབས༔ ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས༔  སྒྱུ་ལུས་ཉེན་ཅིང་ འཇིག་པའི་དུས་བྱུང་ཚེ༔  ཡིད་ཉིད་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་འབྱུང་བ་བཞི་ཡི་ལྷ་མོར་བཅས༔ འབྱུང་བ་རང་སར་ཞི་བ་ཐེ་ཚོམ་ མེད༔  ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔  བསམ་པ་ལྷུན་ གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལམ་སྲང་འཇིགས་པའི་འཕྲང་ལ་འགྲིམས་ པའི་ཚེ༔ བསད་ཁྱེད་ཇག་པ་ཆོམ་པོས་ཉེན་པ་ན༔  ཡིད་ཉིད་ཐེ་ཚོམ་མེད་ པར་གསོལ་བ་འདེབས༔ ཨོ་རྒྱན་ཕྱག་རྒྱ་བཞི་ཡི་དགོངས་པར་ལྡན༔  ཙོ་ར་ མི་རྒོད་རྔམ་སེམས་བརླག་པར་བྱེད༔  ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ ་བ་འདེབས༔  བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ གང་ཞིག་ བཤེད་མའི་དམག་གིས་མཐའ་བསྐོར་ནས༔ མཚོན་ཆ་རྣོན་པོས་འདེབས་ཤིང་ ཉེན་པ་ན༔  ཡིད་ཉིད་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་རྡོ་རྗེའི་ གུར་དང་ལྡན་པ་ཡིས༔  གཤེད་མ་བྲེད་ཅིང་མཚོན་ཆ་འཐོར་བར་འགྱུར༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་ པར་བྱིན་གྱིས་རློབས༔  ནམ་ཞིག་ཚེ་ཟད་འཆི་བའི་དུས་བྱུང་ཚེ༔  གནད་ གཅོད་སྡུག་བསྔལ་དྲག་པོས་ཉེན་པ་ན༔ ཡིད་ཉིད་ཐེ་ཚོམ་མེད་པར་གསོལ་བ་ འདེབས༔ ཨོ་རྒྱན་སྣང་བ་མཐའ་ཡས་སྤྲུལ་པ་སྟེ༔  བདེ་བ་ཅན་གྱི་ཞིང་དུ་ ངེས་པར་སྐྱེ༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔  བསམ་པ་ ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔  སྒྱུ་ལུས་གཡར་པོ་ཞིག་པའི་བར་ དོ་རུ༔  འཁྲུལ་སྣང་ཉིད་འཁྲུལ་སྡུག་བསྔལ་ཉེན་པ་ན༔  ཡིད་ཉིད་ཐེ་ཚོམ་ མེད་པར་གསོལ་བ་འདེབས༔ ཨོ་རྒྱན་དུས་གསུམ་མཁྱེན་པའི་ཐུགས་རྗེ་ཡིས༔ འཁྲུལ་སྣང་རང་སར་གྲོལ་བར་ཐེ་ཚོམ་མེད༔  ཨོ་རྒྱན་པདྨ་འབྱུང་གནས་ལ་ གསོལ་བ་འདེབས༔  བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ གཞན་ཡང་ལས་དང་རྐྱེན་གྱི་དབང་གྱུར་ཏེ༔  འཁྲུལ་སྣང་དངོས་པོར་ཞེན་ ཅིང་སྡུག་བསྔལ་ན༔  ཡིད་ཉིད་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་ རྒྱན་བདེ་ཆེན་རྒྱལ་པོའི་ངོ་བོ་སྟེ༔  སྡུག་བསྔལ་འཁྲུལ་པ་རྩད་ནས་གཞིག་ པར་བྱེད༔  ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ འགྲོ་དྲུག་སྡུག་བསྔལ་ཆེན་པོས་ཉེན་ པ་དང་༔  ཁྱད་པར་བོད་ཀྱི་རྗེ་འབངས་སྡུག་བསྔལ་ན༔  དད་གུས་མོས་ པའི་གདུང་ཤུགས་དྲག་པོ་ཡིས༔ ཡིད་ཉིད་ཐེ་ཚོམ་མེད་པར་གསོལ་བ་ འདེབས༔  ཨོ་རྒྱན་ཐུགས་རྗེས་འཕོ་འགྱུར་མེད་པར་གཟིགས༔  ཨོ་རྒྱན་ པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་ བྱིན་གྱིས་རློབས༔  ༄༅། །བསམ་ལྷུན་བསྡུས་པ་ཐུགས་རྗེའི་གློག་ཞགས་བཞུགས་སོ། ཨེ་མ་ཧོཿ དཀོན་མཆོག་རྩ་གསུམ་བདེ་ གཤེགས་ཀུན་འདུས་དཔལ། །སྙིགས་དུས་འགྲོ་བ་མགོན་མེད་སྐྱབས་གཅིག་པུ། །ཐུགས་རྗེ་གློག་ལྟར་མྱུར་བའི་ཐོད་ཕྲེང་རྩལ། །མ་ཧཱ་གུ་རུ་པདྨ་ཧེ་རུ་ཀར། །མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །དགྲ་གདོན་བགེགས་ དང་བར་ཆད་བྱད་ཕུར་ཟློགས། །མ་རུངས་རྒྱལ་བསེན་འབྱུང་པོ་དམ་ལ་ཐོག །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། ཞེས་པ་འདི་ཡང་དུས་རྟགས་མངོན་གྱུར་གྱི་སྐབས་སུ་འཕགས་ཡུམ་སྲས་ཀྱི་ཐུགས་བཞེད་ལྟར་ཐུགས་གཏེར་འཇའ་ལུས་རྡོ་རྗེས་སྨྲས་སོ། 

༄༅། །གུ་རུའི་གསོལ་འདེབས་བསམ་པ་མྱུར་འགྲུབ་མ་ནི། ཨེ་མ་ཧོ། མཚོ་དབུས་གེ་སར་པདྨའི་སྡོང་པོ་ལ། །སྐུ་ལྔ་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ལྷ། །རང་བྱུང་ཆེན་པོ་པདྨ་ཡབ་ཡུམ་ནི། །མཁའ་འགྲོའི་སྤྲིན་ཕུང་ འཁྲིགས་ལ་གསོལ་བ་འདེབས། །བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །ལས་ངན་སྤྱད་པའི་རྣམ་སྨིན་མཐུས་བསྐྱེད་པའི། །ནད་གདོན་བར་གཅོད་ དམག་འཁྲུགས་མུ་གེ་སོགས། །ཁྱོད་ཞལ་དྲན་པའི་མོད་ལ་ཟད་བྱེད་པའི།  ཞལ་བཞེས་སྙིང་ནས་བསྐུལ་ལོ་ཨོ་རྒྱན་རྗེ། །བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །དད་དང་ཚུལ་ཁྲིམས་གཏོང་ལ་གོམས་པ་དང༌། །ཐོས་པས་ རྒྱུད་གྲོལ་ཁྲེལ་ཡོད་ངོ་ཚ་ཤེས། །ཤེས་རབ་ཕུན་སུམ་ཚོགས་པའི་ནོར་བདུན་པོ།།སེམས་ཅན་ཀུན་གྱི་རྒྱུད་ལ་རང་ཞུགས་ནས། །འཇིག་རྟེན་བདེ་སྐྱིད་ལྡན་པར་དབུགས་འབྱིན་མཛོད། །བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །གང་ལ་ནད་དང་སྡུག་བསྔལ་མི་འདོད་རྐྱེན། །འབྱུང་པོའི་གདོན་དང་རྒྱལ་པོས་ཆད་པ་དང༌། །མེ་ཆུ་གཅན་གཟན་ལམ་འཕྲང་འཇིགས་པ་ཆེས། །ཚེ་ཡི་ཕ་མཐར་ གཏུགས་པའི་གནས་སྐབས་ཀུན། །སྐྱབས་དང་རེ་ས་གཞན་དུ་མ་མཆིས་པས། །ཐུགས་རྗེས་ཟུངས་ཤིག་གུ་རུ་ཨོ་རྒྱན་རྗེ། །བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། ཞེས་བོད་ཁམས་ནད་མུག་མཐའ་དམག་ཞི་ཞིང་བསྟན་འགྲོའི་བདེ་སྐྱིད་གསོ་བར་ཕན་ན་སྙམ་པ་དད་ལྡན་རྣམས་ཀྱིས་ཐུགས་ལ་གཞུགཅེས་པ་འདིའི་ཤླཽ་ཀ་དང་པོ་ཀུན་མཁྱེན་ཀློང་ཆེན་པའི་མཁའ་འགྲོ་ཡང་ཏིག་གི་རྒྱབ་ཆོས་ཟབ་དོན་རྒྱ་མཚོའི་སྤྲིན་ཕུང་གི་མཆོད་བརྗོད་ལས་བྱུང་ཞིང་། དེ་ཕྱིན་ཀུན་མཁྱེན་གཉིས་པ་རིག་འཛིན་འཇིགས་མེད་གླིང་པའི་རྡོ་རྗེའི་གསུང་བྱིན་རླབས་ཅན་ནོ། 

ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་ མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་ མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི༔ བྱིན་གྱི་ རློབས་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔

 ཨོ་རྒྱན་རིན་པོ་ཆེར་གསོལ་འདེབས། ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །འགལ་རྐྱེན་བར་ཆད་མི་འབྱུང་ཞིང༌།།མཐུན་རྐྱེན་བསམ་པ་འགྲུབ་པ་དང༌། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ།ཅེས་པ་འདི་ནི་གྲུབ་ཆེན་རིན་པོ་ཆེ་འཇིགས་མེད་ཕྲིན་ལས་འོད་ཟེར་མཁའ་སྤྱོད་དཔལ་གྱི་ཙ་རི་ཏྲར་ཕེབས་སྐབས་སློབ་དཔོན་རིན་པོ་ཆེ་ཞལ་གཟིགས་པའི་དུས་ཐོལ་བྱུང་དུ་གསུངས་པའི་གསོལ་འདེབས་བྱིན་རླབས་ཅན་ནོ། མངྒལཾ།།

༄༅། གསོལ་འདེབས་བར་ཆད་ལམ་སེལ་ནི། 

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་ འདེབས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས༔ སྤྲུལ་སྐུ་པདྨ་ འབྱུང་གནས་ལ་གསོལ་བ་འདེབས༔ བདག་གི་བླ་མ་ངོ་མཚར་སྤྲུལ་པའི་སྐུ༔ རྒྱ་གར་ཡུལ་དུ་སྐུ་འཁྲུངས་ཐོས་བསམ་མཛད༔ བོད་ཡུལ་དབུས་སུ་ཞལ་བྱོན་ དྲེགས་པ་བཏུལ༔ ཨོ་རྒྱན་ཡུལ་དུ་སྐུ་བཞུགས་འགྲོ་དོན་མཛད༔ ཐུགས་རྗེས་ བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་ སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་ བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སྐུ་ཡི་ངོ་མཚར་མཐོང་བའི་ཚེ༔ གཡས་པས་ རལ་གྲིའི་ཕྱག་རྒྱ་མཛད༔ གཡོན་པས་འགུགས་པའི་ཕྱག་རྒྱ་མཛད༔ ཞལ་ བགྲད་མཆེ་གཙིགས་གྱེན་ལ་གཟིགས༔ རྒྱལ་བའི་གདུང་འཛིན་འགྲོ་བའི་ མགོན༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས ་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་ སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་ དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་ སྐྱབས་སུ་མཆི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དམ་ཆོས་རིན་ཆེན་ གསན་པའི་ཚེ༔ སྐུ་གསལ་འོད་ཟེར་མདངས་དང་ལྡན༔ ཕྱག་གཡས་སྡེ་ སྣོད་གླེགས་བམ་བསྣམས༔ གཡོན་པས་ཕུར་པའི་པུསྟི་བསྣམས༔ ཟབ་མོའི་ ཆོས་རྣམས་ཐུགས་སུ་ཆུད༔ ཡང་ལེ་ཤོད་ཀྱི་པཎྜི་ཏ༔ ཐུགས་རྗེས་བདག་ལ ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་ བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་ བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་ དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ པདྨ་སིདྡྷི་ཧཱུྃ༔ དམ་ཅན་དམ་ལ་བཏགས་པའི་ཚེ༔ དྲི་མེད་གནས་མཆོག་ ཉམས་རེ་དགའ༔ རྒྱ་གར་བོད་ཡུལ་ས་མཚམས་སུ༔ བྱིན་གྱིས་བརླབས་ ནས་བྱོན་པའི་ཚེ༔ དྲི་བསུང་སྤོས་ངད་ལྡན་པའི་རི༔ མེ་ཏོག་པདྨ་དགུན་ ཡང་སྐྱེ༔ ཆུ་མིག་བྱང་ཆུབ་བདུད་རྩིའི་ཆུ༔ བདེ་ལྡན་དེ་ཡི་གནས་མཆོག་ཏུ༔ སྐྱེས་མཆོག་ཚུལ་བཟང་ཆོས་གོས་གསོལ༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་བསྣམས༔ གཡོན་པས་རིན་ཆེན་ཟ་མ་ཏོག༔ རཀྟ་བདུད་རྩིས་ནང་དུ་གཏམས༔ མཁའ་ འགྲོ་དམ་ཅན་དམ་ལ་བཏགས༔ ཡི་དམ་ཞལ་གཟིགས་དངོས་གྲུབ་བརྙེས༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ནུས་པས་བདག་སོགས་བར་ཆད་སོལ༔ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་ བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨཱཿཧཱུྃ་ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ རྒྱལ་བའི་བསྟན་པ་བཙུགས་པའི་ཚེ༔ གཡའ་རིའི་ ནགས་ལ་སྒྲུབ་པ་མཛད༔ བསྙེན་ཕུར་ནམ་མཁའི་དབྱིངས་སུ་འཕར༔ རྡོ་རྗེའི་ ཕྱག་རྒྱས་བླངས་ཤིང་བསྒྲིལ༔ བསྒྲིལ་ཞིང་ཙནྡན་ནགས་སུ་འཕང་༔ མེ་འབར་ འཁྲུགས་ཤིང་མཚོ་ཡང་སྐེམ༔ སྲིབ་ཀྱི་མུ་སྟེགས་ས་གང་བསྲེགས༔ ཡཀྴ་ ནག་པོ་རྡུལ་དུ་བརླག༔ འགྲན་གྱི་དོ་མེད་བདུད་ཀྱི་གཤེད༔ ཐུགས་རྗེས་ བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་ སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་ བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨཱཿཧཱུྃ་ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སྲིན་པོའི་ཁ་གནོན་མཛད་པའི་ཚེ༔ ཁྱེའུ་ཆུང་སྤྲུལ་ སྐུའི་ཆ་ལུགས་ཅན༔ ཡ་མཚན་གཟུགས་བཟང་ཁ་དོག་ལེགས༔ ཚེམས་ འགྲིགས་དབུ་སྐྲ་སེར་ལ་མཛེས༔ དགུང་ལོ་བཅུ་དྲུག་ལོན་པའི་ཚུལ༔ རིན་ ཆེན་རྒྱན་ཆ་སྣ་ཚོགས་གསོལ༔ ཕྱག་གཡས་འཁར་བའི་ཕུར་པ་བསྣམས༔ བདུད་དང་སྲིན་པོའི་ཁ་གནོན་མཛད༔ གཡོན་པས་སེང་ལྡེང་ཕུར་པ་བསྣམས༔ མོས་པའི་བུ་ལ་སྲུང་སྐྱོབ་མཛད༔ མགུལ་ན་ལྕགས་ཀྱི་ཕུར་པ་བསྣམས༔ ཡི་དམ་ལྷ་དང་གཉིས་སུ་མེད༔ གཉིས་མེད་སྤྲུལ་སྐུ་འཛམ་གླིང་རྒྱན༔ ཐུགས་ རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་ སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་ བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ འདྲེ་ཡི་ཡུལ་དུ་དགོངས་པའི་ཚེ༔ མེ་དཔུང་ ཤོད་ཀྱི་ས་གཞི་ལ༔ མདའ་རྒྱང་གང་གི་མཚོ་ནང་དུ༔ པདྨའི་སྟེང་དུ་བསིལ་ བསིལ་འདྲ༔ པདྨའི་ནང་ན་དགོངས་པ་མཛད༔ མཚན་ཡང་པདྨ་འབྱུང་ གནས་ཞེས༔ རྫོགས་པའི་སངས་རྒྱས་དངོས་སུ་བྱོན༔ དེ་འདྲའི་སྤྲུལ་སྐུ་ཡ་ མཚན་ཅན༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་ སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་ བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་ སྐྱབས་སུ་མཆི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བོད་ཀྱི་ཉི་མ་ མཛད་པའི་ཚེ༔ དད་ལྡན་འགྲོ་བ་འདྲེན་པའི་དཔལ༔ གང་ལ་གང་འདུལ་ སྐུར་བསྟན་ནས༔ གཙང་ཁ་ལ་ཡི་ལ་ཐོག་ཏུ༔ དགྲ་ལྷའི་དགེ་བསྙེན་དམ་ ལ་བཏགས༔ ཡུལ་ནི་ཚ་བའི་ཚ་ཤོད་དུ༔ ལྷ་ཡི་དགེ་བསྙེན་དྲེགས་པ་ཅན༔ ཉི་ཤུ་རྩ་གཅིག་དམ་ལ་བཏགས༔ མང་ཡུལ་དེ་ཡི་བྱམས་སྤྲིན་དུ༔ དགེ་སློང་ བཞི་ལ་དངོས་གྲུབ་གནང་༔ ཁྱད་པར་འཕགས་པའི་རིག་འཛིན་མཆོག༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་ དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་ བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་ མཆི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དཔལ་མོ་ཐང་གི་དཔལ་ཐང་དུ༔ བརྟན་མ་བཅུ་གཉིས་དམ་ལ་བཏགས༔ བོད་ཡུལ་ཁ་ལའི་ལ་ཐོག་ཏུ༔ གངས་ དཀར་ཤ་མེད་དམ་ལ་བཏགས༔ འདམ་ཤོད་ལྷ་བུའི་སྙིང་དྲུང་དུ༔ ཐང་ལྷ་ ཡར་ཞུད་དམ་ལ་བཏགས༔ ཧས་པོ་རི་ཡི་ཡང་གོང་དུ༔ ལྷ་སྲིན་ཐམས་ཅད་ དམ་ལ་བཏགས༔ ཆེ་བའི་ལྷ་འདྲེ་ཐམས་ཅད་ཀྱིས༔ ལ་ལས་སྲོག་གི་སྙིང་པོ་ ཕུལ༔ ལ་ལས་བསྟན་པ་བསྲུང་བར་བྱས༔ ལ་ལས་བྲན་དུ་ཁས་བླངས་བྱས༔ མཐུ་དང་རྫུ་འཕྲུལ་སྟོབས་པོ་ཆེ༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་ སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་ པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དམ་པ་ ཆོས་ཀྱི་བསྟན་པ་ནི༔ རྒྱལ་མཚན་ལྟ་བུར་བཙུགས་པའི་ཚེ༔ བསམ་ཡས་མ་ བཞེངས་ལྷུན་གྱིས་གྲུབ༔ རྒྱལ་པོའི་དགོངས་པ་མཐར་ཕྱིན་མཛད༔ སྐྱེས་ མཆོག་གསུམ་གྱི་མཚན་ཡང་གསོལ༔ གཅིག་ནི་པདྨ་འབྱུང་གནས་ཞེས༔ གཅིག་ནི་པདྨ་སམྦྷ་ཝ༔ གཅིག་ནི་མཚོ་སྐྱེས་རྡོ་རྗེ་ཞེས༔ གསང་མཚན་རྡོ་རྗེ་ དྲག་པོ་རྩལ༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་ སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས ་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་ སྐྱབས་སུ་མཆི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བསམ་ཡས་མཆིམས་ ཕུར་སྒྲུབ་པ་མཛད༔ རྐྱེན་ངན་ཟློག་ཅིང་དངོས་གྲུབ་གནང་༔ རྗེ་བློན་ཐར་པའི་ ལམ་ལ་བཀོད༔ གདོན་གཟུགས་བོན་གྱི་བསྟན་པ་བསྣུབས༔ ཆོས་སྐུ་དྲི་མེད་ རིན་ཆེན་བསྟན༔ སྐལ་ལྡན་སངས་རྒྱས་ས་ལ་བཀོད༔ ཐུགས་རྗེས་བདག་ ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་ བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་ བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨཱཿཧཱུྃ་བཛྲ་ གུ་རུ་པདྨ་སིདྡྷི་ཧཱུྃ༔ དེ་ནས་ཨོ་རྒྱན་ཡུལ་དུ་བྱོན༔ ད་ལྟ་སྲིན་པོའི་ཁ་གནོན་ མཛད༔ མི་ལས་ལྷག་གྱུར་ཡ་མཚན་ཆེ༔ སྤྱོད་པ་རྨད་བྱུང་ངོ་མཚར་ཆེ༔ མཐུ་དང་རྫུ་འཕྲུལ་སྟོབས་པོ་ཆེ༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་ སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་ པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སྐུ་གསུང་ ཐུགས་ལྡན་འགྲོ་བ་འདྲེན་པའི་དཔལ༔ སྒྲིབ་པ་ཀུན་སྤངས་ཁམས་གསུམ་ ས་ལེར་མཁྱེན༔ དངོས་གྲུབ་མཆོག་བརྙེས་བདེ་ཆེན་མཆོག་གི་སྐུ༔ བྱང་ ཆུབ་སྒྲུབ་པའི་བར་ཆད་ངེས་པར་སེལ༔ ཐུགས་རྗེས་བདག་ལ་བྱིན་གྱིས་ རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་ དངོས་གྲུབ་རྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་ དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ པདྨ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿ སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་པའང་རྩོད་བྲལ་དུས་བབས་ཀྱི་སྤྲུལ་པའི་གཏེར་སྟོན་ཆེན་པོ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་ཟླ་ཉིན་ཁ་ལ་རོང་སྒོའི་དཔལ་ཆེན་པོའི་ཞབས་འོག་ནས་སྤྱན་དྲངས་པའི་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཞལ་གདམས་སྙིང་བྱང་ཡིད་བཞིན་ནོར་བུ་ལས། ཕྱི་གསོལ་འདེབས་ཀྱི་སྒྲུབ་པ་ཁོལ་དུ་ཕྱུངས་པ་སྟེ། འདིས་ཀྱང་བསྟན་འགྲོའི་བར་ཆད་དང་རྒུད་པ་ཐམས་ཅད་ཉེ་བར་ཞི་ཞིང་དགེ་ལེགས་ཀྱི་དོན་ཐམས་ཅད་ཡོངས་སུ་གྲུབ་པའི་རྒྱུར་གྱུར་ཅིག། །། ༄༅། །བར་ཆད་ལམ་སེལ་ཤིན་ཏུ་བསྡུས་པ་བཞུགས་སོ།  ཨོཾ་ཨཱཿཧཱུྂ༔ ཆོས་སྐུ་སྣང་མཐའ ལོངས་སྐུ་སྤྱན་རས་གཟིགས། །སྤྲུལ་སྐུ་པདྨ་འབྱུང་གནས་དྲག་པོ་རྩལ།  གསོལ་བ་འདེབས་སོ་ཐུགས་རྗེའི་ཤུགས་ཕྱུང་ལ། །ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སོལ། །དུས་ངན་སྙིགས་མའི་འགྲོ་བ་སྡུག་བསྔལ་ཚེ། །ཁྱེད་ལས་རེ་ས་མེད་དོ་སྙིང་ཁོང་ནས། །མོས་གུས་གདུང་བས་ལྷང་ལྷང་གསོལ་བ་ འདེབས། །འགལ་རྐྱེན་ཕྱི་ནང་གསང་བའི་བར་ཆད་བཟློག །ཚེ་བསོད་སྤེལ་ལ་རླུང་རྟ་དར་རྒྱས་ཤོག །ཅེས་པའང་གཏེར་མིང་འཛིན་པ་འཇའ་ལུས་རྡོ་རྗེས་སོ།།  །།

 དུས་བབས་ཀྱི་གསོལ་འདེབས་དུས་གསུམ་སངས་རྒྱས། དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ༔ དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས༔ བར་ཆད་ཀུན་སེལ་བདུད་ འདུལ་དྲག་པོ་རྩལ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ ཕྱི་ ནང་གསང་བའི་བར་ཆད་ཞི་བ་དང༌༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་ གྱིས་རློབས༔ ཞེས་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་སེང་ཆེན་གནམ་བྲག་གི་གཡས་ཟུར་བྲག་རི་རིན་ཆེན་བརྩེགས་པ་ནས་སྤྱན་དྲངས་པའི་དུས་བབས་ཀྱི་གསོལའདེབས་འདི་ཉིད་བྱིན་རླབས་ཤིན་ཏུ་ཆེ་བས་ཀུན་གྱིས་ཁ་ཏོན་དུ་གཅེས་པར་ཟུངས་ཤིག། །།

༄༅། །ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་ཐུགས་དམ་རྒྱུད་སྐུལ་ཞེས་བྱ་བ་བཞུགས་སོ། 

ཕྱོགས་དུས་རྒྱལ་བ་ཀུན་གྱི་ངོ་བོ་ཉིད། །སངས་རྒྱས་གཞན་ལས་ཐུགས་རྗེ་ཕྲིན་ལས་མྱུར། །བོད་ཁམས་སྐྱོང་བར་ཞལ་གྱིས་བཞེས་པ་ཡི། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །བཟོད་མེད་གདུང་ཤུགས་དྲག་པོས་སྙིང་ནས་འབོད། །མི་མངོན་དབྱིངས་ནས་ཐུགས་རྗེའི་སྤྱན་གྱིས་གཟིགས། །སྙིགས་མ་ལྔ་བདོའི་མཐའ་ལ་ཐུག་པའི་ཚེ། །ཡུལ་ལྷ་ཡུལ་ཕུད་འབྱུང་པོས་ཤུལ་བཟུང་ན། །གཞི་ བདག་གནས་སུ་འཁོད་ཅིག་པདྨ་འབྱུང༌། །ནགས་ཕྱོགས་མི་དང་འདྲེ་བདུད་ཁ་དར་ན། །དཀར་ཕྱོགས་དབུགས་དབྱུང་མཛོད་ཅིག་པདྨ་འབྱུང༌། །ཆོས་སྐྱོང་ རྣམས་ཀྱིས་དམ་བཅའ་བཏང་གྱུར་ན། །དམ་ཚིག་ཕྱག་རྒྱས་ཆིངས་ཤིག་པདྨ་ འབྱུང༌། །དམ་མེད་ཤི་འདྲེས་བར་ཆད་བརྩམས་གྱུར་ན། །འདྲེ་རྒོད་དམ་ལ་ ཐོག་ཅིག་པདྨ་འབྱུང༌། །སྐྱེ་འགྲོའི་ཤེས་རྒྱུད་བགེགས་ཀྱིས་བརླབས་གྱུར་ན། ཁ་ཁྲོལ་བགེགས་ཚོགས་སྐྲོད་ཅིག་པདྨ་འབྱུང༌། །སྨོན་ལོག་དམ་སྲིས་བསྟན་ལ་བར་ཆོད་ན། །དྲག་རྩལ་ཤུགས་ཀྱིས་སྒྲོལ་ཅིག་པདྨ་འབྱུང༌། །རྒྱ་འདྲེ་འགོང་ པོས་བོད་ཁམས་ཕུང་གྱུར་ན། །མཐུ་སྟོབས་ནུས་པས་ཐུལ་ཅིག་པདྨ་འབྱུང༌། །མཐའ་བཞིའི་དམག་གིས་མཚོན་ཁ་ལྡང་བ་ན། །མཐའ་དམག་དུས་འཁྲུག་ཟློག་ཅིག་པདྨ་འབྱུང༌། །ལྷ་སྲིན་མ་མོའི་དལ་ཡམས་འཐིབ་པ་ན། །ཐུགས་རྗེའི་སྨན་གྱིས་སོས་ཤིག་པདྨ་འབྱུང༌། །འབྲོག་པར་ཕྱུགས་ཉེས་ཡུལ་པར་ལོ་ཉེས་ན། །འབྲུ་ནོར་ལོངས་སྤྱོད་སྩོལ་ཅིག་པདྨ་འབྱུང༌། །ས་ཡི་བཅུད་ཉམས་སྐྱེ་འགྲོའི་ གཡང་ཉམ་ན། །བཅུད་གཡང་བྱིན་ཆེན་ཕོབ་ཅིག་པདྨ་འབྱུང༌། །བསྟན་དང་ བསྟན་འཛིན་སྡེ་དང་བཅས་པ་རྣམས། །དར་ཞིང་རྒྱས་པར་མཛོད་ཅིག་པདྨ་ འབྱུང༌། །ཆོས་མེད་བདག་སོགས་འཁོར་བར་འཁྱམས་པ་ན། །བདེ་ཆེན་ཞིང་དུ་དྲོངས་ཤིག་པདྨ་འབྱུང༌། །ལྟ་སྒོམ་སྤྱོད་པ་གོལ་སར་འཕྱུགས་གྱུར་ན། །དོན་དམ་རང་ངོ་སྤྲོད་ཅིག་པདྨ་འབྱུང༌། །འདི་དང་ཕྱི་མ་བར་དོར་ཐམས་ཅད་དུ། །འབྲལ་མེད་ཐུགས་རྗེས་ཟུངས་ཤིག་པདྨ་འབྱུང༌། །མདོར་ན་སྡུག་བསྔལ་ ཉེས་ཚོགས་ཅི་བྱུང་ཡང༌། །རྟག་ཏུ་ཐུགས་རྗེས་སྐྱོབས་ཤིག་པདྨ་འབྱུང༌། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཞེས་པའང་དེང་སང་གི་དུས་དང་བསྟུན་པར་ཨོ་རྒྱན་རིན་པོ་ཆེ་ལ་གསོལ་འདེབས་ཐུགས་དམ་སྐུལ་བྱེད་འདི་ནི། སྐྱབས་མགོན་རིན་པོ་ཆེའི་བཀའ་སྩལ་ཕེབས་པར་བརྟེན་ནས་ལྷུན་གྲུབ་སྟེང་གི་ཕོ་བྲང་ཆེན་པོར་དཔའ་བོ་ལས་རབ་རྩལ་གྱིས་སོ།།    བླ་མའི་གནས་གསུམ་འབྲུ་གསུམ་ལས༔ འོད་ཟེར་རིམ་དང་གཅིག་ཆར་ འཕྲོས༔ བདག་གི་གནས་གསུམ་ཐིམ་པ་ཡིས༔ དབང་བཞི་ཐོབ་ཅིང་སྒྲིབ་ བཞི་དག༔ ལམ་བཞི་སྒོམ་པའི་སྣོད་དུ་གྱུར༔ མཐར་ནི་རང་ཐིམ་དབྱེར་མེད་ ངང་༔ བློ་འདས་ཆོས་སྐུའི་རང་ཞལ་བལྟ༔ དགེ་བ་འདི་ཡིས་མྱུར་དུ་བདག  ཨོ་རྒྱན་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག ཁྱོད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས༔ བདག་  སོགས་གང་དུ་གནས་པའི་ས་ཕྱོགས་སུ༔ ནད་གདོན་དབུལ་ཕོངས་འཐབ་ རྩོད་ཞི་བ་དང་༔ ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ༔

ཕྱག་ན་རྡོ་རྗེ་སྒྲུབ་ཐབས་བཞུགས་སོ། དམིགས་པ་རང་ཉིད་གསང་བའི་བདག༔ གཡས་པ་རྡོ་རྗེ་གཡོན་སྡིག་མཛུབ༔ པདྨ་ཉི་མའི་གདན་ལ༔ ཞབས་ནི་ཤིན་ ཏུ་བསྒྲད་ནས་བཞུགས༔ ཁྲོ་བའི་ཆས་ཀུན་མ་ལུས་རྫོགས༔ དེ་ཡི་ཐུགས་ ཀའི་ཧཱུྃ་སྔོན་ལས༔ སྔགས་ཀྱི་གཡས་སུ་བསྐོར་བར་བསྐྱེད༔ དེ་ལས་འོད་ཟེར་ འཕྲོས་པ་ཡིས༔ གསང་བའི་བདག་པོ་སྤྱན་དྲངས་ནས༔ བསྒོམས་པ་དེ་ ཡི་སྐུ་ལ་ཐིམ༔ ཨོཾ་བཛྲ་པ་ཎི་ཧཱུཾ་ཕཊ༔ དགེ་བ་འདི་ཡིས་མྱུར་དུ་ བདག །ཕྱག་ན་རྡོ་རྗེ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག 

འཕགས་པ་སྤྱན་རས་གཟིགས་གསོལ་འདེབས་ནི། ཇོ་བོ་སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱི་སྐུ་ལ་ བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །དེ་ལྟར་རྩེ་གཅིག་གསོལ་བཏབ་པས། །འཕགས་པའི་སྐུ་ལས་འོད་ཟེར་འཕྲོས། །མ་དག་ལས་སྣང་འཁྲུལ་ཤེས་སྦྱངས། །ཕྱི་སྣོད་བདེ་བ་ཅན་གྱི་ ཞིང་། །ནང་བཅུད་སྐྱེ་འགྲོའི་ལུས་ངག་སེམས། །སྤྱན་རས་གཟིགས་དབང་སྐུ་གསུང་ཐུགས། ། སྣང་གྲགས་རིག་སྟོང་དབྱེར་མེད་གྱུར། ཨོཾ་མ་ཎི་པདྨེ་ཧཱུྃ། དགེ་བ་འདི་ཡིས་མྱུར་དུ་བདག །སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག 

དཔལ་རྡོ་རྗེ་ཕུར་བུའི་རྒྱུན་གྱི་རྣལ་འབྱོར་སྙིང་པོར་འདྲིལ་བཞུགས་སོ། 

ན་མོ༈ བླ་མ་མཆོག་གསུམ་དཔལ་ཆེན་ཧེ་རུ་ཀར། །གུས་པས་སྐྱབས་མཆི་ བདག་སོགས་མཁའ་མཉམ་འགྲོ། །བདུད་དགྲ་དམ་སྲིའི་གཡུལ་ལས་རྣམ་རྒྱལ་ཕྱིར། །ཁྲག་མཐུང་རྡོ་རྗེ་གཞོན་ནུ་བསྒོམ་པར་བགྱི། །ཨོཾ་སྭ་བྷ་ཝ་ཤུ་དྡྷ་སརྦ་ དྷརྨ་སྭ་བྷ་ཝ་ཤུ་དྡྷོཉ་ཧཾྃ༔ སྟོང་ཉིད་དབྱིངས་ལས་འགགས་མེད་སྙིང་རྗེའི་ སྤྲིན། །སོར་རྟོག་ཡེ་ཤེས་རང་རིག་ཧཱུྃ་མཐིང་ནག །འབར་བའི་འོད་ཀྱིས་ སྣོད་བཅུད་དངོས་འཛིན་སྦྱངས། །གཟུང་བའི་ཡུལ་སྣང་མེ་རི་འབར་བའི་དལ། །རང་འབྱུང་ལྷུན་གྲུབ་བཀོད་འབྱམ་ཀླས་དབུས། །འཛིན་སེམས་དག་པ་རྒྱུ་ཡི་འཕྲོ་འདུ་ལས། །སངས་རྒྱས་ཀུན་གྱི་སྤྱི་གཟུགས་དཔལ་ཆེན་པོ། །མཐིང་ནག་དབུ་གསུམ་གཡས་དཀར་གཡོན་དམར་ཞལ། །ཕྱག་དྲུག་གཡས་གཉིས་རྡོ་རྗེ་རྩེ་དགུ་ལྔ། །གཡོན་གཉིས་འབར་བའི་མེ་དང་ཁ་ཊྭཱཾ་ག །ཐག་གཉིས་རི་རབ་ ཕུར་བུ་འདྲིལ་ཞིང་འདེབས། །ཞབས་བཞི་འདོར་སྟབས་ལྷ་ཆེན་ཕོ་མོ་བརྫིས། །ཁྲོ་གཏུམ་བཟོད་པར་དཀའ་བའི་ལང་ཚོ་ཅན། །རྡོ་རྗེ་གཤོག་པ་དུར་ཁྲོད་ དཔལ་ཆེན་རྫོགས། །རྒྱས་འདེབས་སྔོ་སྐྱ་གཡོན་ནས་འཁྲིལ་བའི་ཡུམ། །ཁ་ཊྭཱཾ་དུང་ཁྲག་འཛིན་དང་མཉམ་པ་སྦྱོར། །སྤྱི་བོར་ཡེ་ཤེས་བྱ་ཁྱུང་འཕུར་ཞིང་ ལྡིངས། །སྣ་ཚོགས་པདྨཉི་མ་འབར་བའི་སྟེང། །བསྐལ་མེད་དྲག་ཏུ་འཁྲུགས་པའི་ཀློང་དུ་རོལ། །ཙིཏྟ་མཆོད་སྨུག་འོད་ཀྱི་འགུར་ཁྱིམ་དབུས། །ཡེ་ཤེས་ སེམས་དཔའ་རྡོར་སེམས་མཐིང་གསལ་གྱི། །ཐུགས་དབུས་ཏིང་འཛིན་སེམས་ དཔའི་རྡོ་རྗེ་ལྟར། །ཧཱུྃ་མཐར་སྔགས་ཕྲེང་བེཌཱུརྱ་ཞུན་མའི་མདངས། གཡས་ སུ་བསྐོར་ལས་བསམ་ཡས་འོད་ཟེར་འཕྲོས། །འཕགས་མཆོད་འགྲོ་བའི་སྒྲིབ་ བསིལ་དམ་ཅན་བསྐུལ། །དགྲ་བགེགས་ཚར་བཅད་སྣང་གྲགས་རྟོག་པའི་ཆོས། །ལྷ་སྔགས་ཆོས་ཉིད་ཡེ་ཤེས་རོལ་པ་ཤར། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣ་བྃ་ཧཱུྃ་ཕཊ།ཛཿཧཱུྃ་ཨཱཿ ཅི་མང་བཟླས། སྣོད་བཅུད་འོད་ཞུ་རང་ཐིམ་རང་ཉིད་ ཀྱང་། །མཁའ་ལ་སྤྲིན་བཞིན་འོད་གསལ་དབྱིངས་སུ་ཡལ། །སླར་ཡང་ཟུང་ འཇུག་སྒྱུ་མའི་ཕྱག་རྒྱར་སད། །སྒོ་གསུམ་མི་ཤིགས་རྡོ་རྗེའི་གོ་དང་ལྡན། །དགེ་བ་འདི་ཡིས་བདག་དང་སེམས་ཅན་ཀུན། །བདུད་ལས་རྣམ་རྒྱལ་བར་ཆད་ ཀུན་ཞི་ཞིང་། །རྡོ་རྗེ་གཞོན་ནུ་མྱ་ངན་འདས་པའི་མཆོག །འབྲས་བུ་བྱང་ཆུབ་ངེས་པར་བརྙེས་་གྱུར་ཅིག །བྱིན་རླབས་མཆོག་སྩོལ་རྩ་བརྒྱུད་བླ་མ་དང་། དངོས་གྲུབ་ཆར་འབེབས་ཡི་དམ་ཀཱི་ལ་ཡ། །འཕྲིས་ཐོག་མེད་མཁའ་འགྲོ་ཆོས་སྐྱོང་སོགས། །རབ་བྱམས་དཀྱིལ་འཁོར་འཁོར་ལོས་བཀྲིས་ཤོག

༈འཕགས་མ་སྒྲོལ་མའི་བསྟོད་པ་ནི། པོ་ཊ་ལ་ཡི་གནས་མཆོག་ནས། །ཏཱཾ་ཡིག་ལྗང་གུ་ལས་འཁྲུངས་ཤིང༌། །ཏཱཾ་ཡིག་

འོད་ཀྱིས་འགྲོ་བ་སྒྲོལ། །སྒྲོལ་མ་འཁོར་བཅས་གཤེགས་སུ་གསོལ། །ལྷ་དང་ལྷ་མིན་ཅོད་པཎ་གྱི། །ཞབས་ཀྱི་པདྨོལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་ མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །རྗེ་བཙུན་འཕགས་མ་སྒྲོལ་མ་ དང༌། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་ཐམས་ ཅད་ལ། །ཀུན་ནས་དང་བས་ཕྱག་བགྱིའོ། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ། །འཕགས་མའི་ཚོགས་རྣམས་བཞེས་སུ་གསོལ། །ཐོག་མ་མེད་ནས་ད་ལྟའི་བར།།མི་དགེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་པའི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས།།སོ་སོ་སྐྱེ་བོ་ལ་སོགས་པས། །དུས་གསུམ་དགེ་བ་ཅི་བསགས་པའི། བསོད་ནམས་ལ་ནི་བདག་ཡི་རང༌། །སེམས་ཅན་རྣམས་ཀྱི་བསམ་པ་དང་། །བློ་ཡི་བྱེ་བྲག་ཇི་ལྟ་བར། །ཆེ་ཆུང་ཐུན་མོང་ཐེག་པ་ཡི། །ཆོས་ཀྱི་འཁོར་ལོ་ བསྐོར་དུ་གསོལ། །འཁོར་བ་ཇི་སྲིད་མ་སྟོངས་བར། །མྱ་ངན་མི་འདའ་ཐུགས་རྗེ་ཡིས། །སྡུག་བསྔལ་རྒྱ་མཚོར་བྱིང་བ་ཡི། །སེམས་ཅན་རྣམས་ལ་གཟིགས་སུ་གསོལ། །བདག་གིས་བསོད་ནམས་ཅི་བསགས་པ། །ཐམས་ཅད་བྱང་ཆུབ་རྒྱུར་གྱུར་ནས། །རིང་པོར་མི་ཐོགས་འགྲོ་བ་ཡི། །འདྲེན་པའི་དཔལ་དུ་བདག་གྱུར་ཅིག །རྒྱ་གར་སྐད་དུ། །ཨརྱ་ཏཱ་རེ་སྟོཏྟྲ། །བོད་སྐད་དུ། །འཕགས་མ་ སྒྲོལ་མ་ལ་བསྟོད་པ། །ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། །གེ་སར་བྱེ་བ་ལས་ནི་བྱུང་མ།  ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །རབ་ཏུ་ཕྱེ་བའི་འོད་རབ་འབར་མ། ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱིས། །པདྨས་ཕྱག་ནི་རྣམ་པར་བརྒྱན་མ། སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། །བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། །ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །མཐའ་ཡས་རྣམ་པར་རྒྱལ་བ་སྤྱོད་མ། །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ། །ཕྱག་འཚལ་ཏུཏྟཱ་ར་ཧཱུཾ་ཡི་གེ །འདོད་དང་ཕྱོགས་དང་ནམ་ མཁའ་གང་མ། །འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །ལུས་པ་མེད་པར་འགུགས་པར་ནུས་མ། །ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །རླུང་ལྷ་སྣ་ ཚོགས་དབང་ཕྱུག་མཆོད་མ། །འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང༌། །གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །ཕྱག་འཚལ་ཏྲཊ་ཅེས་བྱ་དང་ཕཊ་ཀྱིས། །ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། །གཡས་བསྐུམ་གཡོན་བརྐྱང་ ཞབས་ཀྱིས་མནན་ཏེ། །མེ་འབར་འཁྲུག་པ་ཤིན་ཏུ་འབར་མ། །ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་པོས། །བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །ཕྱག་ འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །མ་ལུས་ཕྱོགས་ཀྱི་འཁོར་ལོ་བརྒྱན་པའི། །རང་གི་འོད་ཀྱི་ཚོགས་རྣམས་འཁྲུག་མ། །ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །བཞད་པ་རབ་བཞད་ཏུཏྟཱ་ར་ཡིས། །བདུད་དང་འཇིག་རྟེན་དབང་དུ་མཛད་མ། །ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ ཅད་འགུགས་པར་ནུས་པ་ཉིད་མ། །ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུཾ་གིས། །ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། །ཕྱག་འཚལ་ཟླ་བའི་དུམ་བུའི་དབུ་རྒྱན། བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །རལ་པའི་ཁྲོད་ནས་འོད་དཔག་མེད་ལས། །རྟག་པར་ཤིན་ཏུ་འོད་རབ་མཛད་མ། །ཕྱག་འཚལ་བསྐལ་པ་ཐ་མའི་མེ་ ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། །གཡས་བརྐྱང་གཡོན་བསྐུམ་ཀུན་ནས་བསྐོར་དགའི། །དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། །ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི །མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ། །ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུཾ་གིས། །རིམ་པ་བདུན་པོ་རྣམས་ནི་འགེམས་མ། ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། །སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་པས། །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ། །ཡི་གེ་བཅུ་པའི་ངག་ནི་བཀོད་པའི། །རིག་པ་ཧཱུཾ་ལས་སྒྲོལ་མ་ཉིད་མ། །ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །ཧཱུཾ་གི་རྣམ་པའི་ས་བོན་ཉིད་མ། །རི་རབ་མནྡཱ་ར་དང་འབིགས་བྱེད། །འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །ཕྱག་འཚལ་ལྷ་ཡི་འཚོ་ཡི་རྣམ་པའི། །རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །ཏཱ་ར་ གཉིས་བརྗོད་ཕཊ་ཀྱི་ཡི་གེས། །དུག་རྣམས་མ་ལུས་པར་ནི་སེལ་མ། །ཕྱག་ འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །ལྷ་དང་མིའམ་ཅི་ཡིས་བསྟེན་མ། །ཀུན་ནས་གོ་ཆ་དགའ་བ་བརྗིད་ཀྱིས། །རྩོད་དང་རྨི་ལམ་ངན་པ་སེལ་མ། །ཕྱག་ འཚལ་ཉི་མ་ཟླ་བ་རྒྱས་པའི། །སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །ཧ་ར་ གཉིས་བརྗོད་ཏུཏྟཱ་ར་ཡིས།  །ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ། །ཕྱག་ འཚལ་དེ་ཉིད་གསུམ་རྣམས་བཀོད་པས། །ཞི་བའི་མཐུ་དང་ཡང་དག་ལྡན་མ། །གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །འཇོམས་པ་ཏུ་རེ་རབ་ མཆོག་ཉིད་མ། །རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང༌། །ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག། ཨོཾ། །འཇིགས་པ་བརྒྱད་སྐྱོབ་མ་ལ་ཕྱག་འཚལ་ལོ། །བཀྲ་ཤིས་དཔལ་འབར་མ་ལ་ཕྱག་འཚལ་ལོ། །ངན་སོང་སྒོ་གེགས་མ་ལ་ཕྱག་འཚལ་ལོ། །མཐོ་རིས་ལམ་འདྲེན་མ་ལ་ཕྱག་འཚལ་ལོ། །རྟག་ཏུ་ཁྱེད་ཀྱི་བསྲུང་བ་དང༌། །རྟག་ཏུ་ཁྱེད་ཀྱི་སྐྱབས་མཛད་གསོལ། །རྗེ་བཙུན་སྒྲོལ་མ་ཉེར་གཅིག་གི་བསྟོད་པ་བྱིན་རླབས་མྱུར་མགྱོགས་མ་ནི།  ཨོཾ། རྒྱལ་བ་ཀུན་གྱི་སྤྱན་སྔར་ཐུགས་བསྐྱེད་རྒྱལ་བའི་ཡུམ་གྱུར་མ་ལུས་རྒྱལ་བའི་ ཕྲིན་ལས་ཀུན་སྒྲུབ་མ། །མྱུར་མ་དཔའ་མོ་དབྱངས་ཅན་མ་དང་བསོད་ནམས་ མཆོག་གཏེར་རྣམ་རྒྱལ་རིག་བྱེད་མ་དང་འཇིགས་བྱེད་མ། །གཞན་གྱིས་མི་ཐུབ་གཞན་ལས་རྒྱལ་དང་སེང་ལྡེང་ནགས་ཀྱི་སྒྲོལ་མ་འཇིག་རྟེན་གསུམ་རྒྱལ་ནོར་སྟེར་མ། །བཀྲ་ཤིས་དོན་བྱེད་དགྲ་དཔུང་འཇོམས་མ་ཁྲོ་གཉེར་ཅན་མཛད་རབ་ཞི་མ་དང་འབར་བའི་འོད་ཅན་མ། །དཔག་མེད་གནོན་མ་རྨ་བྱ་ཆེན་པོ་མི་ཕམ་རྒྱལ་མོ་རི་ཁྲོད་མ་དང་འོད་ཟེར་ཅན་མར་འདུད། །འགྲོ་ཀུན་སྲིད་པའི་མཚོ་ ལས་སྒྲོལ་ཕྱིར་བྱང་ཆུབ་ཐོབ་འདོད་བདག་ཀྱང་ཁྱེད་ལ་རེའོ་རྗེ་བཙུན་མ། །ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱཧཱ། ཅི་མང་བཟླས། སེང་གེ་གླང་ཆེན་མེ་སྦྲུལ་ཆོམ་རྐུན་ དང༌། །ལྕགས་སྒྲོག་རྒྱ་མཚོ་ཤ་ཟའི་འཇིགས་པ་རྣམས། །ཞི་མཛད་ཟླ་བའི་ འོད་ལྟར་བསིལ་བའི་སྐུ། །རྗེ་བཙུན་སྒྲོལ་མ་ཡུམ་ལ་ཕྱག་འཚལ་སྟོད། །ཨོཾ་ གྲུབ་པར་གྱུར་ཅིག་རྗེ་བཙུན་ཐུགས་རྗེ་ཅན༔ འཕགས་མ་ཁྱོད་ལ་བསྙེན་ སྒྲུབ་མཆོད་པ་དང་༔ བསྟོད་ཅིང་གསོལ་བ་བཏབ་པའི་མཐུ་བྱིན་གྱིས༔  དེང་ ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར༔ འཕགས་མ་ཁྱོད་དང་རྟག་ཏུ་མི་འབྲལ་ ཞིང་༔ ནད་མེད་ཚེ་དབང་ལོངས་སྤྱོད་འཕེལ་བ་དང་༔ བྱང་ཆུབ་སྒྲུབ་ལ་ བར་གཅོད་མི་འབྱུང་ཞིང་༔ ས་དང་ལམ་གྱི་ཡོན་ཏན་མྱུར་རྫོགས་ནས༔ བདག་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པ་ཡི༔ རྣམ་མཁྱེན་རྫོགས་པའི་ སངས་རྒྱས་ཐོབ་པར་ཤོག༔  རཏྣའི་གཏེར་ཁ་ལས་སོ༔ལྷ་མོ་ལ་གུས་ཡང་དག་ལྡན་པའི། །བློ་ལྡན་གང་གིས་རབ་དང་ བརྗོད་དེ། །སྲོད་དང་ཐོ་རངས་ལངས་པར་བྱས་ནས། །དྲན་པས་མི་འཇིགས་ཐམས་ཅད་རབ་སྟེར། །སྡིག་པ་ཐམས་ཅད་རབ་ཏུ་ཞི་བྱེད། །ངན་འགྲོ་ཐམས་ཅད་འཇོམས་པ་ཉིད་དོ། །རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་ཀྱིས། །མྱུར་དུ་ དབང་ནི་བསྐུར་བར་འགྱུར་ལ། །འདི་ལས་ཆེ་བ་ཉིད་ནི་ཐོབ་ཅིང༌། །སངས་ རྒྱས་གོ་འཕང་མཐར་ཐུག་དེར་འགྲོ། །དེ་ཡི་དུག་ནི་དྲག་པོ་ཆེན་པོ། །བསྟེན་ གནས་པའམ་གཞན་ཡང་འགྲོ་བ། །ཟོས་པ་དང་ནི་འཐུངས་པ་ཉིད་ཀྱང༌། དྲན་པས་རབ་ཏུ་སེལ་བ་ཉིད་ཐོབ། །གདོན་དང་རིམས་དང་དུག་གིས་གཟིར་ བའི། །སྡུག་བསྔལ་ཚོགས་ནི་རྣམས་པར་སྤངས་ཏེ། །སེམས་ཅན་གཞན་པ་ རྣམས་ལ་ཡང་ངོ༌། །གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན། །བུ་ འདོད་པས་ནི་བུ་ཐོབ་འགྱུར་ཞིང༌། །ནོར་འདོད་པས་ནི་ནོར་རྣམས་ཉིད་ཐོབ། །འདོད་པ་ཐམས་ཅད་ཐོབ་པར་འགྱུར་ལ། །བགེགས་རྣམས་མེད་ཅིང་སོ་སོར་འཇོམས་གྱུར་ཅིག།  དགེ་སློང་མ་དཔལ་མོས་མཛད་པར་གྲགས་སོ།།  རྗེ་བཙུན་བཅོམ་ ལྡན་འདས་མ་ཐུགས་རྗེ་ཅན། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ནས། །རྫོགས་པའི་ སངས་རྒྱས་ཐོབ་པར་མཛད་དུ་གསོལ། །དེ་མ་ཐོབ་ཀྱི་ཚེ་རབས་ཀུན་ཏུ་ཡང༌། །ལྷ་དང་མི་ཡི་བདེ་བ་མཆོག་ཐོབ་ནས། །ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་པ་ལ། །བར་ཆད་གདོན་བགེགས་རིམས་དང་ནད་ལ་སོགས། །དུས་མིན་འཆི་བར་གྱུར་པ་སྣ་ཚོགས་དང༌། །རྨི་ལམ་ངན་དང་མཚན་མ་ངན་པ་དང༌། །འཇིགས་པ་བརྒྱད་སོགས་ཉེ་བར་འཚེ་བ་རྣམས། །མྱུར་དུ་ཞི་ཞིང་མེད་པར་མཛད་དུ་ གསོལ། །འཇིགས་རྟེན་འཇིག་རྟེན་ལས་ནི་འདས་པ་ཡི། །བཀྲ་ཤིས་བདེ་ ལེགས་ཕུན་སུམ་ཚོགས་པ་རྣམས། །འཕེལ་ཞིང་རྒྱས་པའི་དོན་རྣམས་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །བསྒྲུབ་ལ་བརྩོན་ཞིང་དམ་ཆོས་འཕེལ་བ་དང༌། །རྟག་ཏུ་ཁྱེད་སྒྲུབ་ཞལ་མཆོག་མཐོང་བ་དང༌། སྟོང་ཉིད་དོན་རྟོགས་བྱང་སེམས་རིན་པོ་ཆེ། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །བདག་གིས་ཚེ་རབས་སྔོན་ནས་བསྒྲུབས་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །སྔོ་ལྗང་ཞལ་གཅིག་ཕྱག་གཉིས་མྱུར་ཞི་དཔའ། །ཡུམ་གྱུར་ཨུཏྤལ་བསྣམས་པའི་བཀྲ་ཤིས་ཤོག །སྐུ་ཡི་སྐྱོན་སྤངས་མཚན་དང་དཔེ་བྱད་ལྡན། །གསུང་གི་སྐྱོན་སྤངས་ཀ་ལ་པིང་ཀའི་དབྱངས། །ཐུགས་ཀྱི་སྐྱོན་སྤངས་ཤེས་བྱ་མཐའ་དག་ མཁྱེན། །བཀྲ་ཤིས་དཔལ་འབར་མ་ཡི་བཀྲི་ཤིས་ཤོག །རྒྱལ་ཡུམ་སྒྲོལ་མ་ ཁྱེད་སྐུ་ཅི་འདྲ་དང༌། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང༌། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ ཤོག  །དགེ་བ་འདི་ཡིས་མྱུར་དུ་བདག །འཕགས་མ་སྒྲོལ་བ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །འདི་ཡི་ས་ལ་འགོད་པར་ཤོག །ཁྱོད་ལ་ བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་ན་གནས་པའི་ས་ཕྱོགས་སུ། །ནད་གདོན་དབུལ་ཕོངསའཐབ་རྩོད་ཞི་བ་དང༌། །ཆོས་དང་བཀྲ་ ཤིས་འཕེལ་བར་མཛད་དུ་གསོལ།།

ཤེས་རབ་སྙིང་པོ་ནི༄༅།སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ ནམ་མཁའི་ངོ་བོ་ཉིད། །སོ་སོར་རང་གི་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་ རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །རྒྱ་གར་སྐད་དུ། བྷ་ག་ཝ་ཏི་པྲ་ཛྙ་པ་ར་ མི་ཏཱ་ཧྲི་ད་ཡ། །བོད་སྐད་དུ། །བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ། །བམ་པོ་གཅིག་གོ །བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ་། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། །བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དང་། །བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། །དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཡང་དེའི་ཚེ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཟབ་མོའི་སྤྱོད་པ་ཉིད་ལ་རྣམ་པར་བལྟ་ཞིང་ཕུང་པོ་ལྔ་པོ་དེ་དག་ལ་ཡང་རང་བཞིན་གྱིས་སྟོང་པར་རྣམ་པར་བལྟའོ། །དེ་ནས་སངས་ རྒྱས་ཀྱི་མཐུས། །ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་ཆེན་པོ་ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པ་འདོད་པ་དེས་ཇི་ལྟར་བསླབ་པར་བྱ། །དེ་སྐད་ཅེས་སྨྲས་པ་དང་། །བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཤཱ་རིའི་བུ་རིགས་ཀྱི་ བུའམ། །རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཟབ་མོའི་སྤྱོད་པ་ སྤྱད་པར་འདོད་པ་དེས་འདི་ལྟར་རྣམ་པར་བལྟ་བར་བྱ་སྟེ། །ཕུང་པོ་ལྔ་པོ་དེ་ དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ།   གཟུགས་ལས་སྟོང་པ་ཉིད་ གཞན་མ་ཡིན། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། །འདུ་ཤེས་དང་། །འདུ་བྱེད་དང་། །རྣམ་པར་ཤེས་པ་རྣམས་སྟོང་པའོ། །ཤཱ་རིའི་བུ། །དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་དེ། །མཚན་ཉིད་མེད་པ། །མ་སྐྱེས་པ། །མ་འགགས་པ། །དྲི་མ་མེདཔ། །དྲི་མ་དང་བྲལ་བ་མེད་པ། །བྲི་བ་མེད་པ། །གང་བ་མེད་པའོ། །ཤཱ་རིའི་བུ། །དེ་ལྟ་བས་ན་སྟོང་པ་ ཉིད་ལ་གཟུགས་མེད། །ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་མེད། རྣམ་པར་ཤེས་པ་མེད། མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། །ཡིད་མེད། །གཟུགས་མེད། །སྒྲ་མེད། །དྲི་མེད། །རོ་མེད། རེག་བྱ་མེད། །ཆོས་མེད་དོ། །མིག་གི་ཁམས་མེད་པ་ནས་ཡིད་ཀྱི་ཁམས་མེད། །ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུའང་མེད་དོ། །མ་རིག་པ་མེད། །མ་རིག་པ་ཟད་པ་མེད་པ་ནས། །རྒ་ཤི་མེད། །རྒ་ཤི་ཟད་པའི་བར་དུའང་མེད་དོ། །དེ་བཞིན་དུ་སྡུག་བསྔལ་བ་དང་། །ཀུན་འབྱུང་བ་དང་། །འགོག་པ་དང་། །ལམ་མེད། །ཡེ་ཤེས་མེད། །ཐོབ་པ་མེད། །མ་ཐོབ་པའང་མེད་དོ། །ཤཱ་རིའི་བུ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཐོབ་པ་མེད་པའི་ཕྱིར། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་གནས་ཏེ་སེམས་ལ་སྒྲིབ་པ་མེད་པས་ སྐྲག་པ་མེད་དེ། །ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས་མྱ་ངན་ལས་འདས་པར་མཐར་ཕྱིན་ཏོ། །དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས། །རིག་པ་ཆེན་པོའི་སྔགས། །བླ་ན་མེད་པའི་སྔགས། །མི་མཉམ་པ་དང་མཉམ་པར་བྱེད་པའི་སྔགས། །སྡུག་བསྔལ་ ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས། །མི་རྫུན་པས་ན་བདེན་པར་ཤེས་པར་བྱ་སྟེ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སྨྲས་པ། །ཏདྱ་ཐཱ། །ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭ་ཧཱ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བསླབ་ པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཕགས་པ་སྤྱན་རས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས། །ལེགས་སོ། །ལེགས་སོ། །རིགས་ཀྱི་བུ། །དེ་དེ་བཞིན་ནོ། །རིགས་ཀྱི་བུ། །དེ་དེ་བཞིན་ཏེ། །ཇི་ལྟར་ཁྱོད་ཀྱིས་བསྟན་པ་ བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱད་པར་བྱ་སྟེ། །དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཡི་རང་ངོ་། །བཅོམ་ལྡན་འདས་ཀྱི་དེ་སྐད་ཅེས་བཀའ་སྩལ་ནས། །ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་དང་། །བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དང་། །ཐམས་ཅད་དང་ལྡན་པའི་ །འཁོར་དེ་དག་དང་། །ལྷ་དང་། །མི་དང་། །ལྷ་མ་ཡིན་དང་། །དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། །བཅོམ་ལྡན་འདས་ཀྱིས་ གསུངས་པ་ལ་མངོན་པར་བསྟོད་དོ།ཏདྱ་ཐཱ།ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་ བོ་དྷི་སྭ་ཧཱ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ རྫོགས་སོ།  ཨོཾ་ཧཱུྃ་ཁྲིག་ཁྲོཾ་བྷྱོ༔ མ་ནི་མ་ར་ནི་བྷྱོ༔ མ་ར་དུ་ནི་བྷྱོ༔ རཀྨོ་རཀྵ་ཏིང་བྷྱོ༔ རཀྵ་བྷྱོ༔ མ་རཱ་ཡ༔ ཡ་མ་ར་ཛ༔ ཀཱི་ལ་ཡ་བྷྱོ༔

ན་མོ ༈བླ་མ་ལ་ཕྱག་འཚལ་ལོ།་ །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །བདག་གི་བདེན་པའི་ཚིག་རྣམས་འགྲུབ་ པར་གྱུར་ཅིག །ཇི་ལྟར་སྔོན་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཡིད་ལ་བསམ་ཞིང་ཚིག་ཁ་ཏོན་དུ་བྱས་པ་ལ་བརྟེན་ནས། །བདུད་ སྡིག་ཅན་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་བཟློག་པ་དེ་བཞིན་དུ་བདག་གིས་ཀྱང་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ ཡིད་ལ་བསམ་ཞིང་ཚིག་ཁ་ཏོན་དུ་བྱས་པ་ལ་རྟེན་ནས། །བདག་ཅག་དམ་པའི་ཆོས་སྒྲུབ་པར་བྱེད་པ་ལ་བར་དུ་གཅོད་པའི་ནད་གདོན་བགེགས་ཀྱི་རིགས་སུ་གྱུར་པ་གང་ཡིན་པ་འཕགས་པ་དཀོན་མཆོག་གསུམ་གྱི་བཀའ་ཡི་བདེན་པས་ད་ལྟ་ཉིད་དུ་ཕྱིར་བཟློག་པར་གྱུར་ཅིག །མེད་པར་གྱུར་ཅིག །ཞི་བར་གྱུར་ཅིག  །རབ་ཏུ་ཞི་བར་གྱུར་ཅིག ཚར་གསུམ་འདོན་པའི་མཐར། གང་གི་རྟེན་ཅིང་འབྲེལ་བར་འབྱུང། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། སྤྲོས་པ་ཉེར་ཞི་ཞི་སྟོན་པ། །རྫོགས་པའི་སངས་རྒྱས་མི་ རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ། །ཕྱི་དང་ནང་གི་འཚེ་བ་དང་། །བར་དུ་གཅོད་པ་ཐམས་ཅད་ཀུན། །ཉེ་བར་ཞི་བར་མཛད་དུ་གསོལ། ༈་བདེ་གཤེགས་གཙུགས་ཏོར་ལྟར་མི་མངོན་པ་ལས། །ཉེར་འཁྲུངས་རྒྱལ་བ་ཀུན་ཡུམ་གདུགས་དཀར་མོ། །མཚན་ཙམ་ཐོས་པའི་ རིགས་སྔགས་མེ་ཡིས་ཀྱང་། །བདུད་སྡེ་སྲེག་བྱེད་བདེ་འབྱུང་ལྷག་པའི་ལྷ། དཀར་གསལ་ལང་ཚོ་རབ་རྫོགས་ཟླ་གཞོན་གྱི། །སྙིང་པོ་ལས་གྲུབ་གཞན་གྱིས་མི་ཐུབ་པས། །མི་དང་མི་མིན་འབྱུང་ལས་འབྱུང་བ་ཡི། །འགལ་རྐྱེན་ཀུན་ཞི་ལེགས་ཚོགས་མ་ལུས་སྩོལ། །ཁྱད་པར་ཕ་རོལ་མི་བསུན་བསམ་སྦྱོར་གྱིས། །སྒོ་གསུམ་མནན་དང་བྱད་སྟིམ་ཅིང་ལ་སོགས། །ཉེར་འཚེས་མི་ཚུགས་ཕྱིར་ ཟློག་འཕྲིས་ཀྱིས།།བདག་ཅག་རྣམ་པ་ཀུན་ཏུ་སྲུང་དུ་གསོལ། གདུགས་དཀར་བཟློག་པ་ནི།་ བཅོམ་ལྡན་གདུགས་དཀར་ལྷ་ཚོགས་རྣམས། །མཐུ་སྟོབས་ཐོགས་པ་མི་མངའ་ཞིང་། །ཐུགས་རྗེའི་སྨོན་ལམ་མཐུ་བཙན་པས། །བདག་གིས་ཇི་ལྟ་གསོལ་བ་བཞིན། །སངས་རྒྱས་བསྟན་པ་དར་བ་དང་། །སེམས་ཅན་བདེ་དང་ལྡན་པར་མཛོད། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །ཆག་ཆེ་ཉམ་ང་ཟློག་ཏུ་ གསོལ། །རྨི་ལམ་མཚན་མ་ངན་པ་ཟློག །རྟགས་དང་རྟེན་འབྲེལ་ངན་པ་ཟློག། །དགྲ་འདྲེའི་བསམ་སྦྱོར་ངན་པ་ཟློག །ལྟས་ངན་བརྒྱད་ཅུ་རྩ་གཅིག་བཟློག །ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་བཟློག །ནད་རིགས་བཞི་བརྒྱ་རྩ་བཞི་བཟློག  བགེགས་རིགས་སྟོང་ཕྲག་བརྒྱད་བཅུ་བཟློག །དུས་མིན་འཆི་བ་རྣམ་བརྒྱད་ བཟློག །ཡས་ཀྱི་བདུད་དུགཡོས་པ་བཟློག །མས་ཀྱི་སྲི་རུ་ལངས་པ་བཟློག །དཔྲལ་བའི་གཤེད་དུ་བསྐོས་པ་བཟློག །ཕ་མེས་དུར་སྲི་ལངས་པ་བཟློག །མི་ལ་ནད་དུ་གཏོང་བ་བཟློག །ཕྱུགས་ལ་གོད་ཁ་བྱེད་པ་བཟློག །གནམ་གྱི་དལ་ཁ་ཐེབས་པ་བཟློག །ས་ཡི་དུག་མདའ་གཡོས་པ་བཟློག །སྨེ་བ་སྤར་ཁ་ངན་པ་བཟློག །སྐེགས་དང་ཕུང་སྲི་ལངས་པ་བཟློག  །མི་མཐུན་ཕྱོགས་ཀུན་ཟློག་ གྱུར་ཅིག ཚར་གསུམ་གྱི་མཐར། བདེ་གཤེགས་ཐུགས་རྗེའི་གཙུག་གཏོར་ལས་ འཁྲུངས་ཤིང་། །འདོད་འབྱུང་རྟེན་ལ་གནོད་བྱེད་ཚར་གཅོན་ནས། །བདེ་ལས་འབྲས་བུ་ཉེ་བར་སྩོལ་མཛད་པའི། །བདེ་མཆོག་གདུགས་དཀར་ཅན་གྱི་བཀྲིས་ཤོག། སེང་གདོང་མའི་བསྙེན་བཟློག་ནི།སྨྲ་བསམ་བརྗོད་མེད་ཆོས་སྐུ་ཡུམ་ཆེན་མོ། །ལོངས་སྤྱོད་རྫོགས་སྐུ་ཕག་ཁྲོས་རྣལ་འབྱོར་མ། །འགྲོ་དོན་སྤྲུལ་པ་སེངྒེའི་གདོང་པ་ཅན། །བཅོམ་ལྡན་འདས་མ་དེ་ལ་གསོལ་བ་འདེབས།    ཨཿ ཀཿ སཿ མཿ རཿ ཙཿ ཤཿ དཿ རཿ སཿ མཿ རཿ ཡཿ ཕཊཿ ཅི་མང་བཟླས་པའི་མཐར། བཅོམ་ལྡན་སེང་ཧ་མུ་ཁ་ཡི། །བཀའ་ཡི་བདེན་པའི་མཐུ་སྟོབས་ཀྱིས། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །འགལ་རྐྱེན་མི་མཐུན་ཕྱོགས་ཀྱི་བཟློག ཚར་གསུམ། ཁྱེད་ཀྱི་རིགས་སྔགས་བཟླས་པའི་མཐུས། །གནོད་བྱེད་མ་ལུས་ཚར་ བཅད་ནས། །ཅི་བསམ་ཡིད་བཞིན་འགྲུབ་པ་དང་། །བཤད་སྒྲུབ་བསྟན་པ་ རྒྱས་པར་ཤོག

༄༅། །ཙཀྲ་བཅུ་གསུམ་བཞུགས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མ་ ཧཱ་མུ་ནེ་ཡེ་སྭཱ་ཧཱ། བདག་འཁོར་དང་བཅས་པ་ལ་བསྲུང་བ་དང༌། བསྐྱབ་པ་ དང༌། །སྦ་བ་དང༌།བྱིན་གྱིས་བརླབས་པར་དམ་པ་མཛད་དུ་གསོལ། །སྲི་ངན་པ་ཐམས་ཅད་ལས་ཐར་བར་མཛད་དུ་གསོལ། །དུ་རུ་དུ་རུ་ཙཀྲ།ཛ་ཡ་ཛ་ཡ་ཙཀྲ། ཧ་ན་ཧ་ན་ཙཀྲ། མ་ར་ཡ་མ་ར་ཡ་ཙཀྲ། གྷིན་དུ་མ་ལེ་ཨེ་ནན་ཙཀྲ། ཛཱ་ལ་ཛཱ་ལ་ཙཀྲ། ཧཱུཾ་ཧཱུྃ་ཕཊ་ཕཊ་ཙཀྲ། སརྦ་ཤ་གི་ནི་ཨ་པ་ར་ཎ་ཙཀྲ། བྷ་ལ་ཡ་བྷ་ལ་ཡ་ཙཀྲ། ན་ག་ཤ་ཡ་ན་ག་ཤ་ཡ་ཙཀྲ། ཧཱུཾ་ཧཱུཾ་ཕཊ་ཕཊ་ཙ་ཀྲ། བྷ་མ་བྷ་མ་ཙཀྲ། ས་མནྟ་ཀ་ར་ཙ་ཏྲི་ཏི་ག་ན་ཙཀྲ། བདག་འཁོར་དང་བཅས་ པ་དང༌། ཆོས་མཛད་པ་དང༌། དཀར་པོའི་ཕྱོགས་མཐའ་ཡས་པ་ལ་ གནོད་པའི་དགྲ་གེགས་འབྱུང་པོ་མི་མ་ཡིན་པའི་ཕྱོགས་ཐམས་ཅད་ཟློག་ཅིག །ཐུལ་ཅིག །རྐྱེན་དང་བར་དུ་གཅོད་པ་ཐམས་ཅད་ཟློག་ཅིག །བྱེར་ཅིག   སྲུངས་ཤིག  །ནད་སྲི་དང༌། འཆི་སྲི་དང༌། གོད་སྲི་དང༌། རྟ་སྲི་དང༌། ཡེར་པའི་སྲི་དང༌། ལོའི་སྲི་དང༌། ཟླ་བའི་སྲི་དང༌། ཞག་དུས་ཀྱི་སྲི་དང༌། ཁ་སྨྲས་ཀྱི་སྲིདང༌། །སྲི་ངན་པ་ཐམས་ཅད་ཟློག་ཅིག །གཞན་ཡང་སྲི་ངན་པ་ ཐམས་ཅད་ལས་རྣམ་པ་ཀུན་ཏུ་སྲུངས་ཤིག །ཟློག་ཅིག །ཞི་བར་གྱུར་ཅིག །བདག་འཁོར་དང་བཅས་པ་ལ་ནད་རིམས་དང༌། གདོན་དང༌།སྔགས་ཟོར་དང༌། རྦད་འདྲེ་དང༌། །གློ་བུར་གྱི་ནད་དང༌། །རྒྱལ་པོའི་ཆད་པ་དང༌། ཕྱོགས་ངན་པ་དང༌། གནོད་པ་དང༌། ནད་སྲི་དང༌། འཆི་སྲི་དང༌། དུར་སྲི་དང༌། རྒན་སྲི་དང༌། གཞོན་སྲི་དང༌། དར་མའི་སྲི་དང༌། ལོའི་སྲི་དང༌། ཟླ་བའི་སྲི་དང༌། ཞག་སྲི་དང༌། ཟ་མའི་སྲི་དང༌། སྐག་བདུན་ཟུར་དང༌། ཕྱི་རྐྱེན་དང༌། གདོན་སུམ་བརྒྱ་དྲུག་ བཅུ་དང༌། །རྐྱེན་ཉི་ཁྲི་ཆིག་སྟོང་དང༌། །ལྟས་ངན་མི་མཐུན་པ་བརྒྱད་ཅུ་རྩ་ གཅིག་གི་གནོད་པ་ཐམས་ཅད་དང༌།མ་རུངས་པ་དང༌། །གདུག་པ་ཅན་ཐམས་ཅད་འཇོམས་པར་གྱུར་ཅིག །ཟློག་པར་གྱུར་ཅིག །སྒྱུར་བར་གྱུར་ ཅིག །སྲུང་བར་གྱུར་ཅིག །ཐུབ་པར་གྱུར་ཅིག །དེ་ལྟར་རྗོད་པའི་ཡོན་ཏན་ བསམ་གྱིས་མི་ཁྱབ་ཅིང༌། །སྲི་པའི་གནོད་པ་ཐམས་ཅད་ལས་གྲོལ་བར་གྱུར་ འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་པ་དང༌། ཚེ་དང་ལྡན་པ་ཀུན་དགའ་བོ་ཡི་རངས་ཏེ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། 

༈མི་ཁ་དགྲ་ཟློག་མདོར་བསྡུས།  རང་ཉིད་ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་ལྗང་གུ་འཕྲོས་པས་གཏམ་ངན་མི་ཁ་ཐམས་ཅད་བཟློག་པར་འགྱུར། ཨོཾ་ཨཱཿཧུར་ཐུམ་མི་ཁ་གཏམ་ངན་ ཐམས་ཅད་བཟློག །རི་ལི་རི་ལི།  ཨོཾ་མ་ཧཱ་དྷེ་ཝ་དགྲ་བོ་ནྲི་ཏྲི་ནི་སྲོག་ལ་རྦད་ ཆོད།  བྷྱོ་མི་ཁ་ངན་པ་བསྒྱུར།  མི་ཁ་ངན་པ་དགྲ་བོ་མཱ་ར་ཡ།  ཐུཾ་ཐུཾ།  ཤིག་ཤིག །རྦད་རྦད་དྲིལ་དྲིལ་བྷྱོ་བྷྱོ་བཟློག །བརྒྱ་ཡི་མི་ཁ་བཟློག  སྟོང་གི་འགྲམ་ཆུ་བཟློག  །བརྒྱ་ཁ་ཡེར་ཡེར་བཟློག །སྟོང་ཁ་མེར་མེར་ བཟློག  །ནད་བཟློག  །ཡཾ་བཟློག  །དགྲ་སྣ་བཟློག  །གྱོད་སྣ་བཟློག  གདོན་སྣ་བཟློག  །རྐུན་སྣ་བཟློག  །དམག་སྣ་བཟློག  །ཉི་མ་ཕྱོགས་བཞི་ མཚམས་བརྒྱད་ཀྱི་མི་ཁ་གཏམ་ངན་ཐམས་ཅད་བཟློག  །ངན་སེམས་ཚུར་ལ་འཆང་བའི་དགྲ་བོ་ཐམས་ཅད་རྦད་རྦད།  །དྲིལ་དྲིལ།  ཐུཾ་ཐུཾ།  ཤིག་ཤིག  བྷྱོ་བྷྱོ། །བཟློག་བཟློག །བྷྱོ་བཟློག་ཅིག།  ཅེས་པ་འདི་ཀརྨ་ར་ག་ཨ་སྱེ་པས་སྦྱར་བ་དགེ།  

༈ཚེ་གཟུངས་ནི།  འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་ འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། ། སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ཨོཾ་ན་མོ་བྷ་ག་ཝ་ཏེ།  ཨ་པ་ རི་མི་ཏ་ཨ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛྭ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ།  ཨརྷ་ཏེ་ སམྱཀྶཾ་བུདྡྷ་ཡ།  ཏདྱ་ཐཱ།  ཨོཾ་པུཎྱེ། མཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ།  ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སཾ་བྷ་རོ་པ་ཙི་ཏེ།  ཨོཾ་སརྦ་ སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ ག་ག་ན་ས་མུངྒ་དེ་སྭ་བྷཱ་ཝ་བི་ཤདྡྷེ་མཧཱ་ན་ཡ་པ་རི་ཝ་རེ་སྭཱཧཱ། ༼ཨོཾ་ཨ་མཱ་ར་ཎི་ཛིཝནྟཱ་ཡ་སྭཱ་ཧཱ༽ འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་ འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། ། སངས་རྒྱས་ཚེ་དཔག་མེད་ཀྱིས་བཀྲ་ཤིས་ཤོག །ཚེ་ལོ་བརྒྱ་ཐུབ་ཅིང་སྟོན་ བརྒྱ་མཐོང་བ་དང༌། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །ཐེག་པ་ མཆོག་ལ་ངེས་པར་འབྱུང་བ་སྟེ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དགེ་བ་འདི་ཡིས་མྱུར་དུ་བདག །ཚེ་དཔག་མེད་པ་འགྲུབ་གྱུར་ ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །འདི་ཡི་ས་ལ་འགོད་པར་ཤོག །ཁྱོད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་ན་གནས་པའི་ས་ཕྱོགས་སུ། །ནད་གདོན་དབུལ་ཕོངསའཐབ་རྩོད་ཞི་བ་དང༌། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ།།

རྡོར་སེམས་བསྒོམ་བཟླས་ནི། ཨཱ་བདག་ཉིད་ཐ་མལ་སྤྱི་བོ་རུ༔ པད་དཀར་ཟླ་བའི་ གདན་གྱི་དབུས༔ ཧཱུྃ་ལས་བླ་མ་རྡོ་རྗེ་སེམས༔ དཀར་གསལ་ལོངས་སྤྱོད་ རྫོགས་པའི་སྐུ༔ རྡོ་རྗེ་དྲིལ་འཛིན་སྙེམས་མ་འཁྲིལ༔ ཁྱོད་ལ་སྐྱབས་ གསོལ་སྡིག་པ་སྦྱོང༔ འགྱོད་སེམས་དྲག་པོས་མཐོལ་ལོ་གཤགས༔ ཕྱིན་ཆད་ སྲོག་ལ་བབ་ཀྱང་སྡོམ༔ ཁྱོད་ཐུགས་ཟླ་བ་རྒྱས་པའི་སྟེང༔ ཧཱུྃ་ཡིག་མཐར་ མར་སྔགས་ཀྱི་བསྐོར༔ བཟླས་པ་སྔགས་ཀྱིས་རྒྱུད་བསྐུལ་བས༔ ཡབ་ཡུམ་ བདེ་རོལ་སྦྱོར་མཚམས་ནས༔ བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིན༔ ག་བུར་ རྡུལ་ལྟར་འཛག་པ་ཡིས༔ བདག་དང་ཁམས་གསུམ་སེམས་ཅན་གྱི༔ ལས་ དང་ཉོན་མོངས་སྡུག་བསྔལ་རྒྱུ༔ ནད་གདོན་སྡིག་སྒྲིབ་ཉེས་ལྟུང་སྒྲིབ༔ མ་ལུས་བྱང་བར་མཛད་དུ་གསོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ་ མ་ནུ་པཱ་ལ་ཡ༔ བཛྲ་སཏྭ་ཏེ་ནོ་པ་ ཏིཥྛ་དྲི་ཌྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་ སུ་ཙ་མེ༔ ཙིཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུྂ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱ༔ མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡི༔ དམ་ཚིག་ལས་ནི་འགལ་ཞིང་ ཉམས༔ བླ་མ་མགོན་པོས་སྐྱབས་མཛོད་ཅིག༔ གཙོ་བོ་རྡོ་རྗེ་འཛིན་པ་སྟེ༔ ཐུགས་རྗེ་ཆེན་པོ་བདག་ཉིད་ཅན༔ འགྲོ་བའི་གཙོ་ལ་བདག་སྐྱབས་མཆི༔ སྐུ་གསུངས་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་ མཐོལ་ལོ་གཤགས་སོ༔ སྡིག་པ་དང་སྒྲིབ་པ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ ཅད་བྱང་ཞིང་དག་པར་མཛད་དུ་གསོལ༔ རྡོ་རྗེ་སེམས་དཔའ་དགྱེས་བཞིན་ འཛུམ་པ་དང་བཅས་པས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་ དག་པ་ཡིན་ནོ་ཞེས་གནང་བ་བྱིན་ཞིང་འོད་དུ་ཞུ་ནས་རང་ལ་ཐིམ་པའི་རྐྱེན་ ལས་རང་ཉིད་ཀྱང་རྡོ་རྗེ་སེམས་དཔའ་སྣང་སྟོང་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་གྱུར་པའི་ཐུགས་སྲོག་ཧཱུཾ་གི་མཐར་མར་ཡི་གེ་འབྲུ་བཞི་པོ་གསལ་བ་ལས་འོད་ཟེར་འཕྲོས་ཁམས་གསུམ་སྣོད་དང་བཅས་པ་རྡོར་སེམས་རིགས་ལྔའི་རྟེན་དང་བརྟེན་པའི་རང་བཞིན་དུ་སངས་རྒྱས་པར་གྱུར༔ །ཨོཾ་བཛྲ་སཏྭ་ཧཱུྂ༔ །དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། །འགྲོ་བ་ གཅིག་ཀྱང་མ་ལུས་པ། །འདི་ཡི་ས་ལ་འགོད་པར་ཤོག །ཁྱོད་ལ་བསྟོད་ཅིང་ གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་ན་གནས་པའི་ས་ཕྱོགས་སུ། །ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང༌། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ།

༈ཨོཾ་ཕྱོགས་བསྡུས་སངས་རྒྱས་བྱང་སེམས་ཉན་རང་ཚོགས། །གསང་སྔགས་ རིག་སྔགས་ཟབ་མོའི་མཐུ་བྱིན་དང་། །ལྷ་དང་ལྷ་མོ་དྲང་སྲོང་གྲུབ་པ་དང་། ། རྟེན་འབྲེལ་བསླུ་བ་མེད་པའི་བདེན་ཚིག་གིས། །བདག་ཅག་ཆོས་མཐུན་བྱ་བ་ གང་བརྩམ་པ། །བགེགས་ཉེ་བར་འཚེ་བ་ཀུན་ཞི་ནས། །འདོད་དོན་དཔལ་ འཕེལ་བསམ་དོན་ཡིད་བཞིན་འགྲུབ། །བཀྲིས་བདེ་ལེགས་ཕུན་གསུམ་ཚོགས་གྱུར་ཅིག ཨོཾ་ཡེ་དྷརྨ་ཧེཏུ་པྲ་བྷ་ཝ་ཧེ་ཏུན་ཏེ་ཏེ་ཥཱེནྟ་ཐཱ་ག་ཏོ་ཧྱ་ཝ་ད་ཏ་ཏེ་ཥཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་ཏི་མཧ་ཤྲཱ་མ་ཎ་ཡེ་སྭ་ཧཱ།

གསོལ་སྨོན་ནི། བྱམས་བརྩེ་འགྲོ་བ་མ་ལུས་བུ་བཞིན་སྲུང། །སྤྱོད་ཡུལ་བདུད་ཀྱི་ལམ་ལས་ཤིན་ཏུ་འདས། །ནུས་མཐུ་ཕས་ཀྱི་རྒོལ་བ་མི་བཟློག་པ། །སྲིད་གསུམ་བླ་མའི་ ཞབས་ལ་སྐྱབས་སུ་མཆི། །ཆོས་ལྡན་སྣོད་བཅུད་སྐྱོབ་ལ་མཚུངས་མེད་པའི། །ཐུགས་དམ་མི་འགྱུར་མཚོ་སྐྱེས་རྒྱལ་བ་དང་། །སྨན་བླ་སྤྱན་གཟིགས་སྒྲོལ་མ་ཀཱི་ལ་ཡ། །གསོལ་བ་འདེབས་སོ་ཐུགས་རྗེ་རྩལ་ཤུགས་ཕྱུང་། །བརྣག་དཀའི་སྙིགས་མའི་གདུང་བ་རྩུབ་མོའི་ཆ། །ནད་ཡམས་གདོན་བགེེགས་འཁྲུགས་རྩོད་དབུལ་ཕོངས་སོགས། །མཆོག་གསུམ་བྱིན་རླབས་བདུད་བརྩི་ཉེར་ཞི་ནས། ། བདེ་སྐྱིད་སྣང་བས་ས་སྟེང་ཁྱབ་པར་ཤོག །ཁྱད་པར་བདག་ཅག་དམ་ཆོས་ཉན་བཤད་དང་། །རྩེ་གཅིག་སྒྲུབ་ལ་བརྩོན་པའི་གནས་སྐབས་ཀུན། །མི་མཐུན་ བར་ཆད་མིང་ཡང་མི་འབྱུང་ཞིང་། །ལེགས་ཚོགས་ཡར་ངོ་ཟླ་ལྟར་འཕེལ་བར་ཤོག །གཞན་གྱི་བྱད་གཏད་རྦད་འདྲེའི་གནོད་པ་དང་། །ཕུང་ངུར་དམ་གསུམ་ལ་སོགས་སྲི་ཡི་རིགས། །རྣོ་དཔལ་ཡེ་ཤེས་རལ་གྲིས་ཚར་བཅད་དེ། །སྟོང་ ཆེན་དབྱིངས་སུ་ཉེ་བར་ཞི་གྱུར་ཅིག །དཔལ་ལྡན་ནག་པོ་ཆེན་པོ་ལྕམ་དྲལ་ སོགས། །དུས་རྣམས་ཀུན་ཏུ་གཡེལ་མེད་སྲུང་བ་དང་། །འདོད་པའི་འཕྲིས་ ཡིད་བཞིན་སྒྲུབ་པར་ཤོག

དུས་མཐར་གདབ་པའི་སྨོན་ལམ་ནི། ན་མོ༑དཀོན་མཆོག་གསུམ་ལ་སྙིང་ནས་སྐྱབས་སུ་མཆི། །སྐྱེ་མེད་ཆོས་ལ་ བཟོད་པ་མ་ཐོབ་པར། །ངན་འགྲོའི་གནས་སུ་ནམ་ཡང་མི་ལྟུང་ཞིང་། །ལྷ་བས་ལྷག་པའི་ལུས་རྟེན་ཐོབ་པར་ཤོག། །མཐོ་རིས་ཐོབ་ཀྱང་སྡུག་བསྔལ་རྣམས་ གསུམ་གྱིས། །འདམ་ལ་མ་བཞག་འཁོར་བ་ཡོད་མིན་ན། །བདེ་འགྲོའི་ རྟེན་ལ་མྱ་ངན་འདའ་བའི་བགེགས། །མི་ཁོམས་གནས་དང་མཚུངས་ལྡན་ལུས་སྤོང་ཤོག །སྡོམ་མིན་རྒྱུན་ལྡན་རྒྱལ་བློན་སྡིག་ཏོ་ཅན། །གཡུལ་ལས་དགའ་ དང་ཞལ་ལྕེ་འཁྱོག་པར་སྤྱོད། །རྗེ་བའི་བྲན་གྱུར་ཉམ་ཆུང་མནར་བ་དང་། ། ཚོང་པ་དང་ནི་གཡོན་ཅན་ལུས་སྤོང་ཤོག །དཀོན་མཆོག་དཀོར་འཕྲོག་དགེ་ འདུན་ལས་བྱེད་དང་། །ལྡན་གྲོལ་གཉིས་མེད་དཀོར་ལ་རང་དགར་སྤྱོད། ། ལེགས་སྨོན་དོན་གཉེར་ཁྱིམ་པ་བསུན་འབྱུན་ཅན། །གཞན་རྒྱུད་བསྲེག་པའི་ དགེ་སྦྱོང་ལུས་སྤོང་ཤོག །རང་བཞིན་ངན་པའི་སྦྲུལ་གདུག་ལྟ་བུ་དང་། ། གཞན་འབྱོར་ལ་སྡང་ལྷ་མ་ཡིན་གྱི་སེམས། །སྐྱབས་འོས་བསླུ་ཞིང་ཆོས་ལ་སྡང་བ་དང་། །བརྐུ་དང་འཕྲོག་འཇོམས་རྔོན་པའི་ལུས་སྤོང་ཤོག །མཚམས་མེད་ལྔའམ་དེ་དང་ཉེ་བ་ལྔ། །མི་དགེ་བཅུ་ལ་འགྱོད་སེམས་མེད་པར་སྤྱད། །ནགས་ལ་མེ་སྦར་སྦྲང་ཚང་གཏིབས་པ་སོགས། །ཁ་ན་མ་ཐོ་ཆེ་ལས་ཐར་བར་ཤོག །དེ་ལྟར་ཐར་ནས་ད་ནི་ལྔ་བརྒྱའི་མཐར། །སྐྱེས་བུའི་ལུས་རྟེན་མི་ལུས་རིན་པོ་ཆེ། །རབ་ཏུ་འབྱུང་ངམ་ཅག་ཤོས་ཡང་ནི་རུང་། །བྱང་ཆུབ་སེམས་དཔའི་རིགས་ཅན་ཐོབ་པར་ཤོག །སྐྱེས་མ་ཐག་ཏུ་ཐེག་པ་ཆེན་པོའི་ལམ། །མ་ནོར་མངོན་སུམ་སྟོན་པའི་བླ་མ་དང་། །མཇལ་ནས་རྣམས་པ་ཀུན་ཏུ་མཉེས་བྱེད་ཅིང་། །ཐོས་བསམ་བསྒོམ་པའི་ཤེས་རབ་ལྡན་པར་ཤོག །དེ་ཡང་བསམ་པ་བྱང་ཆུབ་སེམས་དང་ལྡན། །སྦྱོར་བ་ཕ་རོལ་ཕྱིན་དྲུག་ལ་གོམས་པས། །ལམ་ལྔ་ས་བཅུ་སྔགས་ཀྱི་སྡེ་སྣོད་ལ། །ཅིག་ཅར་བགྲོད་པའི་སྐལ་པ་མཆོག་ལྡན་ཤོག

༈སློབ་དཔོན་ཀླུ་གྲུབ་ཀྱིས་མཛད་པའི་སྨོན་ལམ་ནི། ན་མོ།འཁོར་བར་འཁོར་ཚེ་སྐྱེ་གནས་ཐམས་ཅད་དུ། །ཆོས་ལ་བཟོད་པ་མ་ཐོབ་ བར་དུ་ནི། །ངན་སོང་གསུམ་དུ་ནམ་ཡང་མི་སྐྱེ་ཞིང༌། །མཐོ་རིས་མི་ཡི་ལུས་སུ་སྐྱེ་བར་ཤོག །མཐོ་རིས་མི་ཡི་ལུས་སུ་སྐྱེས་ནས་ཀྱང༌། །སྡིག་སྤྱོད་རྒྱལ་པོར་མ་སྐྱེ་དེ་ཡི་བློན་པོ་དང༌། །དམག་དཔོན་ཞལ་ཆེ་གཅོད་པའི་ལུས་སུ་བདག་མ་སྐྱེས། །ཁེ་བྱེད་ཏིལ་བརྡུང་ཆང་འཚོང་རྐུན་པོ་དང༌། །བྲན་དང་མོ་ཡི་ལུས་སུ་ བདག་མ་སྐྱེས །དགེ་སློང་རྣམས་ལ་དབང་བྱེད་བདག་པོ་དང༌། །གནས་བརྟན་ལས་བྱེད་པ་དང་ནང་ཁྲིམས་པ། །དགེ་བསྐོས་གཙང་སྦྱོར་བ་དང་དམ་བཞག་པ། །གང་ཟག་ལས་བྱེད་རྣམས་སུ་བདག་མ་སྐྱེས། །མཐའ་འཁོབ་ལ་ཀློ་སྐྱེ་བའི་ ཡུལ་རྣམས་དང༌། །གླེན་ལྐུག་འོན་ལོང་ཕྲག་དོག་ཅན་རྣམས་དང༌། །མུ་སྟེགས་ལོག་ལྟ་ཅན་གྱི་རིགས་རྣམས་དང༌། །རིགས་ངན་བཤན་པའི་ལུས་སུ་བདག་མ་སྐྱེས། །བྱང་ཆུབ་མ་ཐོབ་བར་དུ་རྟག་པར་བདག །ལུས་ཀྱི་ཡན་ལག་རྒྱས་ཤིང་སྐྱོན་མེད་པ། །དབང་པོ་ཚང་ཞིང་རིགས་མཐོ་བཀུར་བའི་གནས། །དམ་ཆོས་སྤྱོད་པའི་ལུས་སུ་སྐྱེ་བར་ཤོག །དམ་ཆོས་སྤྱོད་པའི་ལུས་སུ་སྐྱེ་ནས་ཀྱང༌།  །གཞོན་ནུ་རབ་བྱུང་ཚུལ་ཁྲིམས་ལྡན་པ་དང༌། །ཚེ་ལ་ནད་ཀྱི་བར་ཆད་མེད་པ་ དང༌། །སྐྱེས་མ་ཐག་ཏུ་ཆོས་དང་འཕྲད་པར་ཤོག །སྐྱེ་མ་ཐག་ཏུ་ཆོས་དང་ འཕྲད་ནས་ཀྱང༌། །ཐོས་བསམ་སྒོམ་གསུམ་རིགས་པས་རྒྱུད་སྦྱངས་ནས། རྣམ་ཤེས་དྲུག་པོ་ཡུལ་ལ་མ་ཡེངས་པར། །ཏིང་འཛིན་རྩེ་གཅིག་སེམས་ལ་ དབང་ཐོབ་ནས། །ཁམས་གསུམ་སེམས་ཅན་མ་ལུས་ཐམས་ཅད་ཀྱི། དོན་རྣམས་དཔག་མེད་བདག་གིས་འགྲུབ་པར་ཤོག །ཆོས་རྗེ་རྒྱ་རས་པའི་གསུང༌། འདི་བཟུང་ཚེ་རབས་ཐམས་ཅད་དུ། །མི་ལུས་རིན་ཆེན་ཐོབ་པ་དང༌། །གསང་སྔགས་རྡོ་རྗེ་ཐེག་པ་ཡི། །བླ་མ་སངས་རྒྱས་རྣམས་དང་མཇལ་པར་ཤོག།

།བདེ་བ་ཅན་གྱི་སྨོན་ལམ་བསྡུས་པ་ནི།  ཨེ་མ་ཧོཿ ངོ་མཚར་སངས་རྒྱས་སྣང་བ་མཐའ་ ཡས་དང༌། །གཡས་སུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང༌། །གཡོན་དུ་སེམས་དཔའ་ མཐུ་ཆེན་ཐོབ་རྣམས་ལ། །སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་ བསྐོར། །བདེ་སྐྱིད་ངོ་མཚར་དཔག་ཏུ་མེད་པ་ཡི། །བདེ་བ་ཅན་ཞེས་བྱ་བའི་ ཞིང་ཁམས་དེར། །བདག་གཞན་འདི་ནས་ཚེ་འཕོས་གྱུར་མ་ཐག །སྐྱེ་བ་ གཞན་གྱིས་བར་མ་ཆོད་པ་རུ། །དེ་རུ་སྐྱེས་ནས་སྣང་མཐའི་ཞལ་མཐོང་ཤོག །དེ་སྐད་བདག་གིས་སྨོན་ལམ་བཏབ་པ་འདི། །ཕྱོགས་བཅུ་སངས་རྒྱས་བྱང་ སེམས་ཐམས་ཅད་ཀྱིས། །གེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཏདྱཐཱ།།པཉྩ་དྲི་ཡ་ཨ་ཝ་བོ་དྷ་ནཱ་ཡ་སྭཱ་ཧཱ།  གནམ་ཆོས་བདེ་ཆེན་ཞིང་སྒྲུབ་ནས་ཁོལ་དུ་ཕྱུངས་པའོ།།    ཕྱོགས་དུས་རྒྱལ་བ་སྲས་བཅས་དགོངས། །ཚོགས་གཉིས་རྫོགས་ལ་རྗེས་ཡི་ རང༌། །བདག་གིས་དུས་གསུམ་དགེ་བསགས་པ།  །དཀོན་མཆོག་གསུམ་ལ་མཆོད་པ་འབུལ། །རྒྱལ་བའི་བསྟན་པ་འཕེལ་གྱུར་ཅིག །དགེ་བ་སེམས་ཅན་ཀུན་བསྔོ། །འགྲོ་ཀུན་སངས་རྒྱས་ཐོབ་གྱུར་ཅིག །དགེ་རྩ་ཐམས་ཅད་གཅིག་བསྡུས་ཏེ། །བདག་གི་རྒྱུད་ལ་སྨིན་གྱུར་ཅིག །སྒྲིབ་གཉིས་དག་ནས་ཚོགས་ རྫོགས་ཏེ། །ཚེ་རིང་ནད་མེད་ཉམས་རྟོགས་འཕེལ། །ཚེ་འདིར་ས་བཅུ་ནོན་ གྱུར་ཅིག །ནམ་ཞིག་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་གྱུར་ཅིག སྐྱེས་ནས་པདྨའི་ཁ་ཕྱེ་སྟེ། །ལུས་རྟེན་དེ་ལ་སངས་རྒྱས་ཤོག །བྱང་ཆུབ་ཐོབ་ ནས་ཇི་སྲིད་དུ། །སྤྲུལ་པས་འགྲོ་བ་འདྲེན་པར་ཤོག །སངས་རྒྱས་སྐུ་གསུམ་ བརྙེས་པའི་བྱིན་རླབས་དང༌། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང༌། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །ཇི་ལྟར་བསྔོས་བཞིན་སྨོན་ལམ་འགྲུབ་པར་ཤོག །ནམ་མཁའི་མཐར་ཐུག་མཐའ་ཡས་སེམས་ཅན་ རྣམས། །མ་འབད་བཞིན་དུ་སྐུ་གསུམ་མངོན་གྱུར་ཞིང་། །ཕ་མ་འགྲོ་དྲུག་ སེམས་ཅན་མ་ལུས་པ། །ཕྱམ་ཅིག་གདོད་མའི་ས་ལ་ཕྱིན་པར་ཤོག

།སྨོན་ལམ་གྱི་རིམ་པ་ནས།  ན་མོ་གུ་རུ༔  སྤྲེལ་ལོ་སྤྲེལ་ཟླ་ར་བའི་ཚེས་བཅུ་ལ༔ བསམ་ཡས་བར་ཁང་གཡུ་ཞལ་ཅན་དུ་ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ཨོ་རྒྱན་གྱིས་སྨོན་ལམ་གྱི་གསུངས་བས་རྗེས་འབངས་ཐམས་ཅད་ཀྱིས་ཐུགས་དམ་ནར་མར་མཛད༔ཕྱི་རབས་རྣམས་ཀྱིས་ལ་ཐུགས་དམ་རྩེ་གཅིག་ཏུ་མཛོད༔    ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས༔ བླ་མ་ཡི་དམ་མཁའ་འགྲོ་ ཆོས་སྐྱོང་ཚོགས༔  མ་ལུས་ཞིང་གི་རྡུལ་སྙེད་གཤེགས་སུ་གསོལ༔  མདུན་ གྱི་ནམ་མཁར་པད་ཟླའི་གདན་ལ་བཞུགས༔  ལུས་ངག་ཡིད་གསུམ་གུས་ པས་ཕྱག་འཚལ་ལོ༔  ཕྱི་ནང་གསང་བ་དེ་བཞིན་ཉིད་ཀྱིས་མཆོད༔  རྟེན་ མཆོག་བདེ་གཤེགས་རྣམས་ཀྱི་སྤྱན་སྔ་རུ༔ སྔོན་གྱི་སྡིག་པའི་ཚོགས་ལ་བདག་ གནོང་ཞིང་༔  ད་ལྟའི་མི་དགེ་འགྱོད་པར་རབ་ཏུ་བཤགས༔  ཕྱིན་ཆད་དེ་ ལས་ལྡོག་ཕྱིར་བདག་གིས་བསྡམ༔ བསོད་ནམས་དགེ་ཚོགས་ཀུན་ལ་ཡི་ རང་ངོ་༔  རྒྱལ་བའི་ཚོགས་རྣམས་མྱ་ངན་མི་འདའ་བར༔ སྡེ་སྣོད་གསུམ་ དང་བླ་མེད་ཆོས་འཁོར་བསྐོར༔  དགེ་ཚོགས་མ་ལུས་འགྲོ་བའི་རྒྱུད་ལ་བསྔོ༔  འགྲོ་རྣམས་བླ་མེད་ཐར་པའི་སར་ཕྱིན་ཤོག༔  སངས་རྒྱས་སྲས་བཅས་ བདག་ལ་དགོངས་སུ་གསོལ༔ བདག་གིས་བརྩམས་པའི་སྨོན་ལམ་རབ་བཟང་ འདི༔  རྒྱལ་བ་ཀུན་ཏུ་བཟང་དང་དེ་སྲས་དང་༔ འཕགས་པ་འཇམ་དཔལ་ དབྱངས་ཀྱིས་མཁྱེན་པ་ལྟར༔  དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཤོག༔  བསྟན་པའི་དཔལ་གྱུར་བླ་མ་རིན་ཆེན་རྣམས༔ ནམ་མཁའ་བཞིན་དུ་ཀུན་ལ་ ཁྱབ་པར་ཤོག༔  ཉི་ཟླ་བཞིན་དུ་ཀུན་ལ་གསལ་བར་ཤོག༔  རི་བོ་བཞིན་དུ་ རྟག་ཏུ་བརྟན་པར་ཤོག༔  བསྟན་པའི་གཞི་མ་དགེ་འདུན་རིན་པོ་ཆེ༔  ཐུགས་མཐུན་ཁྲིམས་གཙང་བསླབ་གསུམ་གྱིས་ཕྱུག་ཤོག༔  བསྟན་པའི་སྙིང་ པོ་གསང་སྔགས་སྒྲུབ་པའི་སྡེ༔ དམ་ཚིག་ལྡན་ཞིང་བསྐྱེད་རྫོགས་མཐར་ཕྱིན་ ཤོག༔  བསྟན་པའི་སྦྱིན་བདག་ཆོས་སྐྱོང་རྒྱལ་པོ་ཡང་༔  ཆབ་སྲིད་རྒྱས་ ཤིང་བསྟན་ལ་སྨན་པར་ཤོག༔  བསྟན་པའི་ཞབས་འདེགས་རྒྱལ་རིགས་ བློན་པོ་ཡང་༔  བློ་གྲོས་རབ་འཕེལ་རྩལ་དང་ལྡན་པར་ཤོག༔  བསྟན་པའི་ གསོས་བྱེད་ཁྱིམ་བདག་འབྱོར་ལྡན་རྣམས༔  ལོངས་སྤྱོད་ལྡན་ཞིང་ཉེར་འཚེ་ མེད་པར་ཤོག༔  བསྟན་ལ་དད་པའི་ཡངས་པའི་རྒྱལ་ཁབ་ཀུན༔  བདེ་སྐྱིད་ ལྡན་ཞིང་བར་ཆད་ཞི་བར་ཤོག༔  ལམ་ལ་གནས་པའི་རྣལ་འབྱོར་བདག་ཉིད་ ཀྱང་༔  དམ་ཚིག་མི་ཉམས་བསམ་པ་འགྲུབ་པར་ཤོག༔  བདག་ལ་བཟང་ ངན་ལས་ཀྱིས་འབྲེལ་གྱུར་གང་༔ གནས་སྐབས་མཐར་ཐུག་རྒྱལ་བས་རྗེས་ འཛིན་ཤོག༔  འགྲོ་རྣམས་བླ་མེད་ཐེག་པའི་སྒོར་ཞུགས་ནས༔  ཀུན་བཟང་ རྒྱལ་སྲིད་ཆེན་པོ་ཐོབ་པར་ཤོག༔

༈སྨོན་ལམ་གྲུབ་པའི་རྒྱལ་པོ།  བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨོན་ལམ་གྲུབ་པའི་རྒྱལ་པོ་ལ་ཕྱག་ འཚལ་ལོ། །ལས་དང་གློ་བུར་རྐྱེན་ལས་གྱུར་པ་ཡིས། །གདོན་དང་ནད་དང་ འབྱུང་པོའི་འཚེ་བ་སོགས། །སེམས་ཅན་ཡིད་མི་བདེ་བའི་ནད་རྣམས་ཀུན། །འཇིག་རྟེན་ཁམས་སུ་འབྱུང་པར་མ་གྱུར་ཅིག །ཇི་ལྟར་གཤེད་མས་ཁྲིད་པའི་ བསད་བྱ་བཞིན། །སྐད་ཅིག་གཅིག་ལ་ལུས་སེམས་འབྲལ་བྱེད་པའི། །སྲོག་ འཕྲོག་ནད་ཀྱི་སྡུག་བསྔལ་ཇི་སྙེད་པ། །འཇིག་རྟེན་ཁམས་སུ་འབྱུང་བར་མ་ གྱུར་ཅིག །འཆི་བདག་གཤིན་རྗེའི་ཁ་ན་ཚུད་པ་ལྟར། །ནད་ཀྱི་མིང་ཙམ་ཐོས་པའི་སྐྲག་བྱེད་པའི།ཉིན་གཅིག་པ་དང་རྟག་པའི་རིམས་སོགས་ཀྱིས། །ལུས་ཅན་ཀུན་ལ་གནོད་པར་མ་གྱུར་ཅིག །གནོད་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང༌། །བློ་བུར་ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་དང༌། །བཞི་བརྒྱ་རྩ་བཞིའི་ ནད་ལ་སོགས་པ་ཡིས། །ལུས་ཅན་ཀུན་ལ་འཚེ་བར་མ་གྱུར་ཅིག །ལུས་སེམས་བདེ་བ་མ་ལུས་འཕྲོག་བྱེད་པའི། །འབྱུང་བཞི་འཁྲུག་པའི་སྡུག་བསྔལ་ཇི་ སྙེད་པ། །མ་ལུས་ཞི་ཞིང་མདངས་སྟོབས་ལྡན་གྱུར་ནས། །ཚེ་རིང་ནད་ མེད་བདེ་སྐྱིད་ལྡན་པར་ཤོག །བླ་མ་དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང༌། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་མཐུ་སྟོབས་དང༌། །ལས་འབྲས་བསླུ་བ་མེད་ པའི་བདེན་སྟོབས་ཀྱིས། །སྨོན་ལམ་ཇི་ལྟར་བཏབ་པ་འགྲུབ་གྱུར་ཅིག།།  

བཀྲིས་ནི། བླ་མེད་བླ་མའི་ཐུགས་རྗེ་དང་། །རྒྱལ་དང་རྒྱལ་སྲས་རང་རྒྱལ་དང་། །དགྲ་ བཅོམ་བདེན་པའི་བྱིན་རླབས་ཀྱིས། །སྨོན་ལམ་རྣམ་དག་འགྲུབ་པར་ཤོག་ །རྡོ་རྗེ་འཆང་ཆེན་ཏིལླི་ནཱ་རོ་དང༌། །མར་པ་མི་ལ་སྒམ་པོ་མཐའ་རྩ་པ། །སྣ་ཕུ་པ་ དང་དཔལ་ལྡན་འབྲུག་པ་སོགས། །དཀར་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ ཤོག །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། སངས་རྒྱས་ཚེ་དཔག་མེད་ཀྱིས་བཀྲ་ཤིས་ཤོག །རྒྱ་གར་པཎ་ཆེན་བོད་ལ་ བཀའ་དྲིན་ཆེ། །པདྨ་འབྱུང་གནས་སྐུ་ལ་འདས་གྲོངས་མེད༌། །ད་ལྟ་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད། །ཨོ་རྒྱན་རིན་པོ་ཆེ་ཡི་བཀྲ་ཤིས་ཤོག །ཆོས་སྐུ་གཟུང་འཛིན་བྲལ་བའི་ངང་ཉིད་ལས། །ལོངས་སྤྱོད་རྫོགས་སྐུ་འཇའ་ཚོན་ལྟ་བུ་ལ། །མཚན་དང་དཔེ་བྱད་ཕྱག་རྒྱ་ལྔ་ཡིས་བརྒྱན། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །ཡུལ་ཉི་ཤུ་རྩ་བཞིའི་མཁའ་འགྲོ་དང༌། །ཁྱད་པར་ཨོ་རྒྱན་དབེན་ གནས་སུ། །དམ་ཚིག་ཅན་རྣམས་བསྲུང་མཛད་པའི། །མཁའ་འགྲོ་མ་རྣམས་ཀྱི་བཀྲ་ཤིས་ཤོག །བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །སྒྲུབ་པ་མཛད་པའི་གང་ཟག་ལ། །བུ་བཞིན་སྐྱོང་བར་ཞལ་བཞེས་པའི། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་ བཀྲ་ཤིས་ཤོག །འབད་དང་རྩོལ་བ་མི་དགོས་ཤིང༌། །ཡིད་བཞིན་ནོར་བུ་ དཔག་བསམ་ཤིང༌། །སེམས་ཅན་རེ་བ་སྐོང་མཛད་པའི། །བསམ་པ་འགྲུབ་ པའི་བཀྲ་ཤིས་ཤོག །མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག །ཡན་ལག་དྲུག་ཅུ་གསུང་གི་བཀྲ་ཤིས་ཤོག །ཐ་དད་འབྲལ་མེད་ཐུགས་ཀྱི་བཀྲ་ཤིས་ཤོག རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག །གནས་འདིར་ཉིན་མོ་བདེ་ ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག སྟོན་པ་ འཇིག་རྟེན་ཁམས་སུ་བྱོན་པ་དང༌། །བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང༌། །བསྟན་འཛིན་ཕུ་ནུ་བཞིན་དུ་མཐུན་པ་ཡིས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །བསྟན་པའི་དཔལ་འབྱོར་བླ་མའི་ཞབས་པད་བརྟན། བསྟན་འཛིན་སྐྱེས་བུ་ས་སྟེང་ཡོངས་ལ་ཁྱབ། །བསྟན་པའི་སྦྱིན་བདག་མངའ་ ཐང་དར་བ་ཡི། །བསྟན་པ་ཡུན་རིང་གནས་པ་བཀྲིས་ཤོག །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒ་ན་འཆི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་རྣམས་ སྒྲོལ་བར་ཤོག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང༌། །ཀུན་ཏུ་ བཟང་པོས་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང༌། དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པ་རྒྱལ་བ་ ཐམས་ཅད་ཀྱི། །བསྔོ་བ་གང་ལ་ཆགས་ཏུ་སྔགས་པ་དེ། །བདག་གིས་དགེ་ བའི་རྩ་བ་དེ་ཀུན་ཀྱང་། །བཟང་པོར་སྤྱོད་ཅིང་རབ་ཏུ་བསྔོ་བར་བགྱིས། །སྨོན་ལམ་རྒྱལ་པོ་འདི་དག་མཆོག་གི་གཙོ་བོ། །མཐའ་ཡས་འགྲོ་བ་ཀུན་ལ་ཕན་བྱེད་ཅིང་། །ཀུན་ཏུ་བཟང་པོ་བརྒྱན་པའི་གཞུང་གྲུབ་སྟེ། །ངན་སོང་གནས་རྣམས་མ་ལུས་སྟོང་པར་ཤོག །འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་་དང་། །བྱས་དང་བྱེད་འགྱུར་ཇི་བཞིན་སྤྱོད་པ་དང་། །བཟང་པོ་སྤྱོད་ཕྱིར་དེ་འདྲའི་ས་བདག་ལ། ཀུན་ནས་ཀུན་ཀྱང་བཟང་པོ་རེག་གྱུར་ཅིག །ནམ་ཞིག་དཔལ་གྱི་རི་ལ་ཀླུ་སྒྲུབ་རྗེས། །སྐལ་ལྡན་འདུས་པའི་ཚོགས་ཀྱི་ཡོངས་བསྐོར་ནས། །མཐའ་བྲལ་དབུ་མའི་ལམ་བཟང་འཆད་པ་ན། །བདག་ཀྱང་འཁོར་གྱི་ཐོག་མར་སྐྱེ་བར་ཤོག དེ་ཚེ་ཤེསབྱའི་ཆོས་ཉིད་ནམ་མཁའི་མཐའ། །གཞལ་བའི་རྣམ་དཔྱོད་མཚུངས་པ་མེད་པ་ཡིས། །ཆོས་ལྟར་བཅོས་པ་ཐམསཅད་བསུན་ཕྱུངས་ནས། །འཕགས་པའི་དགོངས་པ་འཁྲུལ་མེད་བསྟེན་པར་ཤོག དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་། །མཁའ་མཉམ་ཡོངས་ལ་བདེ་སྐྱིད་ འབྱུང་བ་དང་། །བདག་གཞན་མ་ལུས་ཚོགས་བསགས་སྒྲིབ་སྦྱང་ནས། །མྱུར་དུ་སངས་རྒྱས་ས་ལ་འགོད་པར་ཤོག །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང༌། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང༌། །འབྲེལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང༌། །ས་ དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །དཔལ་ལྡན་བླ་མའི་གོ་འཕང་མྱུར་ཐོབ་ཤོག བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་འགྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་ཡི། །གོང་ནས་གོང་དུ་འཕེལ་བར་ཤོག། ཕ་མ་སེམས་ཅན་ཐམས་ཅད་དོན་དང་ལྡན་འགྱུར་ཅིག་ངན་འགྲོ་ཐམས་ཅད་ རྟག་ཏུ་སྟོང་པ་དང་། །བྱང་ཆུབ་སེམས་དཔའ་གང་དག་ས་བཞུགས་པ། །དེ་ ལྟར་ཀུན་གྱི་སྨོན་ལམ་འགྲུབ་གྱུར་ཅིག །།

མ་འབྱོར་བ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་རྩལ་བ། །དེ་ཡང་བཟོད་པར་མཛད་དུ་གསོལ། །ལྷག་པ་དང་ནི་ཆད་པ་དང༌། །ཆོ་གའི་ཡན་ལག་ཉམས་པ་དང༌། །བདག་གིས་ བརྗེད་ངས་ཅི་བགྱིད་པ། །དེ་ཡང་བཟོད་པ་མཛད་དུ་གསོལ། །དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ནས། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་པོ་ཐོབ་པར་ཤོག། 

།གཞན་ཡང་སྐྱེ་བ་འདི་ཉིད་ལུ། །མི་མཐུན་ཕྱོགས་ཀུན་ཞི་བད་དང༌། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་བར་ཐོབ་པར་ཤོག །ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿལན་བདུན། །ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། །ཡ་ར་ལ་ཝ། །ཤ་ཥ་ས་ཧ་ཀྵཿ

 

 

 

 

 

 

 

 

 

 

 

 

 

སྨོན་ལམ་གྱི་རིམ་པ་ནི།

མར་མེ་སྨོན་ལམ་ནི། ཨོཾ་སྭ་བྷ་ཝ་ཤུ་དྡྷ་སརྦ་དྷརྨ་སྭ་བྷ་ཝ་ཤུ་དྡྷོཉ་ཧཾ། །མར་མེ་རྣམས་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། །སྟོང་པའི་ངང་ལས་བྷྲཱམ༌ལས༌འཛམ༌བུ༌ཆུ༌བོའི༌གསེར་གྱི་ཀོང་བུ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ ཨོཾ་ཨཱ༔ཧཱུྃ འོད་དུ་ཞུ་བ་ལས་ ཐབས་མཆོག་མར་ཁུ་ལ་ཤེས་རབ་སྟོང་པ་ཉིད་ཀྱི་མེ་ལྕེ་ལྷབ་ལྷབ་འབར་བ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མར་མེས་འཁོར་བའི་ལས་ཉོན་བགས་ ཆགས་དང་བཅས་པ་གཅིག་ཅར་དུ་བསྲེག་པར་ནུས་ཤིང་རྒྱལ་བ་ཐམས་ཅད་ ཡེ་ཤེས་ཀྱི་མཆོད་པས་དགྱེས་པ་བསྐྱེད་ནུས་པ་དུས་འཁོརབར་ཇི་སྲིད་མ་སྟོང་གི་བར་དུ་ཟད་པ་མེད་ཅིང་ཞིང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མ་ལུས་པའི་ཞིང་ཁམས་ཁྱབ་ཅིང་གསལ་བའི་ཡེ་ཤེས་ཀྱི་མར་མེ་འགྱུར། ཨོཾ་ཨཱ༔ཧཱུྃ།ལན་གསུམ  དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །སྙིང་པོ་ལམ་ལ་བྱང་ཆུབ་ བཞུགས་པ་ཡི། །འཁོར་བའི་གཡང་ས་ཆེན་པོར་མི་ལྟུང་ཞིང། །ཆགས་དང་ གཅོང་རོང་གནས་སུ་མི་སྐྱེས་དང་། །ལོག་ལྟ་དམྱལ་བར་ཟང་ཁར་རྦབ་མི་ འགྲིལ། །འཁོན་འཛིན་གཅན་གཟན་གདུག་པའི་སྐད་མི་ཐོས། །ཉོན་མོངས་ མཚོན་རྩེ་རྣོན་པའི་ཟེར་མི་ཕོག །དགེ་བའི་བཤེས་གཉེན་བཀའ་དྲིན་ཆེ་བ་དང་། །སྲོག་གིས་འབྲེལ་བའི་མཆེད་དང་ལྕམ་དྲལ་དང་། །གསུམ་པའི་དབང་གིས་འབྲེལབའི་རིགས་མ་གསུམ། །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །མི་ འབྲལ་རྩེ་གཅིག་འགྲོགས་པའི་ཏིང་འཛིན་གྱིས། །ས་བཅུ་ཁྱད་པར་རིམ་གྱིས་ བགྲོད་པར་ཤོག །ནམ་ཞིག་ཚེ་ཡི་འདུ་བྱེད་སྟོང་པའི་ཚེ། །སྣང་བའི་གོ་འབྱེད་ཞུན་མར་མདངས་གསལ་འདིས། །རིག་འཛིན་སྒྲུབ་པ་པོ་ཡི་བཤུལ་མཚོན་ཅིག །ཀུན་ཏུ་འོད་ཀྱི་ས་ལ་བརྒྱུད་བྱང་ནས། །པདྨ་ཆེན་པོའི་ས་ལ་ལྷུན་གྱིས་གྲུབ། །འཁོར་ལོའི་ཕྱག་ཆེན་ས་ལ་གཤེགས་པའི་ཚེ། །སྔོན་གྱི་རྒྱལ་བ་རྣམས་ཀྱི་  མདུན་བསུས་ཤིག །ཡི་དམ་ལྷ་ཡི་རྒྱབ་ནས་སྲོག་བརྟེན་ཅིག །བྱང་ཆུམ་ སེམས་དཔའ་རྣམས་ཀྱི་མཐའ་སྐྱོར་ཅིག །མཆོད་པའི་ལྷ་མོ་རྣམས་ཀྱི་སྣ་དྲོངས་ཤིག །མ་ཚོགས་དབང་མོ་རྣམས་ཀྱིས་རྗེས་སྐྱོང་ཤིག །ལྕང་ལོ་ཅན་གྱི་ས་ལ་ གཤེགས་པའི་ཚེ། །མི་ལྡོག་པ་ཡི་ས་ལ་གནས་ནས་ཀྱང་། རྡོོ་རྗེ་ཁྲོ་རྒྱལ་ ཁྱོད་ཀྱི་ཞལ་མཐོང་ནས། །རིག་འཛིན་རྣམས་དང་དབྱེར་མེད་གྱུར་ནས་ཀྱང་། །བླ་མེད་སྐུ་གསུང་ཐུགས་གསུམ་ལྷུན་གྲུབ་ཤོག །སྟོང་གསུམ་འདིའམ་གཞན་དག་ན། །ལྷ་རྫས་བཟང་པོའི་མར་མེ་འདི། །ཉི་ཟླ་འོད་མའི་བཀྲག་དང་ལྡན། །རང་གསལ་རིག་པའི་རྩལ་མདངས་མཆོག །དཀྱིལ་འཁོར་ལྷ་ཚོགས་ཐུགས་ དམ་བསྐང་། །བསྐང་འགྱུར་དབང་དང་དངོས་གྲུབ་སྩོལ། །བདག་སོགས་ འཁོར་བའི་སེམས་ཅན་རྣམས། །མར་མེ་དེ་ཡི་བསོད་ནམས་ཀྱིས། །མ་རིག་ མུན་པ་གསལ་བར་ཤོག །ཡེ་ཤེས་སྤྱན་དང་ལྡན་པར་ཤོག །ཤེས་རབ་རྩ་ཁ་ ཕྱེད་པར་ཤོག །མཚན་དང་དཔེ་བྱེད་ལྡན་པར་ཤོག །ཉམས་ཆག་ཐམས་ཅད་ བསྐོང་གྱུར་ཅིག །རྟོག་སྒྲིབ་ཐམས་ཅད་སྦྱངས་གྱུར་ཅིག །ལས་ངན་སྡིག་སྒྲིབ་དག་གྱུར་ཅིག །ཁམས་གསུམ་འཁོར་བ་སྟོང་འགྱུར་ཅིག །འབྲས་བུ་སྐུ་གསུམ་ཐོབ་གྱུར་ཅིག སྐོང་འགྱུར་བ་དང་དངོས་གྲུབ་སྩོལ།

༄༅། །མར་མེའི་སྨོན་ལམ་མཆོད་སྤྲིན་རྒྱ་མཚོ་བཞུགས་སོ། 

རིན་ཆེན་དང་པོའི་ཀོང་བུ་ནི། །སྟོང་གསུམ་ཁྱོན་དང་མཉམ་པའི་ནང་། །རྩི་ མར་བཅུད་ཀྱིས་ཡོངས་བཀང་བའི། །དཀྱིལ་དུ་སྡོང་བུ་རི་རབ་ཙམ། །བཙུགས་ལ་སྦར་བའི་མེ་ལྕེ་ཡི། །ངོ་བོ་ཡེ་ཤེས་ལྔ་ལྡན་ལ། །རྣམ་པ་ཉི་མ་དུང་ཕྱུར་གྱི། །གཟི་བརྗིད་འབར་བའི་མར་མེ་འདིས། །ཕྱོགས་བཅུ་ནམ་མཁའི་ཁམས་ཀུན་ ཁྱབ། །འོད་ཀྱི་ཀློང་ནས་ཀུན་བཟང་གི །མཆོད་སྤྲིན་རྒྱ་མཚོའི་སྤྲིན་འཕྲོ་བ། །སྲིད་མཐའི་བར་དུ་རྟག་མཆོད་པས། །བདག་དང་བདག་ལ་འབྲེལ་ཐོགས་ཀྱི། །དམིགས་ཡུལ་གཤིན་གསོན་ཅི་མཆིས་པའི། །ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་སྦྱངས། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་པའང་སྒ་སྟོན་ཝཱ་གིནྡྲས་གསུངས་སོ། 

བྱང་ཆུབ་སེམས་དཔའི་ལྟུང་བ་བཤགས་པ་ནི། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་དུས་རྟག་པར་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་བཤེམས་པ་དགྲ་གཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབཔ་ལ་ཕྱག་འཚལ་ལོ། །རྡོ་རྗེའི་ སྙིང་པོས་རབ་ཏུ་འཇོམས་པ་ལ་ཕྱག་ལ་ལོ། །རེན་ཆེན་འོད་འཕྲོ་ལ་ ཕྱག་འཚལ་ལོ། །ཀླུ་དབང་གི་རྒྱལ་པོ་ལ་ཕྱགས་འཚལ་ལོ། །དཔའ་བོའི་སྡེ་ལ་ཕྱག་འཚལ་ལོ། །དཔལ་དགྱེས་ལ་ཕྱག་འཚལ་ལོ། །རིན་ཆེན་མེ་ལ་ཕྱག་ འཚལ་ལོ། །རིན་ཆེན་ཟླ་འོད་ལ་ཕྱག་འཚལ་ལོ། །མཐོང་བ་དོན་ཡོད་ལ་ ཕྱགས་འཚལ་ལོ། །རིན་ཆེན་ཟླ་བ་ལ་ཕྱག་ཚལ་ལོ། །དྲི་མ་མེད་པ་ལ་ཕྱག་ འཚལ་ལོ། །དཔལ་བྱིན་ལ་ཕྱག་འཚལ་ལོ། །ཚངས་པ་ལ་ཕྱག་འཚལ་ལོ། །ཚངས་པའི་བྱིན་ལ་ཕྱག་འཚལ་ལོ། །ཆུ་ལྷ་ལ་ཕྱག་འཚལ་ལོ། །ཆུ་ལྷའི་ལ་ཕྱག་འཚལ་ལོ། །དཔལ་བཟང་ལ་ཕྱག་འཚལ་ལོ། །ཙན་དན་དཔལ་ལ་ཕྱག་ འཚལ་ལོ། །གཟི་བརྗིད་མཐའ་ཡས་ལ་ཕྱག་འཚལ་ལོ། །འོད་དཔལ་ལ་ཕྱག་འཚལ་ལོ། །མྱ་ངན་མེད་པའི་དཔལ་ལ་ཕྱག་འཚལ་ལོ། །སྲེད་མེད་ཀྱི་བུ་ལ་ ཕྱག་འཚལ་ལོ།མེ་ཏོག་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ ཚངས་པའི་འོད་ཟེར་རྣམས་པར་རོལ་པས་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་པདྨའི་འོད་ཟེར་རྣམ་པར་རོལ་པས་མངོན་པར་ མཁྱེན་པ་ལ་ཕྱག་འཚལ་ལོ། །ནོར་དཔལ་ལ་ཕྱག་འཚལ་ལོ། །དྲན་པའི་དཔལ་ལ་ཕྱག་འཚལ་ལོ། །མཚན་དཔལ་ཤིན་ཏུ་ཡོངས་གྲགས་ལ་ཕྱག་འཚལ་ལོ། དབང་པོའི་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཤིན་ཏུ་རྣམ་ པར་གནོན་པའི་དཔལ་ལ་ཕྱག་འཚལ་ལོ། །གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ། །རྣམ་པར་གནོན་པར་གཤེགས་པའི་དཔལ་ལ་ཕྱག་ འཚལ་ལོ། །ཀུན་ནས་སྣང་བ་བཀོད་པའི་དཔལ་ལ་ཕྱག་འཚལ་ལོ། །རིན་ཆེན་པདྨོས་རྣམ་པར་གནོན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པ་ཆེ་དང་པདྨ་གདན་ལ་ རབ་ཏུ་བཞུགས་པ་སངས་རྒྱས་རི་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་ དག་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཏེ་འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ ལྡན་འདས་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་གིས་སྐྱེ་བ་འདི་དང་སྐྱེ་བ་ཐོག་མའི་ཐ་མ་མཆིས་པ་ནས་འཁོར་བ་ན་འཁོར་བའི་སྐྱེ་ གནས་ཐམས་ཅད་དུ་སྡིག་པའི་ལས་བགྱིས་པ་དང་།བགྱིད་དུ་བསྩལ་བ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བའམ། །མཆོད་རྟེན་གྱི་དཀོར་རམ། །དགེ་འདུན་གྱི་དཀོར་རམ། །ཕྱོགས་བཅུའི་དགེ་འདུན་གྱི་དཀོར་ཕྲོགས་པ་དང་།འཕྲོག་ཏུ་སྩལ་བ་དང་། །འཕྲོག་པ་ལ་རྗེས་སུ་ཡི་རང་བའམ། །མཚམས་མ་མཆིས་པ་ ལྔའི་ལས་བགྱིས་པ་དང་།བགྱིས་དུ་བསྩལ་བ་དང་། །བགྱིས་པ་ལ་རྗེས་སུ་ཡི་རང་བའམ། །མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླང་བ་ལ་ཞུགས་པ་དང་། །འཇུག་ཏུ་བསྩལ་བ་དང་།ཞུགས་པ་ལ་རྗེས་སུ་ཡི་རང་བའམ། །ལས་ཀྱི་སྒྲིབ་པ་གང་གིས་བསྒྲིབས་ནས་བདག་སེམས་ཅན་དམྱལ་བར་མཆི་བའམ།།དུད་འགྲོའི་སྐྱེ་གནས་སུ་མཆི་བའམ། །ཡི་དགས་ཀྱི་ཡུལ་དུ་མཆི་བའམ། ། ཡུལ་མཐའ་འཁོར་ཏུ་སྐྱེ་བའམ། །ཀླ་ཀློར་སྐྱེ་བའམ།།ལྷ་ཚེ་རིང་པོ་རྣམས་སུ་སྐྱེ་བའམ། །དབང་པོ་མ་ཚང་བར་འགྱུར་བའམ། །ལྟ་བ་ལོག་པར་འཛིན་པར་ འགྱུར་བའམ། །སངས་རྒྱས་འབྱུང་བ་ལ་མཉེས་པར་མི་བགྱིད་པར་འགྱུར་བའི་ལས་ཀྱི་སྒྲིབ་པ་གང་ལགས་པ་དེ་དག་ཐམས་ཅད་སངས་རྒྱས་བཅོམ་ལྡན་ འདས་ཡེ་ཤེས་སུ་གྱུར་པ། །སྤྱན་དུ་གྱུར་པ། །དཔང་དུ་གྱུར། །ཚད་མར་གྱུར་པ། །མཁྱེན་པས་གཟིགས་པ་དེ་དག་གི་སྤྱན་སྔར་མཐོལ་ལོ། །འཆགས་སོ། །མི་འཆབ་བོ། །མི་སྦེད་དོ། །སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིད་ལགས་སོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་གིས་སྐྱེ་བ་འདི་དང་སྐྱེ་བ་ཐོག་མའི་ཐ་མ་མ་མཆིས་པ་ནས་ འཁོར་བ་ན་འཁོར་བའི་སྐྱེ་གནས་གཞན་དག་ཏུ་སྦྱིན་པ་ཐ་ན་དུད་འགྲོའི་སྐྱེ་ གནས་སུ་སྐྱེས་པ་ལ་ཟས་ཁམ་གཅིག་ཙམ་བསྩལ་བའི་དགེ་བའི་རྩ་བ་གང་ ལགས་པ་དང་། །བདག་གི་ཚུལ་ཁྲིམས་བསྲུངས་པའི་དགེ་བའི་རྩ་བ་གང་ ལགས་པ་དང་། །བདག་གི་ཚངས་པར་སྤྱོད་གནས་པའི་དགེ་བའི་རྩ་བ་གང་ ལགས་པ་དང་། །བདག་གི་སེམས་ཅན་ཡོངས་སུ་སྨིན་པར་བགྱིས་པའི་དགེ་རྩ་བ་གང་ལགས་པ་དང་། །བདག་གི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་དགེ་རྩ་བ་གང་ལགས་པ་དང་། །བདག་གི་བླ་ན་མེད་པའི་ཡེ་ཤེས་ཀྱི་དགེ་རྩ་བ་གང་ལགས་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་ནས་བླ་ན་མ་མཆིས་པ་དང་། །གོང་ན་མ་མཆིས་པ་དང་། །གོང་མའི་གོང་མ། །བླ་མའི་བླ་མར་ཡོངས་སུ་བསྔོ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །ཇི་ལྟར་འདས་པའི་སངས་རྒྱས་བཅོམ་ལྡན་ འདས་རྣམས་ཀྱིས་ཡོངས་སུ་བསྔོས་བ་དང་། །ཇི་ལྟར་མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་འགྱུར་བ་དང་། །ཇི་ལྟར་ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་མཛད་པ་དེ་བཞིན་དུ་བདག་གི་ཀྱང་ཡོངས་སུ་བསྔོ་བར་བགྱིའོ། །སྡིག་པ་ཐམས་ཅད་ལ་ནི་སོ་སོར་བཤགས་སོ། །བསོད་ནམས་ཐམས་ཅད་ལ་ནི་རྗེས་སུ་ཡི་རང་ངོ་། །སངས་རྒྱས་ཐམས་ཅད་ལ་ནི་བསྐུལ་ཞིང་གསོལ་བ་འདིབས་སོ། །བདག་གི་བླ་ན་མེད་པའི་ཡེ་ཤེས་ཀྱི་མཆོག་དམ་པ་ཐོབ་པར་གྱུར་ཅིག །མི་མཆོག་རྒྱལ་བ་གང་དག་ད་ལྟར་བཞུགས་པ་དང་། །གང་དག་འདས་པ་དག་ དང་དེ་བཞིན་གང་མ་བྱོན། །ཡོན་ཏན་བསྔགས་པ་མཐའ་ཡས་རྒྱ་མཚོ་འདྲ་ཀུན་ལ། །ཐལ་མོ་སྦྱར་བར་བགྱིས་ཏེ་སྐྱབས་སུ་ཉེ་བར་མཆིའོ། 

༈བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་ཏེ། །ཕྱོགས་བཅུ་ནང་བཞུགས་པའི་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་གཞན་ལ་དགོངས་སུ་གསོལ།བདག་གཞན་གྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས། །ཐ་མ་ད་ལྟ་ལ་ ཐུག་གི་བར་དུ་ཉོན་མོངས་པ་འདོད་ཆགས་དང་ཞེ་སྡངགཏི་མུག་དབང་གིས། །ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང་། ། མཚམས་མེད་པ་ལྔ་བགྱིས་པ་དང་། །དེ་དང་ཉེ་བ་ལྔ་བགྱིས་པ་དང་། །སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་དང་། །བྱང་ཆུབ་སེམས་དཔའི་བསླབ་བྱ་དང་ འགལ་བ་དང། །གསང་སྔགས་ཀྱི་དམ་ཚིག་དང་འགལ་བ། །དཀོན་མཆོག་ གསུམ་མ་ལ་མ་དད་ཅིང་མ་གུས་པ་བགྱིས་པ། །མཁན་པོ་དང་སློབ་དཔོན་ལ་མ་དད་ཅིང་མ་གུས་པ་གྱིས་པ། །དམ་པའི་ཆོས་སྤང་། །གསུང་རབ་ཀྱི་བསླུས་ཟོས་པ། །འཕགས་པའི་དགེ་འདུན་ལ་སྐུར་པ་བཏབ་པ། །ཕ་དང་མ་ལ་མ་དད་ཅིང་མ་གུས་པ་བགྱིས་པ། གྲོགས་ཚངས་པ་མཚུངས་པ་སྤྱོད་པ་ལ་མ་དད་ཅིང་མ་གུས་པ་བགྱིས་པ། །མདོར་ན་མཐོ་རིས་དང་ཐར་པའི་བགེགས་སུ་འགྱུར་ ཞིང་། །འཁོར་བ་དང་ངན་སོང་གི་རྒྱུ་གྱུར་པའི་ཉེས་ལྟུང་གི་ཚོགས་ཅི་བགྱིས་པ་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པའི་ཕྱོགས་བཅུ་ནང་ བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པར་རྣམས་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །མནོང་ངོ་འགྱོད་དོ། །མི་འཆབ་བོ།མི་སྦེད་དོ། །སླན་ཆད་ཀྱང་གཅོད་ཅིང་སྡོམ་པ་བགྱིད་ལགས་སོ། །བདག་ གཞན་ལུས་ཀྱི་ལས་ནི་རྣམ་པ་གསུམ། །ངག་གི་རྣམ་པ་བཞི་དང་ནི། །གང་ ཡང་ཡིད་ཀྱི་རྣམ་གསུམ་པོ། །མི་དགེ་བཅུ་པི་སོ་སོར་བཤགས། །མཚམས་ མེད་ལྔ་པོ་བདག་གཞན་སྡིག་པ་རྣམས། །གང་གི་མི་ཤེས་དབང་གི་བྱས་པ་ དག །དེ་ཡི་ལྟུང་བ་གཤགས་པ་འདི་བརྗོད་པ། །མྱུར་དུ་མ་ལུས་ཡོངས་སུ་བྱང་བར་ཤོག །།

༄༅། །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་བཞུགས་སོ།

༄༅།།རྒྱ་གར་སྐད་དུ།ཨཱརྱ་བྷ་དྲ་ཙཱ་རྱ་པྲ་ཎི་དྷཱ་ན་རཱ་ཛཱ། །བོད་སྐད་དུ།    འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ། །འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་ རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དྭངས་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་ སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་ པར། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང༌། །བདེ་བར་གཤེགས་པ་ཐམས་ཅད་བདག་ གིས་བསྟོད། །མེ་ཏོག་དམ་པ་འཕྲེང་བ་དམ་པ་དང༌། །སིལ་སྙན་རྣམས་དང་ ཕྱུག་པ་བདུག་མཆོག་དང༌། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང༌། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང༌། །བཀོད་པར་ཁྱད་པར་འཕགས་ པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེབ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང༌། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། ཕྱོགས་བཅུའི་རྒྱལ་བ་ཀུན་དང་ སངས་རྒྱས་སྲས། །རང་རྒྱལ་རྣམས་དག་སློབ་དག་མི་སློབ་དང༌། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང༌། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང༌། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །བྱང་ཆུབ་རིམ་པར་སངས་ རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་བ་ཞིང་གི་རྡུལ་སྙེད་  བཞུགས་པར་ཡང༌། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་ འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། །རྗེས་སུ་ཡི་རང་བསྐུལ་ཞིང་   གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་  བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །འཇིག་རྟེན་དག་ན་གང་བཞུགས་མཆོད་གྱུར་ཅིག །གང་ཡང་མ་བྱོན་དེ་དག་རབ་མྱུར་བར། །བསམ་རྫོགས་བྱང་ཆུབ་རིམ་པར་སངས་རྒྱས་སྤྱོན། །ཕྱོགས་བཅུ་གང་ལའི་ཞིང་རྣམས་ཇི་སྙེད་པ། དེ་དག་རྒྱ་ཆེར་ཡོངས་སུ་དག་གྱུར་ཅིག །བྱང་ཆུབ་ཤིང་དབང་དྲུང་གཤེགས་རྒྱལ་བ་དང༌། །སངས་རྒྱ་སྲས་ཀྱི་རབ་ཏུ་གང་བར་ཤོག །ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ། །དེ་དག་རྟག་ཏུ་ནད་མེད་བདེ་གྱུར་ཅིག །འགྲོ་བ་ཀུན་ཀྱི་ཆོས་ཀྱི་དོན་རྣམས་ནི། །མཐུན་པར་གྱུར་ཅིག་རེ་བའང་འགྲུབ་པར་ཤོག །བྱང་ཆུབ་སྤྱོད་པ་དག་ནི་བདག་སྤྱོད་ཅིང༌། །འགྲོ་བ་ཀུན་ཏུ་སྐྱེ་བ་དྲན་པར་གྱུརཅིག །ཚེ་རབས་ཀུན་ཏུ་འཆི་འཕོ་སྐྱེ་བ་ན། །རྟག་ཏུ་བདག་ནི་རབ་ཏུ་འབྱུང་བར་ཤོག །རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང༌། །ཚུལ་  ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པ། །རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ ཤོག །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར། །ཐམས་ཅད་སྐད་དུ་ བདག་གིས་ཆོས་བསྟན་ཏོ། །དེས་ཤིང་ཕ་རོལ་ཕྱིན་ལ་རབ་བརྩོན་ཏེ། །བྱང་ ཆུབ་སེམས་ནི་ནམ་ཡང་བརྗེད་མ་གྱུར། །སྡིག་པ་གང་རྣམས་སྒྲིབ་པར་གྱུར་པ་དག །དེ་དག་མ་ལུས་ཡོངས་སུ་བྱང་བར་ཤོག །ལས་དང་ཉོན་མོངས་བདུད་ཀྱི་ལས་རྣམས་ལས། །གྲོལ་ཞིང་འཇིག་རྟེན་འགྲོ་བ་རྣམས་སུ་ཡང༌། །ཇི་ལྟར་ པདྨོ་ཆུས་མི་ཆགས་པ་བཞིན། །ཉི་ཟླ་ནམ་མཁར་ཐོགས་པ་མེད་ལྟར་སྤྱད། ཞིང་གི་ཁྱོན་དག་ཕྱོགས་རྣམས་ཇི་ཙམ་པར། །ངན་སོང་སྡུག་བསྔལ་རབ་ཏུ་ཞི་བར་བྱེད། །བདེ་ལ་དག་ལ་འགྲོ་བ་ཀུན་དགོད་ཅིང༌། །འགྲོ་བ་ཐམས་ཅད་ལ་ནི་ཕན་པར་སྤྱད། །བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང༌། །སེམས་ཅན་དག་གི་སྤྱོད་དང་མཐུན་པར་འཇུག །བཟང་པོ་སྤྱོད་པ་དག་ནི་རབ་སྟོན་ཅིང༌། །མ་འོངས་བསྐལ་པ་ཀུན་ཏུ་སྤྱོད་གྱུར་ཅིག །བདག་གི་སྤྱོད་དང་མཚུངས་ པར་གང་སྤྱོད་པ། །དེ་དག་དང་ནི་རྟག་ཏུ་འགྲོགས་པར་ཤོག །ལུས་དང་ངག་རྣམས་དང་ནི་སེམས་ཀྱིས་ཀྱང༌། །སྤྱོད་པ་དག་དང་སྨོན་ལམ་གཅིག་ཏུ་སྤྱད། །བདག་ལ་ཕན་པར་འདོད་པའི་གྲོགས་པོ་དག །བཟང་པོ་སྤྱོད་པ་རབ་ཏུ་སྟོན་ བགྱིད་པ། །དེ་དག་དང་ཡང་རྟག་ཏུ་ཕྲད་པར་ཤོག །དེ་དག་བདག་གིས་ནམ་ཡང་ཡིད་མི་དབྱུང༌། །སངས་རྒྱས་སྲས་ཀྱིས་བསྐོར་བའི་མགོན་པོ་རྣམས། མངོན་སུམ་རྟག་ཏུ་བདག་གིས་རྒྱལ་བབལྟ། །མ་འོངས་བསྐལ་བ་ཀུན་ཏུ་མི་སྐྱོ་བར། །དེ་དག་ལ་ཡང་མཆོད་པ་རྒྱ་ཆེར་བགྱི། །རྒྱལ་བ་རྣམས་ཀྱི་དམ་པའི་  ཆོས་འཛིན་ཅིང༌། །བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད། །བཟང་པོ་སྤྱོད་པ་རྣམ་པར་སྤྱོད་པ་ཡང༌། །མ་འོངས་བསྐལ་པ་ཀུན་ཏུ་སྤྱད་པར་བགྱི། །སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན། །བསོད་ནམས་ཡེ་ཤེས་དག་ནི་མི་ཟད་   བརྙེས། །ཐབས་དང་ཤེས་རབ་ཏིང་འཛིན་རྣམ་ཐར་དང༌། །ཡོན་ཏན་ཀུན་གྱི་མི་ཟད་མཛོད་གྱུར་ཅིག །རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ། །ཞིང་ དེར་བསམ་གྱིས་མི་ཁྱབ་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་ བཞུགས་པ་ལ། །བྱང་ཆུབ་སྤྱད་པ་སྤྱོད་ཅིང་བལྟ་བར་བགྱི། །དེ་ལྟར་མ་ལུས་ ཐམས་ཅད་ཕྱོགས་སུ་ཡང་། །སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་ཀྱི།   སངས་རྒྱས་རྒྱ་མཚོ་ཞིང་རྣམས་རྒྱ་མཚོ་དང༌། །བསྐལ་པརྒྱ་མཚོར་སྤྱོད་ཅིང་ རབ་ཏུ་འཇུག །གསུང་གཅིག་ཡན་ལག་རྒྱ་མཚོའི་སྒྲ་སྐད་ཀྱིས། །རྒྱལ་བ་ཀུན་དབྱངས་ཡན་ལག་རྣམ་དག་པ༌། །འགྲོ་བ་ཀུན་གྱི་བསམ་པ་ཇི་བཞིན་    དབྱངས། །སངས་རྒྱས་གསུང་ལ་རྟག་ཏུ་འཇུག་པར་བགྱི། །དུས་གསུམ་   གཤེགས་པའི་རྒྱལ་བ་ཐམས་ཅད་དག །འཁོར་ལོའི་ཚུལ་རྣམས་རབ་ཏུ་བསྐོར་བ་ཡི། །དེ་དག་གི་ཡང་གསུང་དབྱངས་མི་ཟད་ལ། །བློ་ཡི་སྟོབས་ཀྱིས་བདག་ཀྱང་རབ་ཏུ་འཇུག །མ་འོངས་བསྐལ་པ་ ཐམས་ཅད་འཇུག་པར་ཡང༌། །སྐད་ཅིག་གཅིག་གིས་བདག་ཀྱང་འཇུག་པར་བགྱི། །གང་ཡང་བསྐལ་པ་དུས་གསུམ་ཚད་མེད་དག །སྐད་ཅིག་ཆ་ཤས་ཀྱིས་ནི་ཞུགས་པར་སྤྱད། །དུས་གསུམ་  གཤེགས་པ་མི་ཡི་སེང་གེ་གང༌། །དེ་དག་སྐད་ཅིག་གཅིག་ལ་བདག་གིས་  བལྟ། །རྟག་ཏུ་དེ་དག་གི་ནི་སྤྱོད་ཡུལ་ལ། །སྒྱུ་མར་གྱུར་པའི་རྣམ་ཐར་སྟོབས་ཀྱིས་འཇུག །གང་ཡང་དུས་གསུམ་དག་གི་ཞིངབཀོད་པ། །དེ་དག་རྡུལ་གཅིག་སྟེང་དུ་མངོན་པར་བསྒྲུབ། །དེ་ལྟར་མ་ལུས་ཕྱོགས་རྣམས་ཐམས་ཅད་དུ། རྒྱལ་བ་དག་གི་ཞིང་རྣམས་བཀོད་ལ་འཇུག །གང་ཡང་མ་བྱོན་འཇིག་རྟེན་སྒྲོན་མ་རྣམས། །དེ་དག་རིམ་པར་འཚང་རྒྱ་འཁོར་ལོ་བསྐོར། །མྱ་ངན་འདས་པ་ རབ་ཏུ་ཞི་མཐའ་སྟོན། །མགོན་པོ་ཀུན་གྱི་དྲུང་དུ་བདག་མཆིའོ། །ཀུན་ཏུ་མྱུར་བའི་རྫུ་འཕྲུལ་སྟོབས་རྣམས་དང༌། །ཀུན་ནས་སྒོ་ཡི་ཐེག་པའི་སྟོབས་རྣམས་ དང༌། །ཀུན་ཏུ་ཡོན་ཏན་སྤྱོད་པའི་སྟོབས་རྣམས་དང༌། །ཀུན་ནས་ཁྱབ་པ་  བྱམས་པ་དག་གི་སྟོབས། །ཀུན་ཏུ་དགེ་བའི་བསོད་ནམས་སྟོབས་རྣམས་དང༌། །ཆགས་པ་མེད་པར་གྱུར་པའི་ཡེ་ཤེས་སྟོབས། །ཤེས་རབ་ཐབས་དང་ཏིང་ འཛིན་སྟོབས་དག་གིས། །བྱང་ཆུབ་སྟོབས་རྣམས་ཡང་དག་སྒྲུབ་པར་བྱེད། །ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་བྱེད་ཅིང༌། །ཉོན་མོངས་སྟོབས་རྣམས་ ཀུན་ཏུ་འཇོམས་པར་བྱེད། །བདུད་ཀྱི་སྟོབས་རྣམས་སྟོབས་མེད་རབ་བྱེད་ཅིང༌། །བཟང་པོ་སྤྱོད་པའི་སྟོབས་ནི་རྫོགས་པར་བགྱི། །ཞིང་རྣམས་རྒྱ་མཚོ་རྣམ་ པར་དག་བྱེད་ཅིང༌། །སེམས་ཅན་རྒྱ་མཚོ་དག་ནི་རྣམ་པར་སྒྲོལ། །ཆོས་རྣམས་རྒྱ་མཚོ་རབ་ཏུ་མཐོང་བྱེད་ཅིང༌། །ཡེ་ཤེས་རྒྱ་མཚོ་རབ་ཏུ་རྟོགས་པར་བྱེད། སྤྱོད་པ་རྒྱ་མཚོ་རྣམ་པར་དག་བགྱིད་ཅིང༌། །སྨོན་ལམ་རྒྱ་མཚོ་རབ་ཏུ་རྫོགས་ པར་བྱེད། །སངས་རྒྱས་རྒྱ་མཚོ་རབ་ཏུ་མཆོད་བགྱིད་ཅིང༌། །བསྐལ་པ་རྒྱ་  མཚོར་མི་སྐྱོ་སྤྱད་པར་བགྱི། །གང་ཡང་དུས་གསུམ་གཤེགས་པའི་རྒྱལ་བ་ཡི། །བྱང་ཆུབ་སྤྱོད་པའི་སྨོན་ལམ་བྱེ་བྲག་རྣམས། བཟང་པོ་སྤྱོད་པས་བྱང་ཆུབ་སངས་རྒྱས་ནས། །དེ་ཀུན་མ་ལུས་བདག་གིས་རྫོགས་པར་བགྱི། །རྒྱལ་བ་ཀུན་གྱི་སྲས་ཀྱི་མཐུ་བོ་བ། །གང་གི་མིང་ནི་ཀུན་ཏུ་བཟང་ཞེས་བྱ།མཁས་པ་དེ་དང་མཚུངས་པར་སྤྱད་པའི་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་  བསྔོ། །ལུས་དང་ངག་དང་ཡིད་ཀྱང་རྣམ་དག་ཅིང༌། །སྤྱོད་པ་རྣམ་དག་ཞིང་ རྣམས་ཡོངས་དག་པ། །བསྔོ་བ་བཟང་པོ་མཁས་པ་ཅི་འདྲ་བ། །དེ་འདྲར་  བདག་ཀྱང་དེ་དང་མཚུངས་པར་ཤོག །ཀུན་ནས་དགེ་བ་བཟང་པོ་སྤྱད་པའི་ ཕྱིར། །འཇམ་དཔལ་གྱི་ནི་སྨོན་ལམ་སྤྱད་པར་བགྱི། །མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར། །དེ་ཡི་བྱ་བ་མ་ལུས་རྫོགས་པར་བགྱི། །སྤྱོད་པ་དག་ནི་ཚད་ཡོད་མ་གྱུར་ཅིག །ཡོན་ཏན་རྣམས་ཀྱང་ཚད་གཟུང་མེད་པར་ཤོག །སྤྱོད་པ་ཚད་མེད་པ་ལ་གནས་ནས་ཀྱང༌། །དེ་དག་འཕྲུལ་པ་ཐམས་ཅད་འཚལ་བར་   བགྱི། །ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པར། །སེམས་ཅན་མ་ལུས་   མཐའ་ཡང་དེ་བཞིན་ཏེ། །ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །གང་ཡང་ཕྱོགས་བཅུའི་ཞིང་རྣམས་  མཐའ་ཡས་པ། །རིན་ཆེན་རྒྱན་ཏེ་རྒྱལ་བ་རྣམས་ལ་ཕུལ། །ལྷ་དང་མི་ཡི་བདེ་བའི་མཆོག་རྣམས་ཀྱང༌། །ཞིང་གི་རྡུལ་སྙེད་བསྐལ་བར་ཕུལ་བ་བས། །གང་ གིས་བསྔོ་བའི་རྒྱལ་པོ་འདི་ཐོས་ནས། །བྱང་ཆུབ་མཆོག་གི་རྗེས་སུ་རབ་མོས་ ཤིང༌། །ལན་གཅིག་ཙམ་ཡང་དད་པ་བསྐྱེད་པ་ན། །བསོད་ནམས་དམ་པའི་  མཆོག་ཏུ་འདི་འགྱུར་རོ། །གང་གིས་བཟང་སྤྱོད་སྨོན་ལམ་འདི་བཏབ་པས། དེས་ནི་ངན་སོང་ཐམས་ཅད་སྤངས་པར་འགྱུར། །དེས་ནི་གྲོགས་པོ་ངན་པ་

སྤངས་པ་ཡིན། །སྣང་བ་མཐའ་ཡས་དེ་ཡང་དེས་མྱུར་མཐོང༌། །དེ་དག་རྙེད་པ་རབ་རྙེད་བདེ་བར་འཚོ། །མི་ཚེ་འདིར་ཡང་དེ་དག་ལེགས་པར་འོང༌། །ཀུན་ཏུ་བཟང་པོ་དེ་ཡང་ཅི་འདྲ་བར། །དེ་དག་རིང་པོར་མི་ཐོགས་དེ་བཞིན་འགྱུར། །མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས། །གང་གིས་མི་ཤེས་དབང་གིས་བྱས་པ་དག །དེ་ཡིས་བཟང་པོ་སྤྱོད་པ་འདི་བརྗོད་ན། །མྱུར་དུ་མ་ལུས་ཡོངས་སུ་ བྱང་བར་འགྱུར། །ཡེ་ཤེས་དང་ནི་གཟུགས་དང་མཚན་རྣམས་དང༌། །རིགས་དང་ཁ་དོག་རྣམས་དང་ལྡན་པར་འགྱུར། །བདུད་དང་མུ་སྟེགས་མང་པོས་དེ་མི་ཐུབ། །འཇིག་རྟེན་གསུམ་པོ་ཀུན་ནའང་མཆོད་པར་འགྱུར། །བྱང་ཆུབ་ཤིང་ དབང་དྲུང་དུ་དེ་མྱུར་འགྲོ། །སོང་ནས་སེམས་ཅན་ཕན་ཕྱིར་དེར་འདུག་སྟེ།

་བྱང་ཆུབ་སངས་རྒྱས་འཁོར་ལོ་རབ་ཏུ་བསྐོར། །བདུད་རྣམས་སྡེ་དང་བཅས་པ་ཐམས་ཅད་བཏུལ། །གང་གི་བཟང་པོ་སྤྱོད་པའི་སྨོན་ལམ་འདི། འཆད་པ་དང་ནི་སྟོན་ཏམ་ཀློག་ན་ཡང༌། །དེ་ཡི་རྣམ་པར་སྨིན་པའང་སངས་རྒྱས་   མཁྱེན། །བྱང་ཆུབ་མཆོག་ལ་སོམ་ཉི་མ་བྱེད་ཅིག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང༌། །ཀུན་ཏུ་བཟང་པོས་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་  བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང༌། །བཟང་པོ་སྤྱོད་ ཕྱིར་རབ་ཏུ་བསྔོ་བར་བགྱི། །བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་གསལ་ཏེ། །མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ ནས། །བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ། །དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང༌། །ཐམས་ཅད་མ་ལུས་མངོན་དུ་འགྱུར་བར་ཤོག །དེ་དག་མ་ལུས་་བདག་གིས་ཡོངས་སུ་བཀང༌། །འཇིག་རྟེན་ཇི་སྲིད་སེམས་ཅན་ཕན་པར་   བགྱི། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བའི་མངོན་སུམ་དུ། ལུང་

་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །དེར་ནི་བདག་གིས་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡི། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང༌། །སེམས་ཅན་རྣམས་ལ་ཕན་པ་མང་པོ་བགྱི། །བཟང་པོ་སྤྱོད་ པའི་སྨོན་ལམ་བཏབ་པ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། དེས་ནི་འགྲོ་བའི་སྨོན་ལམ་དགེ་བ་རྣམས། །སྐད་ཅིག་གཅིག་གིས་ཐམས་ཅད་འབྱོར་བར་ཤོག །བཟང་པོ་སྤྱོད་པའི་སྨོན་ལམ་བསྔོས་པ་ཡི། །བསོད་ནམས་ དམ་པ་མཐའ་ཡས་གང་ཐོབ་དེས། །འགྲོ་བ་སྡུག་བསྔལ་ཆུ་བོར་བྱིང་བ་   རྣམས། །འོད་དཔག་མེད་པའི་གནས་རབ་ཐོབ་པར་ཤོག །སྨོན་ལམ་རྒྱལ་པོ་ འདི་དག་མཆོག་གི་གཙོ། །མཐའ་ཡས་འགྲོ་བ་ཀུན་ལ་ཕན་བྱེད་ཅིང༌། །ཀུན་ཏུ་བཟང་པོས་བརྒྱན་པའི་གཞུང་གྲུབ་སྟེ། །ངན་སོང་རྒྱུད་རྣམས་མ་ལུས་སྟོངས་ པར་ཤོག འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་རྫོགས་སོ།།འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང་། །བྱས་དང་བྱེད་གྱུར་ཇི་བཞིན་སྤྱོད་པ་དང་།   བཟང་པོ་སྤྱོད་ཕྱིར་དེ་འདྲའི་ས་བདག་ལ། ཀུན་ཀུན་ཀྱང་བཟང་པོ་རེག་འགྱུར་གཅིག  

བྱམས་སྨོན་ནི།

།སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །དྲང་སྲོང་ལྷ་མིག་ལྡན་པ་ཡི། །བྱང་ཆུབ་སེམས་དཔའ་རྣམས་དང་ཡང༌། །ཉན་ཐོས་རྣམས་ལ་ཕྱག་འཚལ་ལོ། །ངན་ འགྲོ་ལས་ནི་བཟློག་བགྱིད་ཅིང༌། །མཐོ་རིས་ལམ་ནི་རབ་སྟོན་ལ། །རྒ་ཤི་མེད་པར་འདྲེན་བགྱིད་པ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །སེམས་ཀྱི་དབང་དུ་གྱུར་པས་ན། །བདག་གིས་སྡིག་པ་ཅི་བགྱིས་པ། །སངས་རྒྱས་སྤྱན་སྔར་ མཆིས་ནས་སུ། །བདག་གིས་དེ་དག་བཤགས་པར་བགྱི། །བདག་ལས་རྣམ་པ་གསུམ་གང་གིས། །བསོད་ནམས་ཚོགས་ནི་བསྐྱེད་པ་ནི། །བདག་གི་ཀུན་ མཁྱེན་ས་བོན་ཏེ། །བདག་གི་བྱང་ཆུབ་མི་ཟད་ཤོག །ཕྱོགས་བཅུ་དག་གི་ཞིང་ཁམས་སུ། །སངས་རྒྱས་མཆོད་པ་གང་བྱུང་བ། །སངས་རྒྱས་མཁྱེན་པས་ཡི་ རང་བ། །དེ་ལ་བདག་ནི་ཡི་རང་ངོ༌། །སྡིག་པ་ཐམས་ཅད་བཤགས་པར་བགྱི།། བསོད་ནམས་ཀུན་ལ་ཡི་རང་ངོ༌། །སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ།  བདག་ནི་ཡེ་ཤེས་མཆོག་ཐོབ་ཤོག །ཕྱོགས་བཅུ་དག་གི་ཕྱོགས་རྣམས་སུ། །ས་བཅུ་དག་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་བྱང་ཆུབ་མཆོག །འཚང་རྒྱ་བགྱིད་པར་བསྐུལ་མ་འདེབས། །བྱང་ཆུབ་དམ་པར་སངས་རྒྱས་ཤིང༌། །སྡེ་ དང་བཅས་པའི་བདུད་བཏུལ་ནས། །སྲོག་ཆགས་ཀུན་ལ་སྨན་སླད་དུ། །ཆོས་ཀྱི་འཁོར་ལོ་བསྐོར་གྱུར་ཅིག །ཆོས་རྔ་ཆེན་པོའི་སྒྲ་ཡིས་ནི། །སྡུག་བསྔལ་ སེམས་ཅན་མཐར་བགྱིད་ཤོག །བསྐལ་པ་བྱེ་བ་བསམ་ཡས་སུ། །ཆོས་སྟོན་ མཛད་ཅིངབཞུགས་གྱུར་ཅིག །འདོད་པའི་འདམ་དུ་བྱིང་གྱུར་ཅིང༌། །སྲེད་ པའི་སྲད་བུས་དམ་བཅིངས་པ། །འཆིང་བ་ཀུན་གྱིས་བཅིངས་བདག་ལ། །རྐང་གཉིས་མཆོག་རྣམས་གཟིགས་སུ་གསུ་གསོལ། །སེམས་ཀྱི་དྲི་མར་གྱུར་པ་ལ།།སངས་རྒྱས་རྣམས་ནི་སྨོད་མི་མི་མཛད། །སེམས་ཅན་རྣམས་ལ་བྱམས་ཐུགས་ལྡན། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །རྫོགས་པའི་སངས་རྒྱས་གང་ བཞུགས་དང༌། །གང་དག་འདས་དང་མ་བྱོན་པ། །དེ་དག་རྗེས་སུ་བདག་སློབ་ཅིང༌། །བྱང་ཆུབ་སྤྱོད་པ་སྤྱད་གྱུར་ཅིག །ཕ་རོལ་ཕྱིན་དྲུག་རྫོགས་བགྱིས་ནས།།འགྲོ་དྲུག་སེམས་ཅན་ཐར་བགྱིད་ཤོག །མངོན་ཤེས་དྲུག་པོ་མངོན་བགྱིས་ནས། །བླ་མེད་བྱང་ཆུབ་རེག་གྱུར་ཅིག །མ་སྐྱེས་པ་དང་མི་འབྱུང་དང༌། །རང་ བཞིན་མ་མཆིས་གནས་མ་མ་མཆིས། །རྣམ་རིག་མ་མཆིས་དངོས་མ་མཆིས། །སྟོང་པའི་ཆོས་ནི་རྟོགས་པར་ཤོག །སངས་རྒྱས་དྲང་སྲོང་ཆེན་པོ་ལྟར། །སེམས་ཅན་མ་མཆིས་སྲོག་མ་མཆིས། །གང་ཟག་མ་མཆིས་གསོ་མ་མཆིས། །བདག་མ་མཆིས་པའི་ཆོས་རྟོགས་ཤོག །བདག་འཛིན་བདག་གིར་འཛིན་པ་ཡི།  དངོས་པོ་ཀུན་ལ་མི་གནས་པར། །སེམས་ཅན་ཀུན་ལ་ཕན་སླད་དུ། །སེར་སྣ་མ་མཆིས་སྦྱིན་གཏོང་ཤོག །དངོས་པོར་དངོས་པོ་མ་མཆིས་པས། །བདག་གི་ལོངས་སྤྱོད་ལྷུན་གྲུབ་ཤོག །དངོས་པོ་ཐམས་ཅད་རྣམ་འཇིག་པའི། །སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ཤོག །ཁྲིམས་གྱི་ཚུལ་ཁྲིམས་སྐྱོན་མེད་ཅིང༌། །ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །ཚུལ་ ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །ས་འམ་ཡང་ན་ཆུའམ་མེ། །རླུང་གི་ཁམས་ ལྟར་མི་གནས་ཤིང༌། །བཟོད་པའམ་ཁྲོ་བ་མ་མཆིས་པར། །བཟོད་པའི་ཕ་རོལ་ཕྱིན་རྫོགས་ཤོག །བརྩོན་འགྲུས་བརྩམས་པའི་བརྩོན་འགྲུས་ཀྱིས། །བརྟན་སྤྲོ་ལེ་ལོ་མ་མཆིས་ཤིང༌། །སྟོབས་དང་ལྡན་པའི་ལུས་སེམས་ཀྱིས། །བརྩོན་འགྲུས་ཕ་རོལ་ཕྱིན་རྫོགས་ཤོག །སྒྱུ་མ་ལྟ་བུའི་ཏིང་འཛིན་དང༌། །དཔའ་བར་འགྲོ་ བའི་ཏིང་འཛིན་དང༌། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །བསམ་གཏན་ཕ་རོལ་ ཕྱིན་རྫོགས་ཤོག །རྣམ་པར་ཐར་པའི་སྒོ་གསུམ་དང༌། །དུས་གསུམ་མཉམ་པ་ཉིད་དང་ནི། །རིག་གསུམ་མངོན་གསུམ་བགྱིས་པ་ཡིས། །ཤེས་རབ་ཕ་རོལ་ ཕྱིན་རྫོགས་ཤོག །སངས་རྒྱས་ཀུན་གྱིས་བསྔགས་པ་དང༌། །འོད་དང་གཟི་ བརྗིད་འབར་བ་དང༌། །བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱིས། །བདག་ གཞན་བསམ་པ་རྫོགས་གྱུར་ཅིག །དེ་ལྟར་སྤྱོད་པ་སྤྱོད་བྱེད་ཅིང༌། །བྱམས་པ་གྲགས་དང་ལྡན་པ་ཡིས། །ཕ་རོལ་ཕྱིན་དྲུག་རྫོགས་བགྱིས་ན། །ས་བཅུ་པོ་ལ་རབ་ཏུ་གནས། །དེ་ལྟར་བགྱིས་པའི་བསོད་ནམས་དཔག་མེད་ཀྱིས། །དམྱལ་བ་ཡི་དག་དུད་འགྲོ་ལྷ་མ་ཡིན། །གནས་ངན་ལེན་པར་རྟག་ཏུ་སྤང་བྱས་ནས། །རྒྱལ་བ་བྱམས་པའི་ཞབས་དྲུང་སྐྱེ་བར་ཤོག །དགའ་ལྡན་ཆོས་ཀྱི་ཕོ་བྲང་ན། །རྒྱལ་ཚབ་བྱམས་པ་མགོན་པོ་བཞུགས། །ས་བཅུ་གནས་པའི་འཁྲུངས་ས་ཡིན།།ཞིང་མཆོག་དེ་རུ་སྐྱེ་བར་ཤོག །ཚེ་འདིའི་ཉིན་བྱེད་འཆི་བདག་མུན་ནག་གིས། །རྣམ་པར་ཟོས་ཚེ་རང་བློའི་ནམ་མཁའ་ལ། །བྱམས་མགོན་ཐུགས་རྗེའི་ཟླ་བ་དེ་ཤར་ནས། །དགའ་ལྡན་བགྲོད་པའི་ལམ་ཆེན་མཐོང་བར་ཤོག །དེ་ནས་རྗེ་ བཙུན་ཞབས་ལ་དད་པ་དང་། །མི་ཕྱེད་སྨོན་ལམ་བཟང་པོས་མཚམས་སྦྱར་ ནས། །ཐེག་མཆོག་ཆོས་ཀྱི་དགའ་བས་ཚིམ་བཞིན་དུ། །ཤིན་སྦྱངས་འདབ་ སྟོང་རྒྱས་པའི་དཔལ་ཐོབ་ཤོག །མགོན་ཁྱེད་རྡོ་རྗེ་གདན་དུ་སངས་རྒྱས་ནས། །ཐེག་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ། །འདུས་པ་དང་པོའི་འཁོར་དུ་བདག་གྱུར་ཏེ། །བྱང་ཆུབ་དམ་པར་ལུང་བསྟན་ཐོབ་པར་ཤོག །དུས་གསུམ་ཚེ་རབ་ཐམས་ཅད་དུ། །མི་ལུས་རིན་ཆེན་ཐོབ་པ་དང་། །གསང་སྔགས་རྡོ་རྗེ་ཐེག་པ་ཡིས། །བླ་མ་སངས་རྒྱས་རྣམས་དང་མཇལ་བར་ཤོག །།

༈བཅོམ་ལྡན་འདས་དེ་བཞིན་བཤེམས་པ་དགྲ་གཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །མཆོད་དོ། ། སྐྱབས་སུ་མཆིའོ། །བྱིན་གྱི་བརླབས་པ་དམ་པ་མཛད་དུ་གསོལ།

མཁས་གྲུབ་རཱ་ག་ཨ་སྱས་མཛད་པའི་རྣམ་དག་བདེ་ཆེན་ཞིང་གི་སྨོན་ལམ་བཞུགས་སོ།༄༅།།ཨོཾ་ཨ་མི་དྷེ་ཝ་ཧྲཱིཿའདི་ཉིད་ཆགས་མེད་ཐུགས་དམ་མཛོད། ལག་པ་ན་ཡང་འབད་ནས་བྲིས། །མང་པོ་འགའ་ལ་ཨེ་ཕན་བསམ། །དཔེ་གཅོད་འདོན་མི་གདའ་ན་གཡོར། །འདི་ལས་ཕན་ཡོན་ཆེ་བར་མེད། །འདི་བས་ཟབ་པའི་གདམས་ངག་མེད། །ང་ཡི་ཆོས་ཀྱི་རྩ་བ་ཡིན། །རང་གར་མ་བསྐྱུར་ཉམས་སུ་འབུངས། །འདི་ནི་མདོ་ལུགས་ཡིན་པའི་ཕྱིར། །ལུང་མ་ཐོབ་ཀྱང་འདོན་ནི་རུང་།

ཨེ་མ་ཧོ།འདི་ནས་ཉི་མ་ནུབ་ཀྱི་ཕྱོགས་རོལ་ན། །ཅུང་ཟད་སྟེང་དུ་འཕགས་པའི་ཡུལ་ས་ན། །རྣམ་པར་དག་པའི་ཞིང་ཁམས་བདེ་བ་ཅན། །བདག་གིས་ཆུ་བུར་མིག་གིས་མ་མཐོང་ཡང་། །རང་སེམས་གསལ་བའི་ཡིད་ལ་ལམ་མེར་གསལ། །དེ་ན་བཅོམ་ལྡན་རྒྱལ་བ་འོད་དཔག་མེད། །པདྨ་རཱ་གིའི་མདོག་ཅན་གཟི་ བརྗིད་འབར། །དབུ་ལ་གཙུག་ཏོར་ཞབས་ལ་འཁོར་ལོ་སོགས། །མཚན་བཟང་སོ་གཉིས་དཔེ་དཔྱད་བརྒྱད་ཅུས་སྤྲས། །ཞལ་གཅིག་ཕྱག་གཉིས་མཉམ་ བཞག་ལྷུང་ཟད་འཛིན། །ཆོས་གོས་རྣམ་གསུམ་གསོལ་ཞིང་སྐྱིལ་ཀྲུང་གིས། །པདྨ་སྟོང་ལྡན་ཟླ་བའི་གདན་སྟེང་དུ་། །བྱང་ཆུབ་ཤིང་ལ་སྐུ་རྒྱབ་བརྟེན་མཛད་དེ། །ཐུགས་རྗེའི་སྤྱན་གྱིས་རྒྱང་ནས་བདག་ལ་གཟིགས། །གཡས་སུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས། །སྐུ་མདོག་དཀར་པོ་ཕྱག་གཡོན་པད་དཀར་འཛིན། །གཡོན་དུ་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ། །སྔོན་པོ་རྡོ་རྗེས་ མཚན་པའི་པདྨ་གཡོན། །གཡས་གཉིས་སྐྱབས་སྦྱིན་ཕྱག་རྒྱ་བདག་ལ་བསྟན།།གཙོ་བོ་གསུམ་པོ་རི་རྒྱལ་ལྷུན་པོ་བཞིན། །ལྷང་ངེ་ལྷན་ནེ་ལྷམ་མེར་བཞུགས་ པའི་འཁོར། །བྱང་ཆུབ་སེམས་དཔའི་དགེ་སློང་བྱེ་བ་འབུམ། །ཀུན་ཀྱང་གསེར་མདོག་མཚན་དང་དཔེ་བྱད་བརྒྱན། །ཆོས་གོས་རྣམ་གསུམ་གསོལ་ཞིང་སེར་ ལྟེམ་མེ། །མོས་གུས་ཕྱག་ལ་ཉེ་རིང་ཁྱད་མེད་ཕྱིར།  བདག་གིས་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཆོས་སྐུ་སྣང་བ་མཐའ་ཡས་རིགས་ཀྱི་བདག །ཕྱག་གཡས་འོད་ཟེར་ལས་སྤྲུལ་སྤྱན་རས་གཟིགས། །ཡང་སྤྲུལ་སྤྱན་རས་གཟིགས་དབང་བྱེ་བ་བརྒྱ། །ཕྱག་གཡོན་འོད་ཟེར་ལས་སྤྲུལ་སྒྲོལ་མ་སྟེ། །ཡང་སྤྲུལ་སྒྲོལ་མ་བྱེ་བ་ཕྲག་བརྒྱ་འགྱེད། །ཐུགས་ཀྱི་འོད་ཟེར་ལས་སྤྲུལ་པདྨ་འབྱུང་། ཡང་སྤྲུལ་ཨུ་རྒྱན་བྱེ་བ་ཕྲག་བརྒྱ་འགྱེད། །ཆོས་སྐུ་འོད་དཔག་མེད་ལ་ཕྱག་ འཚལ་ལོ། །སངས་རྒྱས་སྤྱན་གྱིས་ཉིན་མཚན་དུས་དྲུག་ཏུ། །སེམས་ཅན་ཀུན་ལ་བརྩེ་བས་རྟག་ཏུ་གཟིགས། །སེམས་ཅན་ཀུན་གྱི་ཡིད་ལ་གང་དྲན་པའི།རྣམ་རྟོག་གང་འགྱུས་རྟག་ཏུ་ཐུགས་ཀྱིས་མཁྱེན། །སེམས་ཅན་ཀུན་གྱིས་རྟག་ག་ཏུ་གང་སྨྲས་ཚིག །རྟག་ཏུ་མ་འདྲེས་སོ་སོར་སྙན་ལ་གསན། །ཀུན་མཁྱེན་འོད་ དཔག་མེད་ལ་ཕྱག་འཚལ་ལོ། །ཆོས་སྤང་མཚམས་མེད་བྱས་པ་མ་གཏོགས་པ། །ཁྱེད་ལ་དད་ཅིང་སྨོན་ལམ་བཏབ་ཚད་ཀུན། །བདེ་བ་ཅན་དེར་སྐྱེ་བའི་སྨོན་ལམ་འགྲུབ། །བར་དོར་བྱོན་ནས་ཞིང་དེར་འདྲེན་པར། །འདྲེན་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཁྱེད་ཀྱི་སྐུ་ཚེ་བསྐལ་བ་གྲངས་མེད་དུ། །མྱ་ངན་མི་ འདའ་ད་ལྟ་མངོན་སུམ་བཞུགས། །ཁྱེད་ལ་རྩེ་གཅིག་གུས་པས་གསོལ་བཏབ་ན། །ལས་ཀྱི་རྣམ་པར་སྨིན་པར་མ་གཏོགས་པའི། །ཚེ་ཟད་པ་ཡང་ལོ་བརྒྱ་ཐུབ་པ་དང་། །དུས་མིན་འཆི་བ་མ་ལུས་བཟློག་པར་གསུངས། །མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །སྟོང་གསུམ་འཇིག་རྟེན་རབ་འབྱམས་གྲངས་མེད་པ། །རིན་པོ་ཆེས་བཀང་སྦྱིན་པ་བྱིན་པ་བས། །འོད་དཔག་མེད་པའི་མཚན་དང་ བདེ་བ་ཅན། །ཐོས་ནས་དད་པས་ཐལ་མོ་སྦྱར་བྱས་ན། །དེ་ནི་དེ་བས་བསོད་ ནམས་ཆེ་བར་གསུངས། །དེ་ཕྱིར་འོད་དཔག་མེད་ལ་གུས་ཕྱག་འཚལ། །གང་ཞིག་འོད་དཔག་མེད་པའི་མཚན་ཐོས་ནས། །ཁ་ཞེ་མེད་པར་སྙིང་ཁོང་རུས་པའི་གཏིང་། །ལན་གཅིག་ཙམ་ཡང་དད་པ་སྐྱེས་པ་ན། །དེ་ནི་བྱང་ཆུབ་ལམ་ལས་ཕྱིར་མི་ལྡོག །མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་དཔག་མེད་པའི་མཚན་ཐོས་ནས། །དེ་ནི་བྱང་ཆུབ་སྙིང་པོར་མ་ཐོབ་བར། བུད་མེད་མི་སྐྱེ་རིགས་ནི་བཟང་པོར་སྐྱེ། །ཚེ་རབས་ཀུན་ཏུ་ཚུལ་ཁྲིམས་རྣམ་ དག་འགྱུར། །བདེ་གཤེགས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བདག་གི་ ལུས་དང་ལོངས་སྤྱོད་དགེ་རྩར་བཅས། །དངོས་སུ་འབྱོར་བའི་མཆོད་པ་ཅི་ མཆིས་དང་པ། །ཡིད་སྤྲུལ་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །གདོད་ནས་གྲུབ་པ་སྟོང་གསུམ་འཇིག་རྟེན་གྱི། །གླིང་བཞི་རི་རབ་ཉི་ཟླ་བྱེ་བ་བརྒྱ། །ལྷ་ཀླུ་མི་ཡི་ལོངས་སྤྱོད་ཐམས་ཅད་ཀུན། །བློ་ཡིས་བླངས་ཏེ་འོད་དཔག་མེད་ལ་ འབུལ། །བདག་ལ་ཕན་ཕྱིར་ཐུགས་རྗེ་སྟོབས་ཀྱིས་བཞེས། །ཕ་མས་ཐོག་ དྲངས་བདག་སོགས་འགྲོ་ཀུན་གྱི། །ཐོག་མ་མེད་པའི་དུས་ནས་ད་ལྟའི་བར། །སྲོག་གཅོད་མ་བྱིན་ལེན་དང་མི་ཚངས་སྤྱོད། །ལུས་ཀྱི་མི་དགེ་གསུམ་པོ་མཐོལ་ལོ་བཤགས། །རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཆལ་བ། །ངག་གི་མི་དགེ་བཞི་པོ་མཐོལ་ལོ་བཤགས། །བརྣབ་སེམས་གནོད་སེམས་ལོག་པར་ལྟ་བ་སྟེ། །ཡིད་ཀྱི་མི་དགེ་གསུམ་པོ་མཐོལ་ལོ་བཤགས། །ཕ་མ་སློབ་དཔོན་དགྲ་བཅོམ་བསད་པ་དང་། །རྒྱལ་བའི་སྐུ་ལ་ངན་སེམས་སྐྱེས་པ་དང་། །མཚམས་མེད་ལྔ་ཡི་ ལས་བསགས་མཐོལ་ལོ་བཤགས། །དགེ་སློང་དགེ་ཚུལ་བསད་དང་བཙུན་མ་ཕབ། །སྐུ་གཟུགས་མཆོད་རྟེན་ལྷ་ཁང་བཤིགས་ལ་སོགས། །དཔང་ཞེས་ཚད་བཙུགས་མནའ་ཟོས་ལ་སོགས་པ། །ཆོས་སྤངས་ལས་ངན་བསགས་པ་མཐོལ་ལོ་བཤགས། །ཁམས་གསུམ་སེམས་ཅན་བསད་ལས་སྡིག་ཆེ་བ། །བྱང་ཆུབ་ སེམས་དཔའ་རྣམས་ལ་སྐུར་བ་བཏབ། །དོན་མེད་སྡིག་ཆེན་བསགས་པ་མཐོལ་ལོ་བཤགས། །དགེ་བའི་ཕན་ཡོན་སྡིག་པའི་ཉེས་དམིགས་དང་། །དམྱལ་བའི་སྡུག་བསྔལ་ཚེ་ཚད་ལ་སོགས་པ། །ཐོས་ཀྱང་མི་བདེན་བཤད་ཚོད་ཡིན་བསམ་པ། །མཚམས་མེད་ལྔ་བས་ཐུ་བའི་ལས་ངན་པ། །ཐར་མེད་ལས་ངན་བསགས་པ་མཐོལ་ལོ་བཤགས། །ཕམ་པ་བཞི་དང་ལྷག་མ་བཅུ་གསུམ་དང་། །སྤང་ལྟུང་སོར་བཤགས་ཉེས་བྱས་སྡེ་ཚན་ལྔ། །སོ་ཐར་ཚུལ་ཁྲིམས་འཆལ་བ་མཐོལ་ལོ་ བཤགས། །ནག་པོའི་ཆོས་བཞི་ལྟུང་བ་ལྔ་ལྔ་བརྒྱད། །བྱང་སེམས་བསླབ་པ་ཉམས་པ་མཐོལ་ལོ་བཤགས། །རྩ་ལྟུང་བཅུ་བཞི་ཡན་ལག་སྦོམ་པོ་བརྒྱད། གསང་སྔགས་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །སྡོམ་པ་མ་ཞུས་མི་ དགེའི་ལས་བྱས་པ། །མི་ཚངས་སྤྱོད་དང་ཆང་འཐུང་ལ་སོགས་པ། །རང་ བཞིན་ཁ་ན་མ་ཐོའི་སྡིག་པ་སྟེ། །སྡིག་པ་སྡིག་ཏུ་མ་ཤེས་མཐོལ་ལོ་བཤགས། །སྐྱབས་སྡོམ་དབང་བསྐུར་ལ་སོགས་ཐོབ་ན་ཡང་། །དེ་ཡི་སྡོམ་པ་དམ་ཚིག་ བསྲུང་མ་ཤེས། །བཅས་པའི་ལྟུང་བ་ཕོག་པ་མཐོལ་ལོ་བཤགས། །འགྱོད་པ་ མེད་ན་བཤགས་པས་མི་འདག་པས། །སྔར་བྱས་སྡིག་པ་ཁོང་དུ་དུག་སོང་ལྟར།།ངོ་ཚ་འཇིགས་སྐྲག་འགྱོད་པ་ཆེན་པོས་བཤགས། །ཕྱིན་ཆད་སྡོམ་སེམས་མེད་ན་མི་དག་པས། །ཕྱི་ཆད་སྲོག་ལ་བབས་ཀྱ་མི་དགེའི་ལས། །ད་ནི་མི་བགྱིད་ སེམས་ལ་དམ་བཅའ་བཟུང་། །བདེ་གཤེགས་འོད་དཔག་མེད་པ་སྲས་བཅས་ཀྱིས། །བདག་རྒྱུད་ཡོངས་སུ་དག་པར་བྱིན་གྱིས་རློབས། །གཞན་གྱིས་དགེ་བ་བྱེད་པ་ཐོས་པའི་ཚེ། །དེ་ལ་ཕྲག་དོག་མི་དགེའི་སེམས་སྤངས་ནས། །སྙིང་ནས་ དགའ་བས་རྗེས་སུ་ཡི་རང་ན། །དེ་ཡི་བསོད་ནམས་མཉམ་དུ་ཐོབ་པར་ གསུངས། །དེ་ཕྱིར་འཕགས་པ་རྣམས་དང་སོ་སྐྱེ་ཡིས། །དགེ་བ་གང་བསྒྲུབ་ ཀུན་ལ་ཡི་རང་ཀུན་ལ་ཡི་རང་ངོ་། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་ བསྐྱེད་ནས། །འགྲོ་དོན་རྒྱ་ཆེན་མཛད་ལ་ཡི་རང་ངོ་། །མི་དགེ་བཅུ་པོ་སྤངས་པ་དགེ་བ་བཅུ། །གཞན་གྱི་སྲོག་བསྐྱབ་སྦྱིན་པ་གཏོང་བ་དང་། །སྡོམ་པ་སྲུང་ ཞིང་བདེན་པར་སྨྲ་བ་དང་། །འཁོན་པ་སྡུམ་དང་ཞི་དུལ་དྲང་པོར་སྨྲ། །དོན་ དང་ལྡན་པའི་གཏམ་བརྗོད་འདོད་འདོད་པ་ཆུང་། །བྱམས་པ་སྙིང་རྗེ་སྒོམ་ཞིང་ཆོས་ལ་སྤྱོད། །དགེ་བ་དེ་རྣམས་ཀུན་ལ་ཡི་རང་ངོ་། །ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཐམས་ཅད་ན། །རྫོགས་སངས་རྒྱས་ནས་རིང་པོར་མ་ལོན་པ། །དེ་དག་རྣམས་ལ་ཆོས་ཀྱི་འཁོར་ལོ་ནི། །རྒྱ་ཆེན་མྱུར་དུ་བསྐོར་བར་བདག་གིས་བསྐུལ། །མངོན་ཤེས་ཐུགས་ཀྱིས་དེ་དོན་མཁྱེན་པར་གསོལ། །སངས་རྒྱས་ བྱང་སེམས་བསྟན་འཛིན་དགེ་བའི་བཤེས། །མྱ་ངན་འདའ་བར་བཞེད་ཀུན་དེ་དག་ལ། །མྱ་ངན་མི་འདའ་བཞུགས་པར་གསོལ་བར་འདེབས། །འདིས་མཚོན་བདག་གི་དུས་གསུམ་དགེ་བ་རྣམས། །འགྲོ་བ་སེམས་ཅན་ཀུན་གྱི་དོན་དུ་བསྔོ། །ཀུན་ཀྱང་བླ་མེད་བྱང་ཆུབ་མྱུར་ཐོབ་ནས། །ཁམས་གསུམ་འཁོར་བ་དོང་ ནས་སྤྲུགས་གྱུར་ཅིག །དེ་ཡི་དགེ་བ་བདག་ལ་མྱུར་སྨིན་ནས། །ཚེ་འདིར་དུས་མིན་འཆི་བ་བཅོ་བརྒྱད་ཞི། །ནད་མེད་ལང་ཚོ་རྒྱས་པའི་ལུས་སྟོབས་ལྡན། དཔལ་འབྱོར་འཛད་མེད་དབྱར་གྱི་གངྒའི་ལྟར། །བདུད་དགྲའི་འཚེ་བ་མེད་ ཀྱང་དམ་ཆོས་སྤྱོད། །བསམ་པའི་དོན་ཀུན་ཆོས་ལྡན་ཡིད་བཞིན་འགྲུབ། བསྟན་དང་འགྲོ་ལ་ཕན་ཐོགས་རྒྱ་ཆེན་འགྲུབ། །མི་ལུས་དོན་དང་ལྡན་པ་འགྲུབ་པར་ཤོག །བདག་དང་བདག་ལ་འབྲེལ་ཐོག་ཀུན། །འདི་ནས་ཚེ་འཕོས་གྱུར་མ་ཐག །སྤྲུལ་བའི་སངས་རྒྱས་འོད་དཔག་མེད། །དགེ་སློང་དགེ་འདུན་འཁོར་གྱིས་བསྐོར། །མདུན་དུ་མངོན་སུམ་འབྱོན་པར་ཤོག །དེ་མཐོང་ཡིད་དགའ་ སྣང་བ་སྐྱིད། །ཤི་བའི་སྡུག་བསྔལ་མེད་པར་ཤོག །བྱང་ཆུབ་སེམས་དཔའ་ མཆེད་བརྒྱད་ནི། །རྫུ་འཕྲུལ་སྟོབས་ཀྱིས་ནམ་མཁར་བྱོན། །བདེ་བ་ཅན་དུ་ འགྲོ་བ་ཡི། །ལམ་སྟོན་ལམ་སྣ་འདྲེན་པར་ཤོག །ངན་སོང་སྡུག་བསྔལ་བཟོད་བླག་མེད། །ལྷ་མིའི་བདེ་སྐྱིད་མི་རྟག་འགྱུར། །དེ་ལ་སྐྲག་སེམས་སྐྱེ་བར་ཤོག །ཐོག་མ་མེད་ནས་ད་ལྟའི་བར། །འཁོར་བ་འདི་ལ་ཡུན་རེ་རིང་། །དེ་ལ་སྐྱོ་བ་སྐྱེ་བར་ཤོག །མི་ནས་མི་རུ་སྐྱེ་ཆོག་ཀྱང་། །སྐྱེ་རྒ་ན་འཆི་གྲངས་མེད་མྱོང་། །དུས་ངན་སྙིགས་མའི་བར་ཆད་མང་། །མི་དང་ལྷ་ཡི་བདེ་སྐྱིད་འདི། །དུག་དང་འདྲེས་པའི་ཟས་བཞིན་དུ། །འདོད་པ་སྤུ་ཙམ་མེད་པར་ཤོག །ཉེ་དུ་ཟས་ནོར་མཐུན་གྲོགས་རྣམས། །མི་རྟག་སྒྱུ་མ་རྨི་ལམ་བཞིན། །ཆགས་ཞེན་སྤུ་ཙམ་མེད་པར་ཤོག །ས་ཆ་ཡུལ་རིས་ཁང་ཁྱིམ་རྣམས། །རྨི་ལམ་ཡུཐལ་གྱི་ཁང་ཁྱིམ་ ལྟར། །བདེན་པར་མ་གྲུབ་ཤེས་པར་ཤོག །ཐར་མེད་འཁོར་བའི་རྒྱ་མཚོ་ནས། །ཉེས་ཆེན་བཙོན་ནས་ཐར་བ་བཞིན། །བདེ་བ་ཅན་གྱི་ཞིང་ཁམས་སུ། །ཕྱི་ ལྟས་མེད་པར་འབྲོས་པར་ཤོག །ཆགས་ཞེན་འཁྲི་བ་ཀུན་བཅད་ནས། །བྱ་ རྒོད་རྙི་ནས་ཐར་བ་བཞིན། །ནུབ་ཀྱི་ཕྱོགས་ཀྱི་ནམ་མཁའ་ལ། །འཇིག་རྟེན་ ཁམས་ནི་གྲངས་མེད་པ། །སྐད་ཅིག་ཡུད་ལ་བགྲོད་བྱས་ནས། །བདེ་བ་ཅན་དུ་ཕྱིན་པར་ཤོག །དེ་རུ་སངས་རྒྱས་འོད་དཔག་མེད། །མངོན་སུམ་བཞུགས་པའི་ཞལ་མཐོང་ནས། །སྒྲིབ་པ་ཐམས་ཅད་དག་པར་ཤོག །སྐྱེ་གནས་བཞི་ཡི་ མཆོག་གྱུར་པ། །མེ་ཏོག་པདྨའི་སྙིང་པོ་ལ། །བརྫུས་ཏེ་སྐྱེ་བར་ལེན་པར་ཤོག །སྐད་ཅིག་ཉིད་ལ་ལུས་རྫོགས་ནས། །མཚན་དཔེ་ལྡན་པའི་ལུས་ཐོབ་ཤོག །མི་སྐྱེ་དོགས་པའི་ཐེ་ཚོམ་གྱིས། །ལོ་གྲངས་ལྔ་བརྒྱའི་བར་དག་ཏུ། །ནང་དེར་བདེ་སྐྱིད་ལོངས་སྤྱོད་ལྡན། །སངས་རྒྱས་གསུང་ནི་ཐོས་ན་ཡང་། །མེ་ཏོག་ཁ་ནི་མི་ཕྱེ་བས། །སངས་རྒྱས་ཞལ་མཇལ་ཕྱི་བའི་སྐྱོན། །དེ་འདྲ་བདག་ལ་མི་འབྱུང་ ཤོག །སྐྱེས་མ་ཐག་ཏུ་མེ་ཏོག་ཕྱེ། །འོད་དཔག་མེད་པའི་ཞལ་མཐོང་ནས། བསོད་ནམས་སྟོབས་དང་རྫུ་འཕྲུལ་གྱིས། །ལག་པའི་མཐིལ་ནས་མཆོད་པའི ་སྤྲིན། །བསམ་མི་ཁྱབ་པར་སྤྲོས་བྱས་ནས། །སངས་རྒྱས་འཁོར་བཅས་མཆོད་པར་ཤོག །དེ་ཚེ་དེ་བཞིན་གཤེགས་པ་དེས། །ཕྱག་གཡས་བརྐྱང་ནས་མགོ་ལ་བཞག །བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག །ཟབ་དང་རྒྱ་ཆེའི་ཆོས་ཐོས་ནས།།རང་རྒྱུད་སྨིན་ཅིང་གྲོལ་བར་ཤོག །སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ། རྒྱལ་སྲས་ཐུ་བོ་རྣམ་གཉིས་ཀྱིས། །བྱིན་གྱིས་རླབས་ཤིང་རྗེས་བཟུང་ཤོག། ཉིན་རེ་བཞིན་དུ་ཕྱོགས་བཅུ་ཡི། །སངས་རྒྱས་བྱང་སེམས་དཔག་མེད་པ།། འོད་དཔག་མེད་པ་མཆོད་པ་དང་། །ཞིང་དེར་བལྟ་ཕྱིར་འབྱོན་པའི་ཚེ། །དེ་ དག་ཀུན་ལ་བསྙེན་བཀུར་ཞིང་། །ཆོས་ཀྱི་བདུད་རྩི་ཐོབ་པར་ཤོག །རྫུ་འཕྲུལ་ཐོགས་པ་མེད་པ་ཡིས། །མངོན་དགའི་ཞིང་དང་དཔལ་ལྡན་ཞིང་། །ལས་རབ་རྫོགས་དང་སྟུག་པོ་བཀོད། །སྔ་དྲོ་དེ་དག་རྣམས་སུ་འགྲོ །མི་བསྐྱོད་རིན་ འབྱུང་དོན་ཡོད་གྲུབ། །རྣམ་སྣང་ལ་སོགས་སངས་རྒྱས་ལ། །དབང་དང་བྱིན་རླབས་སྡོམ་པ་ཞུ། །མཆོད་པ་དུ་མས་མཆོད་བྱས་ནས། །དགོང་མོ་བདེ་བ་ཅན་ཉིད་དུ། །དཀའ་ཚེགས་མེད་པར་སླེབས་པར་ཤོག །པོ་ཊ་ལ་དང་ལྕང་ལོ་ཅན།།རྔ་ཡབ་གླིང་དང་ཨོ་རྒྱན་ཡུལ།སྤྲུལ་སྐུའི་ཞིང་ཁམས་བྱེ་བ་བརྒྱར། །སྤྱན་རས་ གཟིགས་དང་སྒྲོལ་མ་དང་། །ཕྱག་རྡོར་པད་འབྱུང་བྱེ་བ་བརྒྱ། །མཇལ་ཞིང་ མཆོད་པ་རྒྱ་མཚོས་མཆོད། །དབང་དང་གདམས་ངག་ཟབ་མོ་ཞུ། །མྱུར་དུ་རང་གནས་བདེ་ཆེན་ཞིང་། །ཐོགས་པ་མེད་པར་ཕྱིན་པར་ཤོག །ཤུལ་དུ་ཉེ་དུ་གྲྭ་སློབ་སོགས། །ལྷ་ཡི་མིག་གིས་གསལ་བར་མཐོང་། །སྲུང་སྐྱོབ་བྱིན་གྱིས་ རློབས་བྱེད་ཅིང་། །འཆི་དུས་ཞིང་དེར་ཁྲིད་པར་ཤོག །བསྐལ་བཟང་འདི་ཡི་ བསྐལ་བའི་ཡུན། །བདེ་བ་ཅན་གྱི་ཞག་གཅིག་སྟེ། །བསྐལ་བ་གྲངས་མེད་འཆི་བ་མེད། །རྟག་ཏུ་ཞིང་དེར་འཛིན་པར་ཤོག །བྱམས་པ་ནས་བཟུང་མོས་པའི་ བར། །བསྐལ་བཟང་འདི་ཡི་སངས་རྒྱས་རྣམས། །འཇིག་རྟེན་འདི་ནམ་འབྱོན་ཚེ། །རྫུ་འཕྲུལ་སྟོབས་ཀྱིས་འདིར་འོངས་ནས། །སངས་རྒྱས་མཆོད་ཅིང་དམ་ཆོས་ཉན། །སླར་ཡང་བདེ་ཆེན་ཞིང་ཁམས་སུ། །ཐོགས་པ་མེད་པར་འགྲོ་བར་ཤོག །སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག །བརྒྱད་ཅུ་རྩ་གཅིག་སངས་རྒྱས་ཞིང་ཀུན་གྱི། །ཡོན་ཏན་བཀོད་པ་ཐམས་ཅད་གཅིག་བསྡོམས་པ། །ཞིང་ཁམས་ཀུན་ལས་ཁྱད་འཕགས་བླ་ན་མེད། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ ཤོག །རིན་ཆེན་ས་གཞི་ཁོད་སྙོམས་ལག་མཐིལ་ལྟར། །ཡངས་ཤིང་རྒྱ་ཆེ་ གསལ་ཞིང་འོད་ཟེར་འབར། །མནན་ན་ནེམ་ཞིང་བཏེགས་ན་སྤར་བྱེད་པ། བདེ་འཇམ་ཡངས་པའི་ཞིང་དེར་སྐྱེ་བར་ཤོག །རིན་ཆེན་དུ་མ་ལས་གྲུབ་དཔག་བསམ་ཤིང་། །ལོ་མ་དར་ཟབ་འབྲས་བུ་རིན་ཆེན་བརྒྱན། །དེ་སྟེང་སྤྲུལ་བའི་བྱ་ཚོགས་སྐད་སྙན་སྒྲས། །ཟབ་དང་རྒྱ་ཆེའི་ཆོས་ཀྱི་སྒྲ་རྣམས་སྒྲོགས། །ངོ་མཚར་ཆེན་པོའི་ཞིང་དེར་སྐྱེ་བར་ཤོག །སྤོས་ཆུའི་ཆུ་ཀླུང་ཡན་ལག་བརྒྱད་ལྡན་མང་།།དེ་བཞིན་བདུད་རྩིའི་ཁྲུས་ཀྱི་རྫིང་བུ་རྣམས། །རིན་ཆེན་སྣ་བདུན་ཐེམ་སྐས་ཕ་གུས་བསྐོར། །མེ་ཏོག་པདྨ་དྲི་ཞིམ་འབྲས་བུ་ལྡན། །པདྨའི་འོད་ཟེར་དཔག་ཏུ་མེད་པ་འཕྲོ། །འོད་ཟེར་རྩེ་ལ་སྤྲུལ་བའི་སངས་བརྒྱན། །ཡ་མཚན་ཆེན་པོའི་ ཞིང་དེར་སྐྱེ་བར་ཤོག །མི་ཁོམ་བརྒྱད་དང་ངན་སོང་སྒྲ་མི་གྲགས། །ཉོན་ མོངས་དུག་ལྔ་དུག་གསུམ་ནད་དང་གདོན། །དགྲ་དང་དབུལ་ཕོངས་འཐབ་ རྩོད་ལ་སོགས་པ། །སྡུག་བསྔལ་ཐམས་ཅད་ཞིང་དེར་ཐོས་མ་མྱོང་། །བདེ་བ་ཆེན་པོའི་ཞིང་དེར་སྐྱེ་བར་ཤོག །བུད་མེད་མེད་ཅིང་མངལ་ནས་སྐྱེ་བ་མེད། །ཀུན་ཀྱང་མེ་ཏོག་པདྨའི་སྦུབས་ནས་འཁྲུངས། །ཐམས་ཅད་སྐུ་ལུས་ཁྱད་མེད་གསེར་གྱི་མདོག །དབུ་ལ་གཙུག་ཏོར་ལ་སོགས་མཚན་དཔེའི་བརྒྱན། །མངོན་ཤེས་ལྔ་དང་སྤྱན་ལྔ་ཀུན་ལ་མངའ། །ཡོན་ཏན་དཔག་མེད་ཞིང་དེར་སྐྱེ་བར་ ཤོག །རང་བྱུང་རིན་ཆེན་སྣ་ཚོགས་གཞལ་ཡས་ཁང་། །ཅི་འདོད་ལོངས་སྤྱོད་ཡིད་ལ་དྲན་པས་འབྱུང་། །རྩོལ་སྒྲུབ་མི་དགོས་དགོས་འདོད་ལྷུན་གྱིས་གྲུབ། །ང་ཁྱོད་མེད་ཅིང་བདག་ཏུ་འཛིན་པ་མེད། །གང་འདོད་མཆོད་སྤྲིན་ལག་པའི་ མཐིལ་ནས་འབྱུང། །ཐམས་ཅད་བླ་མེད་ཐེག་ཆེན་ཆོས་ལ་སྤྱོད། །བདེ་སྐྱིད་ ཀུན་འབྱུང་ཞིང་དེར་སྐྱེ་བར་ཤོག །དྲི་ཞིམ་རླུང་གིས་མེ་ཏོག་ཆར་ཆེན་འབེབས།།ཤིང་དང་པདྨོ་ཆུ་ཀླུང་ཐམས་ཅད་ལས། །ཡིད་དུ་འོང་བའི་གཟུགས་སྒྲ་དྲི་རོ་ རེག །ལོངས་སྤྱོད་མཆོད་པའི་སྤྲིན་ཕུང་རྟག་ཏུ་འབྱུང་། །བུད་མེད་མེད་ཀྱང་ སྤྲུལ་བའི་ལྷ་མོའི་ཚོགས། །མཆོད་པའི་ལྷ་མོ་དུ་མས་རྟག་ཏུ་མཆོད། །འདུག་ པར་འདོད་ཚེ་རིན་ཆེན་གཞལ་ཡས་ཁང་། །ཉལ་བར་འདོད་ཚེ་རིན་ཆེན་ཁྲི་ བཟང་སྟེང་། །དར་ཟབ་དུ་མའི་མལ་སྟན་སྔས་དང་བཅས། །བྱ་དང་ལྗོན་ཤིང་ཆུ་ཀླུང་རོལ་མོ་སོགས། །ཐོས་པར་བྱུང་ཚེ་སྙན་པའི་ཆོས་སྒྲ་སྒྲོགས། །མི་འདོད་ཚེ་ན་རྣ་བར་སྒྲ་མི་གྲགས། །བདུད་རྩིའི་རྫིང་བུ་ཆུ་ཀླུང་དེ་རྣམས་ཀྱང་། །དྲོ་ གྲང་གང་འདོད་དེ་ལ་དེ་ལྟར་འབྱུང་། །ཡིད་བཞིན་འགྲུབ་པའི་ཞིང་དེར་སྐྱེ་བར་ཤོག །ཞིང་དེར་རྫོགས་པའི་སངས་རྒྱས་འོད་དཔག་མེད། །བསྐལ་པ་གྲངས་མེད་མྱ་ངན་མི་འདའ་བཞུགས། །དེ་སྲིད་དེ་ཡི་ཞབས་འབྲིང་བྱེད་པར་ཤོག །་ནམ་ཞིག་འོད་དཔག་མེད་དེ་ཞི་བར་གཤེགས། །བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད། །གཉིས་ཀྱི་བར་དུ་བསྟན་པ་གནས་པའི་ཚེ། །རྒྱལ་ཚབ་སྤྱན་རས་ གཟིགས་དང་མི་འབྲལ་ཞིང་། །དེ་ཡི་ཡུན་ལ་དམ་ཆོས་འཛིན་པར་ཤོག །སྲོད་ལ་དམ་ཆོས་འཛིན་པའི་ཐོ་རངས་ལ། །སྤྱན་རས་གཟིགས་དེ་མངོན་པར་སངས་རྒྱས་ནས། །སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པ་ཡི། །དཔལ་བརྩེགས་རྒྱལ་པོ་ཞེས་བྱར་གྱུར་པའི་ཚེ། །ཞལ་ཏ་མཆོད་ཅིང་དམ་ཆོས་ཉན་པར་ཤོག །སྐུ་ཚེ་བསྐལ་བ་བྱེ་བ་ཁྲག་ཁྲིག་ནི། །འབུམ་ཕྲག་དགུ་ཅུ་རྩ་དྲུག་བཞུགས་པའི་ཚེ། །རྟག་ཏུ་ཞབས་འབྲིང་བསྙེན་བསྐུར་བྱེད་པ་དང་། །མི་བརྗེད་གཟུངས་ཀྱིས་དམ་ཆོས་འཛིན་པར་ཤོག །མྱ་ངན་འདས་ནས་དེ་ཡི་བསྟན་པ་ནི། །བསྐལ་བ་དུང་ཕྱུར་དྲུག་དང་བྱེ་བ་ཕྲག །འབུམ་ཕྲག་གསུམ་གནས་དེ་ཚེ་ཆོས་འཛིན་ཅིང་།།མཐུ་ཆེན་ཐོབ་དང་རྟག་ཏུ་མི་འབྲལ་ཤོག །དེ་ནས་མཐུ་ཆེན་ཐོབ་དེ་སངས་ རྒྱས་ནས། །དེ་བཞིན་གཤེགས་པ་རབ་ཏུ་བརྟན་པ་ནི། །ཡོན་ཏན་ནོར་བུ་ བརྩེགས་པའི་རྒྱལ་པོར་གྱུར། །སྐུ་ཚེ་བསྟན་པ་སྤྱན་རས་གཟིགས་དང་མཉམ།།སངས་རྒྱས་དེ་ཡི་རྟག་ཏུ་ཞབས་འབྲིང་བྱེད། །མཆོད་པས་མཆོད་ཅིང་དམ་ཆོས་ཀུན་འཛིན་ཤོག །དེ་ནས་བདག་གི་ཚེ་དེ་རྗེས་མ་ཐག །ཞིང་ཁམས་དེའམ་དག་པའི་ཞིང་གཞན་དུ། །བླ་མེད་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །རྫོགས་སངས་རྒྱས་ནས་ཚེ་དཔག་མེད་པ་ལྟར། །མཚན་ཐོས་ཙམ་གྱིས་འགྲོ་ཀུན་སྨིན་ཅིང་གྲོལ། །སྤྲུལ་བ་གྲངས་མེད་འགྲོ་བ་འདྲེན་པ་སོགས། །འབད་མེད་ལྷུན་ གྲུབ་འགྲོ་དོན་དཔག་མེད་ཤོག །དེ་བཞིན་གཤེགས་པའི་ཚེ་དང་བསོད་ནམས་དང་། །ཡོན་ཏན་ཡེ་ཤེས་གཟི་བརྗིད་ཚད་མེད་པ། །ཆོས་སྐུ་སྣང་བ་མཐའ་ཡས་འོད་དཔག་མེད། །ཚེ་དང་ཡེ་ཤེས་དཔག་མེད་བཅོམ་ལྡན་འདས། །གང་ཞིག་ཁྱོད་ཀྱི་མཚན་ནི་སུས་འཛིན་པ། །སྔོན་གྱི་ལས་ཀྱི་རྣམ་སྨིན་མ་གཏོགས་པ། །མེ་ཆུ་དུག་མཚོན་གནོད་སྦྱིན་སྲིན་པོ་སོགས། །འཇིགས་པ་ཀུན་ལས་སྐྱོབ་པར་ཐུབ་པས་གསུངས། །བདག་ནི་ཁྱེད་ཀྱི་མཚན་འཛིན་ཕྱག་འཚལ་བས། འཇིགས་དང་སྡུག་བསྔལ་ཀུན་ལས་བསྐྱབ་མཛད་གསོལ། །བཀྲ་ཤིས་ཕུན་སུམ་ཚོགས་པར་བྱིན་གྱིས་རློབས། །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ ཕྱེད་འདུན་པའི་བྱིན་རླབས་ཀྱིས། །ཇི་ལྟར་སྨོན་ལམ་བཏབ་བཞིན་འགྲུབ་པར་ཤོག །དཀོན་མཆོག་གསུམ་ལ་ ཕྱག་འཚལ་ལོ། །ཏདྱ་ཐཱ།པཉྩནྡྲི་ཡ་ཨ་ཝ་བོ་དྷ་ནི་སྭཱ་ཧཱ། །སྨོན་ལམ་འགྲུབ་པའི་གཟུངས་སོ། དཀོན་མཆོག་གསུམ་ལ་ ཕྱག་འཚལ་ལོ། །ན་མོ་མཉྫུ་ཤྲཱི་ཡེ། ན་མཿསུ་ཤྲི་ཡེ། ན་མོ་ཨུཏྟ་མ་ཤྲི་ཡེ་སྭཱ་ཧཱ།། ཞེས་བརྗོད་ནས་ཕྱག་གསུམ་འཚལ་ན་འབུམ་ཐེར་དུ་འགྱུར་བར་གསུངས། །དེ་ནས་རབ་བརྒྱ་ཕྲག །འབྲིང་ཅི་ནུས།ཐ་མ་ཡང་ཕྱག་བདུན་ཡན་འཚལ། །རབ་ འདི་མ་ཆགས་པ། འབྲིང་ལོ་ཟླ་ཙམ་མ་ཆགས་པ། ཐ་མ་ནམ་སྐབས་སུ་ཁ་ནུབ་ཏུ་་འཁོར་ནས་བདེ་བ་ཅན་གྱི་ཞིང་ཁམས་ཡིད་ལ་དྲན་ཅིང་ འོད་དཔག་མེད་ལ་ཐལ་མོ་སྦྱར་ཏེ་དད་པ་རྩེ་གཅིག་གིས་བཏོན་ན། །ཚེ་འདིར་ཚེའི་བར་ཆད་སེལ། །ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་ཐེ་ཚོམ་མེད་དོ། །འོད་མདོ་ཞིང་བཀོད་མདོ་དང་། །པདྨ་དཀར་པོ་འཆི་མེད་རྔ་སྒྲ་སོགས་ཀྱི་དགོངས་པ་ཡིན། ཞེས་དགེ་སློང་རཱ་ག་ཨ་སྱས་སྦྱར་བས་འགྲོ་བ་སེམས་ཅན་མང་པོ་ བདེ་བ་ཅན་དུ་སྐྱེ་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལྃ།།  

སྨོན་ལམ་བསྡུས་པ་ནི། ཨེ་མ་ཧོ༔ ངོ་མཚར་སངས་རྒྱས་སྣང་མཐའ་ཡས་དང་༔ གཡས་སུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང་༔ གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་ རྣམས་ལ༔ སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་བསྐོར༔ བདེ་ སྐྱིད་ངོ་མཚར་དཔག་ཏུ་མེད་པ་ཡི༔ བདེ་ཅན་ཞེས་བྱ་བའི་ཞིང་ཁམས་དེར་༔ བདག་གཞན་འདི་ནས་ཚེ་འཕོས་གྱུར་མ་ཐག༔ སྐྱེ་བ་གཞན་གྱིས་བར་མ་ ཆོད་པ་རུ༔ དེ་རུ་སྐྱེས་ནས་སྣང་མཐའི་ཞལ་མཐོང་ཤོག༔ དེ་སྐད་བདག་གིས་ སྨོན་ལམ་བཏབ་པ་ཡིས༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ ཀྱིས༔ གེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཏདྱ་ཐཱ༔ པཉྩནྡྲ་ཡ་ཨ་ཝ་བོ་དྷ་ནི་སྭཱ་ཧཱ༔ ཞེས་པ་འདི་འདི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་གསེར་འཕྱང་གི་ལོ་ས་ག་ཟླ་བའི་ཚེས་བདུན་ལ་གཙོ་འཁོར་རྣམས་ཞལ་གཟིགས་པའི་ཚེ་སངས་རྒྱས་སྣང་བ་ མཐའ་ཡས་ཀྱིས་དངོས་སུ་གསུངས་པའོ།།

༄༅། །ཕྱོགས་དུས་རྒྱལ་བ་སྲས་བཅས་དགོངས༔ ཚོགས་གཉིས་རྫོགས་ལ་ རྗེས་ཡི་རང་༔ བདག་གི་དུས་གསུམ་དགེ་བསགས་པ༔ དཀོན་མཆོག་གསུམ་ ལ་མཆོད་པ་འབུལ༔ རྒྱལ་བའི་བསྟན་པ་འཕེལ་གྱུར་ཅིག༔ དགེ་བ་སེམས་ ཅན་ཀུན་ལ་བསྔོ༔ འགྲོ་ཀུན་སངས་རྒྱས་ཐོབ་གྱུར་ཅིག༔ དགེ་རྩ་ཐམས་ ཅད་གཅིག་བསྡུས་ཏེ༔ བདག་གི་རྒྱུད་ལ་སྨིན་གྱུར་ཅིག༔ སྒྲིབ་གཉིས་ དག་ནས་ཚོགས་རྫོགས་ཞིང་༔ ཚེ་རིང་ནད་མེད་ཉམས་རྟོགས་འཕེལ༔ ཚེ་ འདིར་ས་བཅུ་ནོན་གྱུར་ཅིག༔ ནམ་ཞིག་ཚེ་འཕོས་གྱུར་མ་ཐག༔ བདེ་བ་ཅན་ དུ་སྐྱེ་གྱུར་ཅིག༔ སྐྱེས་ནས་པདྨའི་ཁ་ཕྱེ་སྟེ༔ ལུས་རྟེན་དེ་ལ་སངས་རྒྱས་ཤོག༔ བྱང་ཆུབ་ཐོབ་ནས་ཇི་སྲིད་དུ༔ སྤྲུལ་པས་འགྲོ་བ་འདྲེན་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཅེས་པ་འདིན་ནི་སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་གཏེར་མའོ།

 

།བཅོམ་ལྡན་འདས་དེ་བཞིན་བཤེམས་པ་དགྲ་གཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱི་བརླབས་པ་དམ་པ་མཛད་དུ་གསོལ།

༄༅༔ ༔རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོའི་དགོངས་པ་ཟང་ཐལ་དུ་བསྟན་པའི་རྒྱུད་ལས༔སྨོན་ལམ་སྟོབས་པོ་ཆེ་བཞུགས་སོ༔ 

ཧོ༔ སྣང་སྲིད་འཁོར་འདས་ཐམས་ཅད་ཀུན༔ གཞི་གཅིག་ལམ་གཉིས་འབྲས་ བུ་གཉིས༔ རིག་དང་མ་རིག་ཆོ་འཕྲུལ་ཏེ༔ ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས༔ ཐམས་ཅད་ཆོས་དབྱིངས་ཕོ་བྲང་དུ༔ མངོན་པར་རྫོགས་ཏེ་འཚང་རྒྱ་ཤོག༔ ཀུན་གྱི་གཞི་ནི་འདུས་མ་བྱས༔ རང་བྱུང་ཀློང་ཡངས་བརྗོད་དུ་མེད༔ འཁོར་ འདས་གཉིས་ཀའི་མིང་མེད་དོ༔ དེ་ཉིད་རིག་ན་སངས་རྒྱས་ཏེ༔ མ་རིག་ སེམས་ཅན་འཁོར་བར་འཁྱམས༔ ཁམས་གསུམ་སེམས་ཅན་ཐམས་ཅད་ ཀྱིས༔ བརྗོད་མེད་གཞི་དོན་རིག་པར་ཤོག༔ ཀུན་ཏུ་བཟང་པོ་ང་ཡིས་ཀྱང་༔ རྒྱུ་རྐྱེན་མེད་པ་གཞི་ཡི་དོན༔ དེ་ཉིད་གཞི་ལ་རང་བྱུང་རིག༔ ཕྱི་ནང་སྒྲོ་སྐུར་ སྐྱོན་མ་བཏགས༔ དྲན་མེད་མུན་པའི་སྒྲིབ་མ་གོས༔ དེ་ཕྱིར་རང་སྣང་ སྐྱོན་མ་གོས༔ རང་རིག་སོ་ལ་གནས་པ་ལ༔ སྲིད་གསུམ་འཇིགས་ཀྱང་ དངངས་སྐྲག་མེད༔ འདོད་ཡོན་ལྔ་ལ་ཆགས་པ་མེད༔ རྟོག་མེད་ཤེས་པ་ རང་བྱུང་ལ༔ རྡོས་པའི་གཟུགས་དང་དུག་ལྔ་མེད༔ རིག་པའི་གསལ་ཆ་ མ་འགགས་པ༔ ངོ་བོ་གཅིག་ལ་ཡེ་ཤེས་ལྔ༔ ཡེ་ཤེས་ལྔ་པོ་སྨིན་པ་ལས༔ ཐོག་མའི་སངས་རྒྱས་རིགས་ལྔ་བྱུང༔ དེ་ལས་ཡེ་ཤེས་མཐའ་རྒྱས་པས༔ སངས་རྒྱས་བཞི་བཅུ་རྩ་གཉིས་བྱུང་༔ ཡེ་ཤེས་ལྔ་ཡི་རྩལ་ཤར་བས༔ ཁྲག་ འཐུང་དྲུག་ཅུ་ཐམ་པ་བྱུང་༔ དེ་ཕྱིར་གཞི་རིག་འཁྲུལ་མ་མྱོང་༔ ཐོག་མའི་ སངས་རྒྱས་ང་ཡིན་པས༔ ང་ཡི་སྨོན་ལམ་བཏབ་པ་ཡིས༔ ཁམས་གསུམ་ འཁོར་བའི་སེམས་ཅན་གྱིས༔ རང་བྱུང་རིག་པ་ངོ་ཤེས་ནས༔ ཡེ་ཤེས་ཆེན་པོ་ མཐའ་རྒྱས་ཤོག༔ ང་ཡི་སྤྲུལ་པ་རྒྱུན་མི་ཆད༔ བྱེ་བ་ཕྲག་བརྒྱ་བསམ་ཡས་ འགྱེད༔ གང་ལ་གང་འདུལ་སྣ་ཚོགས་སྟོན༔ ང་ཡི་ཐུགས་རྗེའི་སྨོན་ལམ་ གྱིས༔ ཁམས་གསུམ་འཁོར་བའི་སེམས་ཅན་ཀུན༔ རིགས་དྲུག་གནས་ནས་ འཐོན་པར་ཤོག༔ དང་པོ་སེམས་ཅན་འཁྲུལ་པ་རྣམས༔ གཞི་ལ་རིག་པ་ མ་ཤར་བས༔ ཅི་ཡང་དྲན་མེད་ཐོམ་མེ་བ༔ དེ་ཀ་མ་རིག་འཁྲུལ་པའི་རྒྱུ༔ དེ་ལ་ཧད་ཀྱིས་བརྒྱལ་བ་ལས༔ དངངས་སྐྲག་ཤེས་པ་ཟ་ཟི་འགྱུས༔ དེ་ལས་ བདག་གཞན་དགྲར་འཛིན་སྐྱེས༔ བག་ཆགས་རིམ་བཞིན་བརྟས་པ་ལས༔ འཁོར་བ་ལུགས་སུ་འཇུག་པ་བྱུང་༔ དེ་ལས་ཉོན་མོངས་དུག་ལྔ་རྒྱས༔ དུག་ ལྔའི་ལས་ལ་རྒྱུན་ཆད་མེད༔ དེ་ཕྱིར་སེམས་ཅན་འཁྲུལ་པའི་གཞི༔ དྲན་མེད་ མ་རིག་ཡིན་པའི་ཕྱིར༔ སངས་རྒྱས་ང་ཡི་སྨོན་ལམ་གྱིས༔ ཀུན་གྱི་རིག་པ་ རང་ཤེས་ཤོག༔ ལྷན་ཅིག་སྐྱེས་པའི་མ་རིག་པ༔ ཤེས་པ་དྲན་མེད་ཡེངས་པ་ ཡིན༔ ཀུན་ཏུ་བཏགས་པའི་མ་རིག་པ༔ བདག་གཞན་གཉིས་སུ་འཛིན་པ་ ཡིན༔ ལྷན་ཅིག་ཀུན་བཏགས་མ་རིག་གཉིས༔ སེམས་ཅན་ཀུན་གྱི་འཁྲུལ་ གཞི་ཡིན༔ སངས་རྒྱས་ང་ཡི་སྨོན་ལམ་གྱིས༔ འཁོར་བའི་སེམས་ཅན་ཐམས་ ཅད་ཀྱི༔ དྲན་མེད་འཐིབ་པའི་མུན་པ་སངས༔ གཉིས་སུ་འཛིན་པའི་ཤེས་པ་ དངངས༔ རིག་པའི་རང་ངོ་ཤེས་པར་ཤོག༔ གཉིས་འཛིན་བློ་ནི་ཐེ་ཚོམ་སྟེ༔ ཞེན་པ་ཕྲ་མོ་སྐྱེས་པ་ལས༔ བག་ཆགས་འཐུག་པོ་རིམ་གྱིས་བརྟས༔ ཟས་ནོར་ གོས་དངགནས་དང་གྲོགས༔ འདོད་ཡོན་ལྔ་དང་བྱམས་པའི་གཉེན༔ ཡིད་ འོང་ཆགས་པའི་འདོད་པས་གདུངས༔ དེ་དག་འཇིག་རྟེན་འཁྲུལ་པ་སྟེ༔ གཟུང་འཛིན་ལས་ལ་ཟད་མཐའ་མེད༔ ཞེན་པའི་འབྲས་བུ་སྨིན་པའི་ཚེ༔ རྐམ་ ཆགས་གདུང་བའི་ཡི་དྭགས་སུ༔ སྐྱེས་ནས་བཀྲེས་སྐོམ་ཡ་རེ་ང་༔ སངས་ རྒྱས་ང་ཡི་སྨོན་ལམ་གྱིས༔ འདོད་ཆགས་ཞེན་པའི་སེམས་ཅན་རྣམས༔ འདོད་པའི་གདུང་བ་ཕྱིར་མ་སྤངས༔ འདོད་ཆགས་ཞེན་པ་ཚུར་མ་བླང་༔ ཤེས་པ་རང་སོར་ཀློད་པ་ཡིས༔ རིག་པ་རང་སོ་ཟིན་གྱུར་ནས༔ ཀུན་རྟོག་ ཡེ་ཤེས་ཐོབ་པར་ཤོག༔ ཕྱི་རོལ་ཡུལ་གྱི་སྣང་བ་ལ༔ འཇིགས་སྐྲག་ཤེས་པ་ ཕྲ་མོ་འགྱུས༔ སྡང་བའི་བག་ཆགས་བརྟས་པ་ལས༔ དགྲར་འཛིན་བརྡེག་ གསོད་ཧྲག་པ་སྐྱེས༔ ཞེ་སྡང་འབྲས་བུ་སྨིན་པའི་ཚེ༔ དམྱལ་བའི་བཙོ་བསྲེག་ སྡུག་རེ་བསྔལ༔ སངས་རྒྱས་ང་ཡིས་སྨོན་ལམ་གྱིས༔ འགྲོ་དྲུག་སེམས་ཅན་ ཐམས་ཅད་ཀྱི༔ ཞེ་སྡང་དྲག་པོ་སྐྱེས་པའི་ཚེ༔ སྤང་བླང་མི་བྱ་རང་སོར་ཀློད༔ རིག་པ་རང་སོ་ཟིན་གྱུར་ནས༔ གསལ་བའི་ཡེ་ཤེས་ཐོབ་པར་ཤོག༔ རང་ སེམས་ཁེངས་པར་གྱུར་པ་ལ༔ གཞན་ལ་འགྲན་སེམས་སྨད་པའི་བློ༔ ང་རྒྱལ་ དྲག་པོའི་སེམས་སྐྱེས་པས༔ བདག་གཞན་འཐབ་རྩོད་སྡུག་བསྔལ་མྱོང༔ ལས་དེའི་འབྲས་བུ་སྨིན་པའི་ཚེ༔ འཕོ་ལྟུང་མྱོང་བའི་ལྷ་རུ་སྐྱེ༔ སངས་རྒྱས་ ང་ཡི་སྨོན་ལམ་གྱིས༔ ཁེངས་སེམས་སྐྱེས་པའི་སེམས་ཅན་རྣམས༔ དེ་ཚེ་ ཤེས་པ་རང་སོར་ཀློད༔ རིག་པ་རང་སོ་ཟིན་གྱུར་ནས༔ མཉམ་པ་ཉིད་ཀྱི་ དོན་རྟོགས་ཤོག༔ གཉིས་འཛིན་བརྟས་པའི་བག་ཆགས་ཀྱིས༔ བདག་བསྟོད་ གཞན་སྨོད་ཟུག་རྔུ་ལས༔ འཐབ་རྩོད་འགྲན་སེམས་བརྟས་པ་ལས༔ གསོད་ གཅོད་ལྷ་མིན་གནས་སུ་སྐྱེ༔ འབྲས་བུ་དམྱལ་བའི་གནས་སུ་ལྟུང་༔ སངས་ རྒྱས་ང་ཡི་སྨོན་ལམ་གྱིས༔ འགྲན་སེམས་འཐབ་རྩོད་སྐྱེས་པ་རྣམས༔ དགྲར་ འཛིན་མི་བྱ་རང་སོར་ཀློད༔ ཤེས་པ་རང་སོ་ཟིན་གྱུར་ནས༔ ཕྲིན་ལས་ཐོགས་ མེད་ཡེ་ཤེས་ཤོག༔ དྲན་མེད་བཏང་སྙོམས་ཡེངས་པ་ཡིས༔ འཐིབས་ དང་ རྨུགས་དང་བརྗེད་པ་དང་༔ བརྒྱལ་དང་ལེ་ལོ་གཏི་མུག་པས༔ འབྲས་བུ་ སྐྱབས་མེད་བྱོལ་སོང་འཁྱམས༔ སངས་རྒྱས་ང་ཡི་སྨོན་ལམ་གྱིས༔ གཏི་མུག་ བྱིང་པའི་མུན་པ་ལ༔ དྲན་པ་གསལ་བའི་མདངས་ཤར་བས༔ རྟོག་མེད་ ཡེ་ཤེས་ཐོབ་པར་ཤོག༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན༔ ཀུན་ གཞི་སངས་རྒྱས་ང་དང་མཉམ༔ དྲན་མེད་འཁྲུལ་པའི་གཞི་རུ་སོང་༔ ད་ལྟ་ དོན་མེད་ལས་ལ་སྤྱོད༔ ལས་དྲུག་རྨི་ལམ་འཁྲུལ་པ་འདྲ༔ ང་ནི་སངས་རྒྱས ་ཐོག་མ་ཡིན༔ འགྲོ་དྲུག་སྤྲུལ་པས་འདུལ་བའི་ཕྱིར༔ ཀུན་ཏུ་བཟང་པོའི་ སྨོན་ལམ་གྱིས༔ སེམས་ཅན་ཐམས་ཅད་མ་ལུས་པ༔ ཆོས་ཀྱི་དབྱིངས་སུ་ འཚང་རྒྱ་ཤོག༔ ཨ་ཧོ༔ ཕྱིན་ཆད་རྣལ་འབྱོར་སྟོབས་ཅན་གྱིས༔ འཁྲུལ་མེད་རིག་པ་རང་གསལ་ནས༔ སྨོན་ལམ་སྟོབས་ཅན་འདི་བཏབ་པས༔ འདི་ཐོས་སེམས་ཅན་ཐམས་ཅད་ཀུན༔ སྐྱེ་བ་གསུམ་ནས་མངོན་འཚང་རྒྱ༔ ཉི་ཟླ་གཟའ་ཡིས་ཟིན་པའམ༔ སྒྲ་དང་ས་གཡོས་བྱུང་བའམ༔ ཉི་མ་ལྡོག་ འགྱུར་ལོ་འཕོ་དུས༔ རང་ཉིད་ཀུན་ཏུ་བཟང་པོར་བསྐྱེད༔ ཀུན་གྱིས་ ཐོས་སར་འདི་བརྗོད་ན༔ ཁམས་གསུམ་སེམས་ཅན་ཐམས་ཅད་ལ༔ རྣལ་འབྱོར་དེ་ཡི་སྨོན་ལམ་གྱིས༔ སྡུག་བསྔལ་རིམ་བཞིན་གྲོལ་ནས་ཀྱང་༔ མཐའ་རུ་སངས་རྒྱས་ཐོབ་པར་འགྱུར༔ཞེས་གསུངས་སོ། །རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོའི་དགོངས་པ་ཟང་ཐལ་དུ་བསྟན་པའི་རྒྱུད་ལས། སྨོན་ལམ་སྟོབས་པོ་ཆེ་བཏབ་པས་སེམས་ཅན་ཐམས་ཅད་སངས་མི་རྒྱ་བའི་དབང་མེད་པར་བསྟན་པའི་ལེའུ་དགུ་པ་ཁོལ་དུ་ཕྱུངས་པའོ། 

 

།ཟངས་མདོག་དཔལ་རིར་བགྲོད་པའི་སྨོན་ལམ་སྐལ་བཟང་དགའ་བའི་ཤིང་རྟ་ནི།  རང་སྣང་དག་པ་བདེ་ཆེན་རྡོ་རྗེའི་དབྱིངས། །ལྷུན་གྲུབ་འོག་མིན་སྒྱུ་འཕྲུལ་དྲྭ་བའི་གར། །རབ་འབྱམས་རྒྱལ་བའི་ཞིང་ཁམས་རྒྱ་མཚོའི་ཕུལ། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །ཡིད་འོང་པདྨ་རཱ་གའི་རི་དབང་རྩེར། །ནོར་བུའི་བ་གམ་བརྩེགས་པའི་ཕོ་བྲང་ནི། །ཕུལ་བྱུང་ངོ་མཚར་བཀོད་པས་མཛེས་པ་ཅན། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །ཙནྡན་ནགས་ཚལ་དཀྲིག་པའི་དོ་ར་རུ། །གཡུ་ཡི་སྤངས་ལྗོངས་སྣ་ཚོགས་ཆུ་སྐྱེས་བཞིན། །གེ་སར་ འཛུམ་མདངས་དགོད་པའི་ལང་ཚོ་ངོམ །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །ག་བུར་སྤོས་ཆུས་གཤེར་བའི་བདུད་རྩིའི་ཀླུང༌། །ལྷུང་ལྷུང་ཉམས་དགར་འབབ་ཅིང་འཁོར་བའི་རྫིང༌།གཞོན་ནུའི་གར་མཁན་ཅི་ཡང་རྩེ་ཞིང་རྒྱུ། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །དབང་གཞུའི་གུར་ཁྱིམ་འཁྲིགས་པའི་དྲྭ་མི་གནས། །མེ་ཏོག་ཆར་ཟིམ་འབབ་པའི་རྡུལ་ཕྲེང་ནང༌། །གིང་ཆེན་ བདེ་བའི་གར་གྱིས་རྣམ་པར་རྩེ། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག།ཕུན་ཚོགས་འདོད་པའི་ཡོན་ཏན་རྣམ་མང་པོས། །ཀུན་ནས་མཛེས་རྒུར་བརྒྱན་བྱས་མཁའ་འགྲོའི་སྤྲིན། །མི་འཛད་ཕྱོགས་ཀྱི་འཁོར་ལོའི་བླར་བྲེས་པ། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །རིག་འཛིན་འདུས་པའི་ཚོགས་ཀྱི་གྲལ་དབུས་ན། །པདྨ་འབྱུང་གནས་རྒྱལ་བའི་དབང་པོ་ཡིས། །ཟབ་གསང་སེང་གེའི་སྒྲ་ཆེན་ཀུན་ཏུ་སྒྲོགས། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག  སངས་རྒྱས་ཀུན་གྱི་ངོ་བོ་ང་ཡིན་ཞེས། །མཁྱེན་བརྩེའི་ཡེ་ཤེས་མཚུངས་པ་མེད་པའི་སྟོབས། །མུ་མེད་གདུལ་བྱའི་ཁམས་དང་མཉམ་པར་འཇུག  །ཟངས་ མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །ཡོན་ཏན་རྒྱ་མཚོ་ཕ་མཐའ་ཡས་པའི་ གཏེར། །དྲན་པ་ཙམ་གྱིས་ཞིང་དེར་དབུགས་འབྱིན་པའི། །ངོ་མཚར་ཕྲིན་ལས་འཁོར་ལོའི་གཟི་བྱིན་ཅན།ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །མཁའ་སྤྱོད་པདྨ་འོད་མཛེས་གྲོང་ཁྱེར་དུ། །ད་ལྟ་ཉིད་དུ་བཙན་ཐབས་བགྲོད་ནས་ཀྱང༌། །དོན་གཉིས་ཡིད་བཞིན་འགྲུབ་པའི་རྣམ་ཐར་ཚུལ། །མཉམ་མེད་གུ་རུ་ཁྱོད་དང་མཚུངས་པར་ཤོག །ཅེས་པའང་རིགས་ཀྱི་བུ་མོ་བདེ་སྐྱོང་ཡེ་ཤེས་དབང་པོ་པདྨ་འོད་དུ་བགྲོད་པའི་ཆ་རྐྱེན་དུ་ཕ་རྒན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྙིང་ནས་སྐྱོ་ཞིང་དུང་བའི་སེམས་ཀྱིས་སྨོན་ལམ་དུ་བཏབ་པ་དགེ།  ༈སངས་རྒྱས་ཀུན་གྱི་ངོ་བོ་བཀའ་དྲིན་ཅན། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས།  ནམ་ཞིག་ཚེ་འདིའི་སྣང་བ་ནུབ་མ་ཐག  །པདྨ་འོད་དུ་སྐྱེ་བར་བྱིན་གྱིས་རློབས།

༄༅། །སྐུ་གསུམ་ཞིང་ཁམས་སྦྱོང་བའི་གསོལ་འདེབས་སྨོན་ལམ་ནི།

ཀྱེ་མ་ཀྱི་ཧུད་རིག་འཛིན་པདྨ་འབྱུང༌། །བདག་འདྲ་ལས་ངན་སྙིགས་མའི་ སེམས་ཅན་རྣམས། །བདེ་བ་འདོད་ཀྱང་སྡུག་བསྔལ་དོན་དུ་གཉེར། །སྙིང་རུས་ཕྱིན་ཅི་ལོག་རྣམས་སུ་ལ་རེ། །ཐུགས་རྗེས་གཟིགས་ཤིག་རྔ་ཡབ་གླིང་པ་ མཁྱེན། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རིར་དྲོངས། །ཐུགས་རྗེ་ལྡན་པའི་རྒྱལ་བ་ཁྱེད་ལྟ་བུས། །བོད་འབངས་བོར་ནས་རྔ་ཡབ་གླིང་དུ་གཤེགས།  གདོང་དམར་བོད་ཕྲུག་སྤྲེའུའི་ཚ་བོ་རྣམས། །འདི་ཕྱིའི་རེ་ལྟོས་སྐྱབས་གནས་སུ་ལ་རེ། །ཐུགས་རྗེས་གཟིགས་ཤིག་རྔ་ཡབ་གླིང་པ་མཁྱེན། །ད་ལྟ་ཉིད་དུ་ ཟངས་མདོག་དཔལ་རིར་དྲོངས། །ཚེ་སྲོག་མི་རྟག་གཡང་ཁའི་བྱེའུ་འདྲ། །དོ་ནུབ་ཙམ་ཡང་མི་འཆིའི་གདེང་ནི་མེད། །རྟག་ཏུ་སྡོད་གྲབ་བྱེད་པ་བདུད་ཀྱིས་ བསླུས། །གཤིན་རྗེའི་ཕོ་ཉ་བྱུང་ན་སུ་ལ་རེ། །ཐུགས་རྗེས་གཟིགས་ཤིག་རྔ་ཡབ་གླིང་པ་མཁྱེན། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རིར་དྲོངས། །འཁོར་བའི་སེམས་ཅན་སྡུག་བསྔལ་ལས་ལ་གཡེངས། །དམ་ཆོས་བྱེད་བློ་ནམ་ལངས་སྐར་ལྟར་ཡལ། །དོན་ཆུང་གཡེང་བའི་ཁོལ་བོར་མི་ཚེ་ཟད། །དགྲ་ཆེན་འཆི་བ་བྱུང་ན་སུ་ལ་རེ། །ཐུགས་རྗེས་གཟིགས་ཤིག་རྔ་ཡབ་གླིང་པ་མཁྱེན། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རིར་དྲོངས། །བྱིས་པའི་རང་བཞིན་སོ་སོའི་སྐྱེ་བོ་ཀུན།  ཐོས་བསམ་སྒོམ་པའི་ན་ཚོད་ཆེས་ཆེར་རྒུད། །ཕར་ཕྱིན་དྲུག་གི་འདྲེན་བྱེད་ཅེ་རེ་ལོང༌། །འབྱུང་བ་ཐིམ་རིམ་བྱུང་ན་སུ་ལ་རེ། །ཐུགས་རྗེས་གཟིགས་ཤིག་རྔ་ཡབ་གླིང་པ་མཁྱེན། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རིར་དྲོངས། །དགེ་བཅུའི་ལམ་ལ་མོས་པས་ཞུགས་ན་ཡང༌། །རྣམ་པར་དཔྱད་ན་ཆོས་བརྒྱད་ཟོབ་ དང་འདྲེས། །མི་དགེའི་རྣམ་སྨིན་མ་ཚོར་ཤུགས་ཀྱིས་འགོ །བར་དོར་དམྱལ་ཐག་གཅོད་དུས་སུ་ལ་རེ། །ཐུགས་རྗེས་གཟིགས་ཤིག་རྔ་ཡབ་གླིང་པ་མཁྱེན། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རིར་དྲོངས། །ཀྱེ་མ་ནམ་ཞིག་ཚེ་ཡི་འཕེན་པ་ཟད། །ལུས་ཀྱི་མདངས་ཤོར་དབུགས་ཀྱི་ངར་སྒྲ་བརྩེགས། །འདེགས་བྱེད་རླུང་བྲོས་ངར་སྐད་ཅན་གྱི་རོས། །ཉེ་འབྲེལ་གདུང་སེམས་འབྲེལ་ཐག་གཅོད་པའི་ཚེ། །གནད་གཅོད་སྡུག་བསྔལ་དྲག་པོ་མི་འབྱུང་ཞིང༌། །མཁའ་འགྲོས་བསུ་ བའི་སྣང་བ་ཤར་བར་ཤོག །ཀྱི་ཧུད་ས་ཆུ་མེ་རླུང་ནམ་མཁའ་སྟེ། །འབྱུང་ལྔའི་ཐིམ་རིམ་དུ་བ་སྨིག་རྒྱུ་དང༌། །མེ་ཁྱེར་མར་མེའི་སྣང་བ་གསལ་བའི་རྗེས། །ཕྲ་བའི་ཐིམ་རིམ་སྣང་མཆེད་ཐོབ་གསུམ་སྟེ། །འདི་ལྟར་རྣམ་ཤེས་སྣང་བ་ལ་ཐིམ་པས། །སྤྲིན་མེད་མཁའ་ལ་ཉི་ཟླ་གཟས་ཟིན་ལྟར། །དམར་ལམ་འཆར་ཞིང་ དམར་ཆ་སྙིང་གར་ལྡོག །དེ་རྗེས་སྣང་བ་མེད་པ་ལ་ཐིམ་པས། །སྐར་ཁུང་ནང་དུ་ཟླ་ཟེར་ཤར་བ་ལྟར། །དཀར་ལམ་འཆར་ཞིང་དཀར་ཆ་ཐུར་དུ་བབས། །དེ་ནས་མཆེད་པ་ཉེར་ཐོབ་ལ་ཐིམ་པས། །སྤྲིན་མེད་ནམ་མཁར་སྲོད་མུན་འཁྲིགས་པ་ལྟར། །ནག་ལམ་ཤར་ནས་ཀུན་གཞིའི་ངང་དུ་བརྒྱལ། །སླར་ཡང་སྲོག་ འཛིན་རླུང་བརྒྱད་གྱེས་པ་ཡིས། །ཅུང་ཟད་བརྒྱལ་སངས་གདོད་མའི་ཡེ་གདངས་ཤར། །གསལ་ལ་མ་འགགས་སྟོན་གྱི་ནམ་མཁའ་བཞིན། །སྟོང་གསལ་ སྒྲིབ་གཡོགས་བྲལ་བའི་ངང་ལ་གནས། །དེ་ཚེ་ད་ལྟའི་ཀ་དག་བློ་བྲལ་དབྱིངས།།ཐ་མལ་ཤེས་པ་ཟང་ཀ་རྒྱ་ཡན་ལ། །ངེས་པ་རྙེད་དེ་མཉམ་པར་བཞག་པའི་ མཐུས། །གདོད་མའི་གཞི་དབྱིངས་ནང་གསལ་གསང་བའི་སྦུབས། །ཁྱད་ཆོས་དྲུག་ལྡན་ཀུན་བཟང་དགོངས་པའི་ཀློང༌། །སྐད་ཅིག་ཉིད་ལ་བཙན་ས་ཟིན་པར་ཤོག །གལ་ཏེ་བར་དོ་དང་པོར་མ་གྲོལ་ན། །དབྱིངས་སྣང་ལྷུན་གྲུབ་འོད་ གསལ་ལ་ཐིམ་ནས། །སྒྲ་འོད་ཟེར་དང་ཚོམ་བུའི་དཀྱིལ་འཁོར་སོགས། །ཐིམ་ལུགས་བརྒྱད་ཀྱི་སྣང་བ་འཆར་བའི་ཚེ། །ཆོས་ཉིད་བར་དོར་རང་སྣང་ངོ་ཤེས་ ནས། །མ་པང་བུ་འཇུག་ལྟ་བུར་གྲོལ་བར་ཤོག །དེ་ཚེ་སྒྲ་ཡིས་འཇིགས་ཏེ་ཟེར་གྱིས་དངངས། །སྐུ་ཡི་སྣང་བས་སྐྲག་སྟེ་མ་གྲོལ་ན། །ཆོས་ཉིད་བདེན་པ་བླ་ མའི་བྱིན་རླབས་ཀྱིས། །འཁྲུལ་པ་རྨི་ལམ་སད་པའི་ཆ་ཙམ་ལས། །རང་བཞིན་སྤྲུལ་སྐུའི་ཞིང་ཁམས་པདྨའི་སྦུབས། །བརྫུས་ཏེ་སྐྱེས་ནས་དབུགས་དབྱུང་གྲོལ་བར་ཤོག །རིམ་དགུའི་ཐེག་པ་ཀུན་ལས་འདས་པའི་དོན། །འོད་གསལ་རྫོགས་ཆེན་ལམ་ལ་ཞུགས་དེའི་མཐུས། །ནམ་ཞིག་གདོད་མའི་ལྷུམས་སུ་ཞུགས་པའི་ཚེ། །གང་གི་གྲོལ་ཚད་སྒྲ་འོད་ས་གཡོས་དང༌། །རིགས་ལྔའི་གདུང་དང་ཞི་ ཁྲོའི་སྣང་བརྙན་སོགས། །ཀུན་གྱི་མཐུན་སྣང་གྲུབ་ཏུ་མངོན་པར་ཤོག །རིག་ འཛིན་བདག་གི་ལྷག་བསམ་རྣམ་དག་དང༌། །ཆོས་ཉིད་རང་བཞིན་ཅི་ཡང་མ་ཡིན་པའི། །བདེན་པའི་མཐུ་ཡིས་ཁམས་གསུམ་ཡིད་ཅན་དང༌། །ཁྱད་པར་ འབྲེལ་བས་བསྡུས་པའི་སེམས་ཅན་ཀུན། །སྐུ་བཞིའི་ཞིང་ཁམས་རྨད་བྱུང་ ཉམས་དགའ་བར། །ཚོམ་བུ་གཅིག་ཏུ་ཕྱམ་གཅིག་གྲོལ་བར་ཤོག 

དེ་ལྟར་སྐུ་གསུམ་ཞིང་ཁམས་སྦྱོང་བའི་གསོལ་འདེབས་སྨོན་ལམ་འདི་ནི་རང་བྱུང་པདྨའི་གསུང་གི་དབེན་གནས་འོག་མིན་རྡོ་རྗེའི་ཀེའུ་ཚང་དུ་རང་ཉིད་གཅིག་པུར་དབེན་པ་བསྟེན་པའི་སྐབས་སྔ་ཞོག་གི་ཚེ་ན་མིག་ལམ་དུ་ཧས་པོ་རི་མཐོང་བས་རྐྱེན་བྱས་སྣང་བ་ལ། ག་རེ་རི་མ་གིའི་རྩེར་མཁན་སློབ་རྗེ་འབངས་རྣམས་ཀྱི་ཞབས་ཀྱིས་བཅགས། ལྷ་འདྲེ་བཏུལ། སྐྱོ་སངས་མཛད་པ་སོགས་ཀྱི་ལོ་རྒྱུས་ཆེར་སྣང་མོད། དེ་དག་ཐམས་ཅད་ད་ལྟའི་མིང་ཙམ་མེད། འདི་ལྟ་བུའི་འདུས་བྱས་ཐམས་ཅད་མི་རྟག་པར་ཡིད་ཆེས། རང་ཉིད་ཀྱང་ལོ་ཤས་ཙམ་མི་འཆི་བའི་འཚོ་རྩིས་བྱས་ཀྱང་སང་ཙམ་ནས་འཇིག་རྟེན་ཕ་རོལ་ཏུ་མི་འགྲོ་བའི་ངེས་པ་ཅི་ཆ་སྙམ་ནས་སྐྱོ་ཤས་ངེས་འབྱུང་ཚད་མེད་སྐྱེས། ཨོ་རྒྱན་རྗེ་འབངས་རྣམས་དྲན་པ་ལ་ཚད་མེད་ཀྱི་མཆི་མ་འཁྲུག་པ་ཞིག་བྱུང་བས་རྐྱེན་བྱས། དེའི་ཚེ་ཐུགས་དམ་གནད་ནས་བསྐུལ་བའི་གསོལ་འདེབས་དང་འབྲེལ་བར་བར་དོ་ལམ་སྣང་གི་གྲོལ་ཚུལ་རྩ་ཚིག་ཏུ་བྱས་ནས་ཁ་ཏོན་དུ་བགྱིས་ཆོག་པའི་སྨོན་པ་འདི་ཡང་བྱ་བྲལ་བ་མཁྱེན་བརྩེའི་འོད་ཟེར་གྱིས་བྲིས་པའོ།། །།

སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ནི།

ན་མོ།ཕྱོགས་བཅུའི་བདེ་བར་གཤེགས་པ་སྲས་དང་བཅས། །ཁྱད་པར་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་། །རྒྱལ་སྲས་བརྒྱད་དང་གནས་བསྟན་འཕགས་པའི་ ཚོགས། །མཁྱེན་བརྩེའི་བདག་ཉིད་མཆོག་རྣམས་དགོངས་སུ་གསོལ། །ཕན་ བདེའི་འབྱུང་གནས་བསྟན་པ་རིན་པོ་ཆེ། །སྟོན་དང་སེམས་དཔའ་འཕགས་པ་ མཆོག་རྣམས་ཀྱིས། །ཡང་ཡང་དཀའ་བས་བཙལ་ཞིང་བརྣགས་པའི་དོན། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མཁན་སློབ་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་དང་། །བཀའ་གཏེར་རིག་འཛིན་བརྒྱུད་པ་ཡི་དམ་ལྷ། །མ་མགོན་ གཟའ་རྡོར་བརྒྱུད་གསུམ་དྲེགས་པའི་ཚོགས༎ སྔ་འགྱུར་རྩ་གསུམ་ལྷ་ ཚོགས་དགོངས་སུ་གསོལ། །ཐུབ་བསྟན་མདོ་དང་སྔགས་ཀྱི་ཚུལ་མཐའ་དག།གངས་ཅནལྗོངས་སུ་བརྩེ་བས་དྲངས་གྱུར་པ། །ཆེས་ཆེར་སྤེལ་བའི་རྡོ་རྗེའི་དམ་དགོངས་ནས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཕྱོགས་དུས་ རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེ། །རིགས་གསུམ་སེམས་དཔའི་སྒྱུ་འཕྲུལ་རོལ་མོ་ཡིས། །གངས་ཅན་ཕན་བདེའི་ཉི་མ་གསལ་བར་མཛད། །མཚོ་སྐྱེས་རྒྱལ་ བའི་བསྟན་པ་རྒྱས་གྱུར་ཅིག །རྒྱལ་དང་རྒྱལ་སྲས་འཕགས་པ་ཆེན་པོའི་ཚོགས། །བསམ་བཞིན་སྤྲུལ་བའི་ཟློས་གར་ཉེར་བཟུང་ནས། །དྲི་མེད་རྒྱལ་བསྟན་ ནོར་བུའི་རྒྱལ་མཚན་བསྒྲེངས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཐུན་མོང་ཐུན་མིན་གཞུང་ཀུན་རང་དབང་གིས། །མ་ནོར་བསྒྱུར་ཞུས་གཏན་ལ་ཕབ་པ་ཡིས། །བཀའ་དང་དགོངས་པ་འགྲེལ་བའི་གཞུང་ཀུན་རྫོགས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །བདེན་གསུང་བཀའ་ཡི་རྒྱ་མཚོ་ཆེན་པོ་ལ། །ཟབ་མོའི་ཆོས་གཏེར་ནོར་བུས་མངོན་པར་མཛེས། །མདོ་དང་སྔགས་ཀྱི་ལམ་བཟང་ཟུང་དུ་འབྲེལ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྨད་བྱུང་ཟ་ཧོར་མཁན་པོའི་སྤྱོད་པ་དང་། །མཚུངས་མེད་དཔལ་ལྡན་ཀླུ་ཡི་ལྟ་བ་གཉིས། །ཟུང་འབྲེལ་བརྒྱུད་པའི་བཀའ་སྲོལ་ཕྱག་རྒྱས་བཏབ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཟབ་མོའི་ནང་རྒྱུད་སྡེ་གསུམ་དགོངས་པའི་བཅུད། །ཐུན་མིན་མན་ངག་གསང་བའི་ལམ་མཆོག་ནས། །འཇའ་ལུས་ཆོས་ སྐུར་གཤེགས་པའི་ངོ་མཚར་འབར། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རབ་འབྱམས་ཞི་ཁྲོའི་ཁྱབ་བདག་སྒྲུབ་སྡེ་བརྒྱད། །བཀའ་བབ་རིག་ འཛིན་སོ་སོའི་དགོངས་བཅུད་དང་། །ཀུན་འདུས་པདྨའི་བཀའ་སྲོལ་གཅིག་ཏུ་འཁྱིལ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྒྱུ་དང་འབྲས་སུ་ གསང་སྔགས་ཐེག་པ་ཆེ། །ཚང་ལ་མ་ནོར་རིག་འཛིན་བརྒྱུད་པའི་ལུང་། །ཌཱ་ཀིའི་ཞལ་གྱི་དྲོད་རླངས་ཐོལ་ལེ་བ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་  ཅིག །རྡོ་རྗེ་འཆང་གི་དགོངས་དོན་བདུད་རྩིའི་བཅུད། །མཁས་གྲུབ་བྱེ་བའི་ ཞལ་ནས་སྙན་དུ་བརྒྱུད། །རྟོག་གེ་ངན་པའི་རང་བཟོས་མ་བསླད་པ། །མཚོ་ སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །གསེར་གཞོང་ནོར་བུས་སྤྲས་པའི་ཡོན་གྱིས་ཀྱང་། །མི་འགུགས་དབྱིངས་ཀྱི་མཁའ་འགྲོའི་ཐུགས་མཛོད་ཆོས། །བརྩེ་བས་རྗེས་འཇུག་སྐལ་བ་ཁོ་ནར་བཀྲམ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་ གྱུར་ཅིག །ངོ་བོ་ཀ་ནས་དག་པའི་ཡེ་ཤེས་ལ། །རང་བཞིན་ལྷུན་གྱིས་གྲུབ་པའི་གདངས་ཤར་བས། །བླུན་སྒོམ་སེམས་ལས་འདས་པའི་རྫོགས་པ་ཆེ། །མཚོ་ སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཡོད་མེད་ཕྱོགས་རེར་ཞེན་པའི་ དམིགས་གཏད་ཞིག །མཐར་འཛིན་ལྟ་བའི་འཛིན་སྟངས་དྲུང་ནས་ཕྱུངས། གཞི་ལམ་འབྲས་བུ་སྣང་སྟོང་ཟུང་དུ་འཇུག །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །དུས་གསུམ་རྒྱལ་བའི་དགོངས་པ་མཐར་ཐུག་དོན། །ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །རིག་སྟོང་མི་ཤིག་རྡོ་རྗེ་གྲུབ་པའི་མཐའ༎མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མང་དུ་ཐོས་པ་ལུང་གི་སྤྲིན་འཁྲིགས་ཤིང་། །ཕ་རོལ་རྒོལ་འཇོམས་རིག་པའི་གློག་ཕྲེང་འབར། །མན་ངག་གནད་ཀྱི་བདུད་རྩི་སྙིང་ལ་སིམ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྨད་བྱུང་ཨ་ཏི་ཡོ་གའི་གསང་ལམ་ནས། །མ་ལུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །ཁྱབ་བདག་འཇམ་དཔལ་རྡོ་རྗེར་རབ་བསྒྲུབ་པ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཡང་དག་ཚད་མ་གསུམ་གྱི་ང་རོ་ཡིས། །ལྟ་དམན་རི་དྭགས་ ཚོགས་རྣམས་སྐྲག་མཛད་པ། །ཐེག་མཆོག་སེངྒེའི་སྒྲ་དབྱངས་ས་གསུམ་ཁྱབ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྒྱལ་བསྟན་ཡོངས་སུ་རྫོགས་པའི་གོས་བཟང་རྩེར། །འོད་གསལ་རྡོ་རྗེ་སྙིང་པོའི་ཏོག་མཛེས་པ། །ཕྱོགས་ ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་མཐོ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །བདག་སོགས་དེང་ནས་འགྲོ་བ་ཇི་སྲིད་དུ། །བསྟན་དང་བསྟན་པའི་སྙིང་པོ་ཡོངས་རྫོགས་པ། །མཁའ་ཁྱབ་ཞིང་དུ་འཛིན་སྐྱོང་སྤེལ་བ་ཡིས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མདོར་ན་མཁས་བཙུན་གྲུབ་པའི་རྣམ་ཐར་གྱིས། །རྒྱལ་བསྟན་སྤེལ་བའི་ཕྲིན་ལས་མཁའ་ཁྱབ་པའི། །བསྟན་འཛིན་དམ་པས་ས་སྟེང་ཡོངས་གང་ནས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ ཅིག །དཔལ་ལྡན་བླ་མའི་སྐུ་ཚེ་རབ་བརྟན་ཅིང་། །བསྟན་པའི་སྦྱིན་བདག་ མངའ་ཐང་དར་བ་ཡིས། །ཆོས་སྲིད་མི་ནུབ་ནོར་བུའི་རྒྱལ་མཚན་བསྒྲེངས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག

ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ

ལན་བདུན།

ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿ

བླ་མ་རྒྱང་འབོད་ནི།

ཀྱེ་མ་བདག་འདྲའི་སེམས་ཅན་ལས་ངན་སྡིག་ཏོ་ཅན། །ཐོག་མེད་དུས་གནས་འཁོར་བར་ཡུན་རིང་འཁྱམས། །ད་དུང་སྡུག་བསྔལ་མཐའ་མེད་མྱོང་འགྱུར་བས། །སྐྱོ་ཤས་སྐད་ཅིག་ཙམ་ཡང་མ་སྐྱེས་པས། །བླ་མ་མཁྱེན་ནོ་ཐུགས་རྗེ་མྱུར་དུ་གཟིགས། །ངེས་འབྱུང་གཏིང་ནས་སྐྱེས་བར་བྱིན་གྱི་རློབས། །དལ་འབྱོར་ཐོབ་ཀྱང་མི་ཚེ་སྟོང་མཁན། །དོན་མེད་ཚེ་འདིར་བྱ་བས་རྟག་ཏུ་གཡེང་།།དོན་ཆེན་མཐར་པ་སྒྲུབ་ལ་ལེ་ལོས་ཁྱེར། །ནོར་བུའི་གླིང་ནས་ལག་སྟོང་ལོག་ འགྱུར་པས། །བླ་མ་མཁྱེན་ནོ་ཐུགས་རྗེ་མྱུར་དུ་གཟིགས། །མི་ལུས་དོན་ལྡན་ འགྲུབ་པར་བྱིན་གྱི་རློབས། །མ་ཤི་ས་སྟེང་ལུས་པ་གཅིག་ཀྱང་མེད། །ད་ལྟ་གཅིག་རྗེས་གཉིས་མཐུད་ཕ་རོལ་འགྲོ། །རང་ཡང་མྱུར་བ་ཉིད་དུ་འཆིས་དགོས་ཀྱང་། །ཡུན་རིང་སྡོད་གྲབས་བྱེད་པའི་སྙིང་རུལ་པོ། །བླ་མ་མཁྱེན་ནོ་ཐུགས་རྗེ་མྱུར་དུ་གཟིགས། །ལོང་མེད་བློ་སྣ་ཐུང་བར་བྱིན་གྱི་རློབས། །སྙིང་དུ་སྡུག་པའི་མཛའ་བཤེས་སོ་སོར་བྲལ། །སེར་སྣས་བསགས་པའི་ནོར་རྫས་གཞན་གྱི་སྤྱོད།།གཅེས་པའི་ལུས་ཀྱང་ཤུལ་དུ་བོར་ནས་སུ། །རྣམ་ཤེས་བར་དོ་གཏོལ་མེད་ འཁོར་བར་འཁྱམས། །བླ་མ་མཁྱེན་ནོ་ཐུགས་རྗེ་མྱུར་དུ་གཟིགས། །ཅིས་ཀྱང་དགོས་མེད་རྟོགས་པར་བྱིན་གྱི་རློབས། །འཇིགས་པའི་མུན་པ་ནག་པོས་སྔོན་ནས་བསུ། །ལས་ཀྱི་རླུང་དམར་དྲག་པོས་རྒྱབ་ནས་འདེད། །མི་སྡུག་གཤིན་རྗེའི་ཕོ་ཉས་བརྡེག་ཅིག་བཙོག །བཟོད་དཀའ་ངན་འགྲོའི་སྡུག་བསྔལ་མྱོང་ དགོས་ན། །བླ་མ་མཁྱེན་ནོ་ཐུགས་རྗེ་མྱུར་དུ་གཟིགས། །ངན་སོང་གཡང་ལས་མཐར་བར་བྱིན་གྱི་རློབས། །རང་སྐྱོན་རི་བོ་ཙམ་ཡང་ཁོང་དུ་སྦས། །གཞན་སྐྱོན་གཏིལ་འབྲུ་ཙམ་ཡང་སྒྲོགས་ཅིང་སྨོད། །ཡོན་ཏན་ཅུང་ཟད་མེད་ཀྱང་བཟང་པོར་རློམ། །ཆོས་པའི་མིང་བཏགས་ཆོས་མིན་ཁོ་ནར་སྤྱོད། །བླ་མ་ མཁྱེན་ནོ་ཐུགས་རྗེ་མྱུར་དུ་གཟིགས། །རང་འདོད་ང་རྒྱལ་ཞི་བར་བྱིན་གྱི་ རློབས། །གཏན་ཕུང་བདག་འཛིན་འགོང་པོ་ཁོང་དུ་བཅུག །བསམ་ཚད་ཐམས་ཅད་ཉོན་མོངས་འཕེལ་བའི་རྒྱུ། །བྱས་ཚད་ཐམས་ཅད་མི་དགེའི་འབྲས་བུ་ཅན། །ཐར་པའི་ལམ་དུ་ཕྱོགས་ཙམ་མ་ཕྱིན་པས། །བླ་མ་མཁྱེན་ནོ་ཐུགས་རྗེ་མྱུར་དུ་གཟིགས། །ངར་འཛིན་རྩད་ནས་ཆོད་པར་བྱིན་གྱི་རློབས། །བསྟོད་སྨད་ཙམ་ལ་དགའ་དང་མི་དགའ་སྐྱེ། །ཚིག་ངན་ཙམ་ལ་བཟོད་པའི་གོ་ཆ་ཤོར། །ཉམས་ཐག་མཐོང་ཡང་སྙིང་རྗེའི་སེམས་མི་སྐྱེ། །སྦྱིན་ཡུལ་འབྱུང་དུས་སེར་སྣའི་ མདུད་པས་བཅིང། །བླ་མ་མཁྱེན་ནོ་ཐུགས་རྗེ་མྱུར་དུ་གཟིགས། །སེམས་རྒྱུད་ཆོས་དང་འདྲེས་པར་བྱིན་གྱི་རློབས། །འཁོར་བ་སྙིང་པོ་མེད་ལ་སྙིང་པོར་བཟུང་།ལྟོ་གོས་ཕྱིར་དུ་གཏན་འདུན་ལིང་གིས་བོར། །མཁོ་རྒུ་ཚང་ཡང་དགོས་དགོས་ཕྱི་ཕྱིར་མང་།།མི་བདེན་སྒྱུ་མའི་ཆོས་ཀྱིས་རང་སེམས་བསླུས། །བླ་མ་མཁྱེན་ནོ་ཐུགས་རྗེ་མྱུར་དུ་གཟིགས། །ཚེ་འདིས་བློ་ཡིས་མཐོང་བར་བྱིན་གྱིས་རློབས། །ལུས་སེམས་སྡུག་བསྔལ་ཕྲ་མོའང་མི་བཟོད་ཀྱང་། །ངན་འགྲོར་འགྲོ་ལ་མི་ཚེ་ སྙིང་རྡོས་ཅན། །རྒྱུ་འབྲས་བསླུ་མེད་མངོན་སུམ་མཐོང་བཞིན་དུ། །དགེ་བ་མི་འགྲུབ་སྡིག་པ་ཡོ་ལང་འཕེལ། །བླ་མ་མཁྱེན་ནོ་ཐུགས་རྗེ་མྱུར་དུ་གཟིགས། །ལས་ལ་ཡིད་ཆེས་སྐྱེ་བར་བྱིན་གྱིས་རློབས། །དགྲ་ལ་སྡང་སེམས་གཉེན་ལ་ ཆགས་སེམས་སྐྱེ། །བླང་དོར་གནས་ལ་གཏི་མུག་མུན་ལྟར་འཐོམ། །ཆོས་ བཞིན་སྤྱོད་ཚེ་དབྱིངས་རྨུག་གཉིད་དབང་ཤོར། །ཆོས་མིན་སྤྱོད་ཚེ་དབང་པོ་ གསལ་ཅིང་གྲུང། །བླ་མ་མཁྱེན་ནོ་ཐུགས་རྗེ་མྱུར་དུ་གཟིགས། །ཉོན་མོངས་ དགྲ་བོ་ཆོམ་པར་བྱིན་གྱིས་རློབས། །ཕྱིས་ནས་བལྟས་ནས་ཡང་དག་ཆོས་པའི་གཟུགས། །ནང་དུ་རང་སེམས་ཆོས་དང་མ་འདྲེས་པས། །སྦྲུལ་གདུག་བཞིན་དུ་ཉོན་མོངས་ཁོང་ན་སྦས། །རྐྱེན་དང་འཕྲད་ཚེ་ཆོས་པའི་མཚངས་རྟགས་སྟོན།།བླ་མ་མཁྱེན་ནོ་ཐུགས་རྗེ་མྱུར་དུ་གཟིགས། །རང་རྒྱུད་རང་གི་ཐུལ་བར་བྱིན་གྱི་རློབས། །རང་སྐྱོན་ངན་པ་རང་གི་མ་རྟོགས་པས་། །ཆོས་པའི་གཟུགས་བཟུང་ཆོས་མིན་སྣ་ཚོགས་སྤྱོད། །ཉོན་མོངས་མི་དགེའི་ལས་ལ་ཤུགས་ཀྱིས་གོམས། །དགེ་བློ་ཡང་ཡང་སྐྱེད་ཀྱང་ཡང་ཡང་ཆད། །བླ་མ་མཁྱེན་ནོ་ཐུགས་རྗེ་མྱུར་དུ་གཟིགས། །རང་སྐྱོན་རང་གིས་མཐོང་བར་བྱིན་གྱིས་རློབས། །ཞག་རེ་སོང་བཞིན་འཆི་བ་ཕར་ཕར་ཉེ། །ཉིན་རེ་ལོན་བཞིན་རང་རྒྱུད་ཕྱི་ཕྱིར་བྱོང་། །བླ་མ་ བསྟེན་བཞིན་མོས་གུས་རིམ་གྱིས་འགྲིབ། །མཆེད་ལ་བརྩེ་གདུང་དག་སྣང་ཇེ་ཆུང་སོང་། །བླ་མ་མཁྱེན་ནོ་ཐུགས་རྗེ་མྱུར་དུ་གཟིགས། །མུ་རྒོད་རང་རྒྱུད་ཐུལ་བར་བྱིན་གྱིས་རློབས། །སྐྱབས་འགྲོ་སེམས་སྐྱེད་གསོལ་འདེབས་བྱས་ན་ཡང་།།མོས་གུས་སྙིང་རྗེས་གཏིང་ནས་མ་སྐྱེས་པས། །ཚིག་ཙམ་དབང་གྱུར་ཆོས་སྤྱོད་དགེ་སྦྱོར་རྣམས། །བྱས་ལོ་ཙམ་ལས་རྒྱུད་ཐོག་མ་ཁེལ་བས། །བླ་མ་མཁྱེན་ནོ་ ཐུགས་རྗེ་མྱུར་དུ་གཟིགས། །ཅི་བྱས་ཆོས་སུ་འགྲོ་བར་བྱིན་གྱི་རློབས། །བདག་བདེ་འདོད་ལས་སྡུག་བསྔལ་ཐམས་ཅད་འབྱུང་། །གཞན་ཕན་སེམས་ཀྱིས་ སངས་རྒྱས་འགྲུབ་གསུངས་ཀྱང་། །སེམས་མཆོག་བསྐྱེད་ཅིང་རང་འདོད་ཕུག་ཏུ་བཅུག །གཞན་ཕན་ལྟ་ཅི་གཞན་གནོད་ཞོར་ལ་སྒྲུབས། །བླ་མ་མཁྱེན་ནོ་ ཐུགས་རྗེ་མྱུར་དུ་གཟིགས། །བདག་གཞན་བརྗེ་བར་ནུས་པ་བྱིན་གྱིས་རློབས།།སངས་རྒྱས་དངོས་སྣང་བླ་མ་མི་རུ་བཟུང་། །གདམས་ཟབ་སྟོན་པའི་བཀའ་དྲིན་ངང་གིས་བརྗེད། །རང་འདོད་མ་འབྱུང་ཚེ་ན་ཡིད་ཆད་བསྒོམས། །མཛད་སྤྱོད་རྣམས་ལ་ཐེ་ཚོམ་ལོག་ལྟས་སྒྲིབ། །བླ་མ་མཁྱེན་ནོ་ཐུགས་རྗེ་མྱུར་དུ་གཟིགས།།མོས་གུས་འགྲིབ་མེད་འཕེལ་བར་བྱིན་གྱིས་རློབས། །རང་སེམས་སངས་རྒྱས་ཡིན་ཀྱང་ངོ་མ་ཤེས། །རྣམ་རྟོག་ཆོས་སྐུ་ཡིན་ཀྱང་དོན་མ་རྟོགས། །མ་བཅོས་ གཉུག་མ་ཡིན་ཀྱང་སྐྱོང་མ་ནུས། །རང་བབས་གནས་ལུགས་ཡིན་ཀྱང་ཡིད་མ་ཆེས། །བླ་མ་མཁྱེན་ནོ་ཐུགས་རྗེ་མྱུར་དུ་གཟིགས། །རང་གི་རང་ས་གྲོལ་བར་བྱིན་གྱི་རློབས། །ཡོང་ངེས་འཆི་བ་སྙིང་ནས་དྲན་མ་ཐུབ། །ཕན་ངེས་དམ་ཆོས་ཚུལ་བཞིན་སྒྲུབ་མ་ནུས། །བདེན་ངེས་ལས་འབྲས་བླང་དོར་ཚུལ་བཞིན་མེད།།དགོས་ངེས་དྲན་ཤེས་མ་བསྟེན་གཡེང་པས་ཁྱེར། །བླ་མ་མཁྱེན་ནོ་ཐུགས་རྗེ་ མྱུར་དུ་གཟིགས། །ཡེངས་མེད་དྲན་པས་ཟིན་པར་བྱིན་གྱིས་རློབས། །སྔོན་ ལས་ངན་པས་སྙིགས་མའི་དུས་མཐར་སྐྱེས། །སྔར་བྱས་ཐམས་ཅད་སྡུག་བསྔལ་རྒྱུ་རུ་སོང་། །གྲོགས་ངན་རྣམས་ཀྱིས་སྡིག་པའི་སྒྲིབ་མས་གཡོགས། །དོན་མེད་གླེང་མོས་དགེ་སྦྱོར་གཡེང་བས་ཁྱེར། །བླ་མ་མཁྱེན་ནོ་ཐུགས་རྗེ་མྱུར་དུ་གཟིགས། །ཆོས་ལ་སྙིང་རུས་ནུས་པར་བྱིན་གྱིས་རློབས། །དང་པོར་བསམ་རྒྱུ་ཆོས་ལས་མེད་པ་ལས། །ཐ་མ་གྲུབ་འབྲས་འཁོར་བ་ངན་སོང་རྒྱུ། །ཐར་པའི་ལོ་ཏོག་མི་དགེའི་སད་ཀྱིས་བཅོམ། །གཏན་འདུན་ཉེས་པའི་རྨུ་རྒོད་བདག་འདྲ་རྣམས། །བླ་མ་མཁྱེན་ནོ་ཐུགས་རྗེ་མྱུར་དུ་གཟིགས། །དམ་ཆོས་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །སྐྱོ་ཤས་གཏིང་ནས་སྐྱེ་བར་བྱིན་གྱིས་རློབས། །ལོང་མེད་བློ་སྣང་ཐུང་བར་བྱིན་གྱིས་རློབས། །འཆི་བ་སྙིང་ནས་དྲན་པར་བྱིན་གྱིས་ རློབས། །ལས་ལ་ཡིད་ཆེས་སྐྱེ་བར་བྱིན་གྱིས་རློབས། །ལམ་ལ་བར་ཆད་མེད་པར་བྱིན་གྱིས་རློབས། །སྒྲུབ་ལ་བརྩོན་འགྲུས་ནུས་པར་བྱིན་གྱིས་རློབས། རྐྱེན་ངན་ལམ་དུ་ལོང་པར་བྱིན་གྱིས་རློབས། །གཉེན་པོ་རང་ཚུགས་ཐུབ་པར་ བྱིན་གྱིས་རློབས། །བཅོས་མིན་མོས་གུས་སྐྱེ་བར་བྱིན་གྱིས་རློབས། །གནས་ ལུགས་རང་ཞལ་མཇལ་བར་བྱིན་གྱིས་རློབས། །རང་རིག་སྙིང་དབུས་སད་པར་བྱིན་གྱིས་རློབས། །འཁྲུལ་སྣང་གཞི་རྩ་ཆོད་པར་བྱིན་གྱིས་རློབས། །ཚེ་གཅིག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། །གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ། །གདུང་བས་འབོད་དོ་དྲིན་ཅན་ཆོས་ཀྱི་རྗེ། །སྐལ་མེད་བདག་ལ་རེ་ས་ཁྱོད་ལས་མེད། །ཐུགས་ཡིད་དབྱེར་མེད་འདྲེས་པར་བྱིན་གྱིས་རློབས། །ཚུལ་འདིར་མོས་ལྡན་དགེ་སྦྱོག་འགའ་ཞིག་གིས་སྔ་སོར་ནས་བསྐུལ་ཡང་རིམ་ལུས་སུ་འགྱུར་པ་། ཉེ་ཆར་རིགས་ལྡན་ཆོས་མཛད་མ་བསམ་འགྲུབ་སྒྲོན་མ་དང་དེ་བ་རཀི་ཏ་ཟུང་གིས་ནན་བསྐུལ༌ངོར༌སྙིགས༌དུསབླ༌མའི༌གཟུགས༌བརྙན༌འཛིན༌པར༌བློ༌གྲོས༌མཐའ༌ཡས༌ཀྱིས༌རྫོང༌ཤོ༌བདེ༌གཤེགས༌འདུས༌པའི༌སྒྲུབ༌ནས ༌ཆེན༌པོར༌བགྱིས༌པ༌དགེ༌ལེགས༌འཕེལ། །སྭ༌སྟི། །དམ༌ཆོས༌རིན༌ཆེན༌བླ༌མ༌རྒྱང༌འབོད༌འདི། །བར༌དུa༌བསྐྲུན༌པའི༌རྣམ༌དཀར་དགེ་ཚོགས་ཀྱིས། །རྒྱལ་བསྟན་སྤྱི་དང་གསང་ཆེན་རྡོ་རྗེའི་ཐེག །ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་གྱུར་ཅིག །མ་འགྱུར་འགྲོ་བས་སྒྲིབ་དག་ཚོགས་རྫོགས་ནས། །མངོན་རྫོགས་སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག

2 comments:

  1. sangay i really appreciated ur good work,, it must have been really a tough one to first sort what to put and then how to arrange in sequence.. i went through some of it and there seems to be some typo error... and i thought it would be great if you add a bardo meonlam at last or phowa... as it is considered as last means when we cannot follow or all others could not help us.... i really appreciated ur work and will download a copy for myself... thanks for it... with jeysu yith rang...... Kinzang Tobgye....

    ReplyDelete
  2. I would like to request you to mail me a copy of your prayer collection @ dgyeltshen@gmail.com

    ReplyDelete

Friday June 19, 2020 Kengkhar’s innovative craftsman The remote gewog of Kengkhar in Monggar, known for producing the finest  palang ...