Sunday, June 30, 2013

རྒྱ་འབྲུག་མཐུན་འབྲེལ རྩ་བརྟན་ཡོད་མི་ལུ་གནོད་ཉེན













***This is the first post of Dzongkha version in the blog and I would like to seek forgiveness for any error. And also your tolerance would be highly appreciated for translation below from Dzongkha to English. It is sheer and plain translation of my own.


རྒྱ་འབྲུག་མཐུན་འབྲེལ་འདི་ སྲིད་ཚོགས་ཀྱི་ཕུང་ལོང་སྟེ་རྒྱལ་ཁབ་ལུ་མི་གནོད་ག
དལ་གཞི་ མཁྱེན་རྒྱ་ཆེ་བའི་མི་དབང་ཡབ་སྲས་རིམ་པ་རྣམས་ཀྱི་ རྒྱ་འབྲུག་གི་མཐུན་འབྲེལ་འདི་གང་བ་ཡང་ ཟབ་ཆེ་བ་གཏིང་གཟབ་པ་ འབད་བཟོ་ཡོད་མི་འདི་གིས་རྒྱལ་ཁབ་ལུ་ ཞི་བདེ་དང་བདེ་སྐྱིད་ གོང་འཕེལ་གྱི་བསྒྱུར་བ་ལུ་ལྷན་ཐབས་གནམ་མེད་ས་མེད་འབད་འདི་ ང་བཅས་འབྲུག་གི་མི་སེར་ གོ་འདྲོངས་དང་ཡིད་ཆེས་ཅན་ རང་དབང་ཅན་བཟོ་གནང་མི་འདི་ལུ་ རྒྱལ་བརྒྱུད་རིམ་པ་དང་ལྷག་པར་དུ་ ་རྒྱ་གར་གཞུང་ལུ་བཀྲིན་བསམ་བརྗོད་ལས་འདས་པ་འབད་འཕུལ་ནི་ཨིན། ཨིན་རུང་རང་ ད་རེས་ནངས་པ་དམངས་གཙོ་ལམ་ལུགས་ ལས་བསྟེན་པའི་སྲིད་ཚོགས་འདི་ཚུ་གིས་ ལོ་རྒྱ་ཕྲག་ལས་བཅས་པའི་རྒྱ་འབྲུག་གི་མཐུན་འབྲེལ་རིང་ལུགས་འདི་མེདཔ་བཏང་ནི་མས་ཟེར་ ཚ་གྱངས་སེམས་ཀྱི་གདིང་ལས་རང་ལངས་དོ་ཟེར་ཞུ་ནི་ཨིན། སྤྱི་ལོ་ ༢༠༡༣ སྤྱིར་བཏང་བཙག་འཐུ་ནང་བཅའ་མར་གཏོགས་མི་ སྲིད་ ཚོགས་གཉིས་ཆ་རང་གི་ རྒྱ་འབྲུག་གི་མཐུན་འབྲེལ་རང་གཤིས་དང་ཁྱད་ཆོས་མཁྱེན་དགོཔ་གལ་ཆེ་ནི་དང་ གལ་སྲིད་སྲིད་ཚོགས་པ་ གཉིས་ཀྱི་ འདི་ལུ་ གུས་བཀུར་དང་རྩིས་མཐོང་མེད་པ་ ཚོགས་པའི་མཐའ་དོན་ལུ་སྲིད་ཕུང་ལོང་པ་ཅིན་ཕྲལ་དང་ཕུག་གི་འབྲུག་གི་མི ་སེར་ལུ་ སྟབས་བདེཝ་ མ་བདེཝ་འབྱུང་སྲིད་ནི་ཨིནམ་ལས་ ཐུགས་བསམ་རྒྱ་ཆེཝ་འབད་གནང་དགོཔ་གལ་ཆེ།
འབྲུག་རྒྱལ་ཁབ་འདི་ སྔོན་གོང་ལས་རང་དབང་ཅན་གྱི་རྒྱལ་ཁབ་ཨིནམ་མ་ཚད་ ཧེ་མ་སྲིད་ཀྱི་ལམ་ལུགས་ཀྱི་སྟབས་མ་བདེཝ་མ་བདེཝ་ གཟིགས་སྟེ་་རྒྱལ་ཁབ་གཞན་དང་མཐུན་ལམ་བཟོ་ནི་རྒྱ་གཞུང་ལུ་གྲོས་བསྟུན་འབད་དགོཔ་ཡོད་མི་འདི་ཡང་ མ་འོངས་མངོན་གཟིགས་ཅན་ གྱི་རྒྱལཔོ་ འབྲུག་མི་ཡོངས་ཀྱི་ཕམ་འབྲུག་རྒྱལ་བཞི་པ་མཆོག་གིས་ ཆིངས་ཡིག་བསྐྱར་ཞིབ་མཛད་གནང་མི་འདི་གིས་ དམིགས་དོན་དང་ དམིགས་ཡུལ་གྱི་དགོངས་དོན་འདི་ཚུ་མཁྱེན་དགོཔ་གལ་ཆེ་ཟེར་ཞུ་ནི་ཨིན། དེ་མ་ཚད་རྒྱ་གཞུང་གི་འགོ་འཁྲིདཔ་ག་རང་བྱོན་སྟེ་རང་ འབད་རུང་འབྲུག་རྒྱལ་ཁབ་འདི་རང་དབང་ཅན་ཨིནམ་ལས་མཐུན་འབྲེལ་ག་དང་མཉམ་བཟོ་རུང་ རྒྱལ་ཁབ་ཀྱི་དང་འདོད་དང་བསྟུན་བཟོ་ ནི རང་དབང་ཡོད་ཟེར་གསུངས་གནང་ཡོད། རྒྱ་གཞུང་གི་དེ་སྦེ་ཐུགས་བསམ་བཞེས་རུང་ རང་གི་རྒྱལ་ཁབ་ནང་ན་ལས་རང་ ད་ལྟོ་སྲིད་ཀྱི་གནས་སྟངས་ལུ་བལྟ་བ་ཅིན་རང་གི་རྒྱལ་ཁབ་ཀྱི་ལཱ་ཁག་འབད་རང་རྒྱ་གཞུང་གི་ཐུགས་བསྒྱུར་བཅུག་པའི་ཉེན་ཁག་སྦོམ་འབད་རང་འདུག
གཞན་ག་བ་ཡང་ མི་སེར་ཚུ་བ་ཡང་ རྒྱལ་ཁབ་ཀྱི་ད་ལྟོ་དོ་འགྲན་འབད་མི་སྲིད་ཚོགས་གཉིས་ཀྱི་ སྲིད་འཛིན་ལས་འགོ་བཙུགས་སྟེ་འཐུས་ མི་ཆ་ཁྱབ་ཀྱིས་རྩ་བ་ལས་མཁྱེན་དགོཔ་འདི་ རྒྱལ་ཁབ་འདི་གང་པ་ནང་ཨིན་པའི་ཁར་འོང་འབབ་མེད་པའི་རྒྱལ་ཁབ་ ཡར་རྒྱས་གོང་འཕེལ འགྱོ་བའི་བསྒང་ཡོད་མི་དང་ འཛམ་གླིང་ནང་སྟོབས་ཤུགས་ཅན་གྱི་རྒྱལ་ཁབ་གཉིས་ཀྱི་བར་ན་ རྒྱལ་ཁབ་ཆུང་ཀུ་འབད་ཆགས་ཡོདཔ་ མཁྱེན་དགོཔ་ཨིན། དེ་འབད་ནི་འདི་གིས་ ག་རང་གིས་རྒྱལ་ཁབ་རང་བཙན་ བརྟན་ཏོག་ཏོ་འབད་བཞག་ཐབས་ཀྱི་ བདེ་སྒྲིག་འབད་དགོཔ་ཨིན། ད་ལྟོ་ང་རའི་མནོ་མི་བསམ་འཆར་འདི་ཚུ་ཐད་ཀར་ཞུ་མ་ཚུགས་མི་ཡང་ ང་རའི་མནོ་མི་འདི་སྲིད་ཚོགས ༢ ཀྱི་ བཙག་འཐུ་སྒྲུབ་འབྲས་ལུ་ཆུང་ཀུ་ཅིག་རང་ཨིན་རུང་གནོད་འོང་མནོ་བའི་ས་སྒོ་མཐོངམ་ལས་ཞུ་མ་ཚུགས ཨིན་རུང་གཞུང་ སྐྱོང་ནི་འདི་ ག་གི་ཐོབ་རུང་བཙག་འཐུ་བསྒྲུབས་ཚར་ཞིནམ་ལས་ ང་རའི་མནོ་དོན་ག་རང་ཞུ་ཚུགས་པའི་ རེ་བ་ཡོད།



(Views expressed are personal and doesn't reflect any individual or institution's stand including organization i work. No lines will be quoted unless permission is granted by author.)

No comments:

Post a Comment

Friday June 19, 2020 Kengkhar’s innovative craftsman The remote gewog of Kengkhar in Monggar, known for producing the finest  palang ...