Monday, October 7, 2013

གྲོང་གསེབ་གོང་འཕེལ་བཅའ་ཡིག་འདི་ གཞུང་སྐྱོང་དང་ལྡོག་ཕྱོགས རྒྱལ་ཡོངས་ཚོགས་སྡེ་འཐུས་མི་རྣམས་ཀྱི ཐུགས་ལས་ཡལ་སོགཔ་ཨིན་ན།


འབྲུག་རྒྱལ་ཁབ་ཀྱི་མི་སེར་ཆ་མཉམ་རང་ བློ་དམན་ང་བཟུམ་ཅིག་ཡོད་མི་ག་རང་སེམས་དགའ་དགོ་པའི་གཞི་གཙོ་བོ་ རང་ སྤྱི་ལོ་ ༢༠༡༣ གྱི་བཙག་འཐུའི་བསྐུལ་བསྒྲགས་ཀྱི་སྐབས་ལུ་ ད་ལྟོ་གཞུང་སྐྱོང་དང་ལྡོག་ཕྱོགས་ དེ་ལས་ རྒྱལ་ཡོངས་ཚོགས་སྡེ་ནང་འཐུས་མི་འབད་བཙག་འཐུ་བསྒྲུབས་ཡོད་མིའཐུས་མི་མང་ཤོས་ཅིག་གི་རང་ གྲོང་གསེབ་ གོངའཕེལ་བཅའ་ཡིག་འདི་ཕྲལ་མགྱོགས་འབད་རང་ ཆ་འཇོག་གནང་སྟེ་ གྲོང་གསེབ་མཐའ་ཟུར་ ཡར་རྒྱས་གོང་ འཕེལ་བཏང་ནི་ལུ་རྩོན་ཤུགས་བསྐྱེད་ཐབས་ལུ་ ཕྱག་ལཱ་གནང་ནི་ཟེར་གསུངསམ་ལས་བརྟེན་ཏེ་ཨིན།
དེ་ལུ་ ད་ལྟོ་ མི་རློབས་རྒྱ་ཆེཝ་མཐའ་ཟུར་ལུ་བཞུགས་ཡོད་མི་དང་ མི་ང་འདྲ་བའི་མཐའ་ཟུར་གི་སྐྱིད་སྡུག་སྲིད་ཡོད་མི་གི་ཉམས་ མྱོང་དང་ཚོར་ཡོད་མི་ གྲོང་གསེབ་ནང་བཞུགས་མི་གི་འདི་ལོས་ཀྱང་ ཁྲོམ་ཁར་བཞུགས་མི་གི་མི་སེར་གྱི་ཡང རྒྱབ་ སྐྱོར་ཕུལ་ཏེ་ ད་ལྟོ་རྒྱལ་ཁབ་ནང་དབུ་ཕངས་མཐོ་བའི་ཚོགས་ཁང་གཉིས་ནང་འཐུས་མི་འབད་བྱོན་བྱོན་བཟུམ་ མཇལ ཡི་ཟེར་ཞུ་ནི་ཨིན།  ཨིན་རུང་ད་ལྟོ་ཚོགས་ཐེངས་དང་པ་གྲོལ་ཡོད་མི་གྱི་ཚོགས་རིམ་ནང་ལུ་ འཐུས་མི་ག་གིས་ཡང་ བསྐུལ་བསྒྲགས་སྐབས་སུ་ཁས་བླང་གནང་དོ་བཟུམ གྲོང་གསེབ་གོང་འཕེལ་བཅའ་ཡིག་འདི་གི་བསྐོར་ལས་ སྒྲིང་སྒྲིང་ སྦེ་ཕྲལ་མགྱོགས་རང་ངེས་ཏིག་འབད་དགོཔ་སྦེ་ཞུ་མི་ ཕུད་རྡོག་གཅིག་ཡང་མ་མཇལ་ཟེར་ཞུ་ནི་ཨིན། ཨིན་རུང་རྒྱལ་ ཡོངས་ཚོགས་སྡེ་གི་གཞུང་ལུ་ གྲོང་གསེབ་གོང་འཕེལ་སྲིད་བྱུས་དང་ ལམ་ལུགས་དགོ་པས་ཟེར་ཁ་ཙམ་གྱི་གྲོས་ འདེབས་འཕུལ་མི་འདི་གི་་གྲུབ་འབྲས་ག་དེ་སྦེའབྱུང་འོང་ག་ དོགས་པ་སྦོམ་འབད་རང་འཆར་མི་འདི་ཡང ་རྩིས་ལོ་ ༢༠༡༣-༡༤ གི་ཆ་འཇོག་བསྒྲུབས་པའི་འཆར་དངུལ་དཔྱ་དགོ་བཅའ་ ཡིག་འདི་མཇལ་རུང་ གྲོང་གསེབ་མཐའ་ཟུར ་གོང་འཕེལ་གྱི་ ཐབས་བྱུས་གཞི་ངོ་མ་ཅིག་ཨིན་མི་ སོ་ནམ་ལས་སྡེ་ནང་ མ་དངུལ་བོར་ཆེ་ ཏོག་ཏོ་བཞག་ས་ མ་མཐོང་པའི་ཁར་ ད་ལྟོ་འབྲིང་ཙམ་འབད་བཞག་ཡོད་མི་འདི་ཡང་འདས་པའི་ ཉམས་མྱོང་ལུ་བལྟ་བ་ཅིན་ མ་དངུལ་འདི་མང་ཤོག་རང་སོ་ནམ་ཞིང་ལམ་སེལ་ནི་ལུ་ལག་ལེན་འཐབ་མ་གཏོགས་ གྲོང་གསེབ་ཡར་རྒྱས་ བཏང་ནི་ ཐབས་གཞི་གཞན་ལུ་གཙོ་བོ་བཏོན་སྟེ་གྲུབ་འབྲས་ལེགས་ཤོམ་ཅིག་བཏོན་ས་མ་མཇལ་ཟེར་ཞུ་ནི་ཨིན།
དེ་སྦེ་མི་སེར་དང་ལྷག་པར་དུ་ང་གིས་ གྲོང་གསེབ་ཡར་རྒྱས་གོང་འཕེལ་བཅའ་ཁྲིམས་ལུ་ཡིད་ཆེས་དང་རེ་ཆེད་ སྦོམ་འབད་བསྐྱེད་དགོ་མི་འདི་ཡང;
༡༽ དང་པ་རང་ མཐའ་ཟུར་གི་མི་མཉམ་ཆུང་ མི་རློབས་ལས་རྒྱ་ཆ་ མང་ཆེ་བ་ཡོད་པའི་ཁར་ འུ་སྡུག་ཉག་ཕྲག་ ཡོད་མི་གི་སྡུག་བསྔལ་སེལ་ཚུགས་པ་ཅིན་ ད་ལྟོ༌ཡོད༌འཐོན་ཡོད་མི༌སྤྱང་ཀ་དང་ཕྱུགཔོ་གི་བར་ན་ ཁྱད་པར་འཆར་ མི་འདི མར་ཕབས་ཚུགས་པའི་འོས་བབས་མཇལ་ཡི་ཟེར་ཞུ་ནི་ཨིན།
༢༽གྲོང་གསེབ་ལུ་མཐུན་རྐྱེན་དང་འགོ་སྐབས་ཚུ༌ཧ་ལམ་ཁྲོམ་དང་ཆ་མཚུངས་འབད་ཡོད་པ་ཅིན་ན་གཞོན་ཚུ་གི་ཡང་ གཡུས་སྒོ་ནང་སྡོད་ནི་དང་ལས་ཀྱི་རང་སོ་ནམ་ལཱ་ལུ་སྤྲོ་བ་བསྐྱེད་དེ་ གྲོང་གསེབ་ལས་ཁྲོམ་ཁར་ གནས་སྤོ་བའི་དཀའ་ ངལ་སེལ་ཚུགས་པའི་འགོ་སྐབས་ཡང་མཐོང་ཡི་ཟེར་ཞུ་ནི་ཨིན།
༣༽དེ་སྦེ་ ན་གཞོན་གྱི་གཡུས་སྒོ་ནང་སྡོད་ནི་ལུ་སྤྲོ་བ་བསྐྱེདཔ་ད་རང་ དེ་དང་བསྟུན་པའི་ད་ལྟོ་ན་གཞོན་གྱི་བཀོག་ བཞག་ཡོད་མི་ ཁེ་ཕན་ཅན་གྱི་གཡུས་སྒོ་དང་འབྲེལ་བའི་ལཱ་གཡོག་ལུ་བརྩོན་ཏེ་ ན་གཞོན་ལུ ལཱ་གཡོག་མེད་པའི་ དཀའ་ངལ་སེལ་ནི་གི་ཐབས་ཤེས་སྒྲིག་ཚུགས་པའི་འོས་འབབ་ཡང་མཐོང་ཅིག་ལགས།
༤༽གྲོང་གསེབ་གོང་འཕེལ་འགྱོ་ཚུགས་པ་ཅིན་ གཡུས་སྒོ་ནང་ལཱ་འབད་མི་རྒྱ་ཆེཝ་འབད་ཡོདཔ་ད་རང་ གཡུས་སྒོ་ ནང་ཡོད་མི་གི་ རྒྱུ་དངོས་ལག་ལེན་འཐབ་སྟེ་ རྒྱལ་ཁབ་ཀྱི་འཐོན་ཁུངས་ སོ་ནམ་དང་སྒོ་ནོར་གྱི་འཐོན་བསྐྱེད་གཞན་ ཡང་ ནགས་ཚལ་ལས་བརྟེན་པའི་ཤིང་ཆས་རིགས་ཚུ་ ད་ལྟོ་རྒྱ་གར་རྒྱལ་ཁབ་ལས་ནང་འདྲེན་འབད་མི་ མར་ཕབ་སྟེ་ ད་ལྟོ་དཀའ་ངལ་འཐོན་མི་ རྒྱ་གར་དངུལ་རུ་པི་བསགས་ནི་ལུ་ཡང་ཕན་འགྲོགས་འབད་འོང་མནོ་ཡི་ཟེར་ཞུ་ནི་ཨིན།

མི་སེར་ང་དང་ང་འདྲ་བའི་རེ་བ་དེ་སྦེ་བསྐྱེད་དེ་རང་འབད་རུང་ གསར་ཤོག་དང་རྒྱང་མཐོང་གནས་ཚུལ་ནང་གཟིགས་ པ་ཅིན་ ཚོགས་ཁང་གིས་ འཐུས་མི་གཅིག་དགོངསམ་ཞུ་བ་ལུ་བརྟེན་ དམངས་གཙོ་ལམ་ལུགས་འདི་འཐུས་མི་ གཅིག་གི་མེདཔ་བཏང་བ་ ཡངན་འཐུས་མི་ཁོ་རང་ཁག་ཆེ་ཆེཝ་བཟུམ་སྦེ་ ད་ལྟོ་མཛད་དགོཔ་རྩ་ལས་མེད་པའི་ རྒྱལ་ ཡོངས་ཚོགས་འདུ་དང་ཚོགས་སྡེའི་བཅའ་ཡིག་ ས་གནས་གཞུང་གི་བཅའ་ཡིག་ནང་ དགོངས་ཞུའི་རྩ་ཚན་འཕྲི་སྣོན་ མཛད་ནི་ཚུ་གསུངས་གྲོས་གནང་བཞུགས་ནུག དམངས་གཙོའི་ལམ་ལུགས་ནང་ མི་གཅིག་ལུ་དབང་ཚད་བཞག་ ནི་ཡང་མི་འོང་ མི་གཅིག་གི་ཁག་ཆེཝ་དང་ཁྱད་པར་འཆར་བཅུག་གི་ས་སྒོ་ཡང་བཏོན་ནི་མེན་པའི་ཁར་ རྒྱལ་ཁབ་ ཀྱི་མི་སེར་མཉམ་བསྡོམས་ཐོག་ལས་གྲོས་ཐག་བཅད་ནི་འདི་ཁག་ཆེ་མི་ཡང དམངས་གཙོའི་ལམ་ལུགས་ཀྱི་ཁྱད་ཆོས ་འབད་མཇལ་ཡི། དེ་མ་ཚད་དོན་དག་ག་ནི་ཡང་མེད་པའི་ ད་ལྟོ་བར་ན་ཡང་ཚོགས་པའི་ཉེས་འཛུགས་དང་སྐྱོན་བརྗོད་ འབད་འདི་རང་བཞུགས་ནུག ང་གིས་བསམ་འཆར་ལས་འབད་བ་ཅིན་ གཞུང་སྐྱོངས་དང་ལྡོག་ཕྱོགས་ག་རང་འབད་ རུང རང་ལུ་ཕོག་པའི་འགན་ཁུར་མཛད་དེ་བཞུགས་པ་ཅིན་མཇུག་མཐའན་མཇུག་ལུ་ གྲོས་ཆོད་འདི་ལས་ཀྱི་རང་ འབྲུག་པའི་མི་སེར་གྱི་བཏོན་འོང་ཟེར་ཞུ་ནི་ཨིན།
གསུངས་གྲོས་འདི་ཚུ་མཛད་ནི་མེན་པར་ ད་ལྟོ་རྒྱལ་ཁབ་ལུ་དཀའ་ངལ་འབྱུང་ཡོད་མའི་གནས་དོན་ཚུ་ལུ་ ཐབས་ཤེས་ སྒྲིག་ནི་ཨིན་མི་ གྲོང་གསེབ་གོང་འཕེལ་བཅའ་ཡིག་འདི་ གསུངས་གྲོས་གནང་སྟེ་ཆ་འཇོག་བསྒྲུབས་ཡོད་པ་ཅིན ཕྲལ་དང་ཕུག་ལུ་རྒྱལ་ཁབ་ལུ་རྒྱ་ཆེཝ་འབད་རང་ཕན་ཐོག་ཐོགཔ་འོང་མནོ་ཡི་ལགས།


(གོང་ལུ་བཀོད་མི་འདི་ མི་ངོ་རང་རྐྱང་གི་བསམ་འཆར་ཨིན་པའི་ཁར་ རང་གི་བསམ་འཆར་འདི་གིས་སྤྱིར་རྒྱལ་ཁབ་ དང་འགན་འཁུར་ཕོག་པའི་གཙུག་སྡེ་ དེ་ལས་དེ་དང་འབྲེལ་བའི་ཕྱག་འགན་གནང་མི་ཚུ་ལུ་ཕན་གྲོགས་འབད་བའི་ དམིགས་པ་བསྐྱེད་དེ་འབྲི་ཡོདཔ་མ་གཏོགས་ གོང་གི་བསམ་འཆར་བཀོད་མི་འདི་གི་ མ་ངོ་རེ་དང་གཙུག་སྡེའི་ལམ་ ལུགས་ལུ་ གནོན་རྐྱེན་ཕོག་པ་དང་ཡང་ན་ ཐུགས་དང་མ་ལྡནམ་ཡོད་ན་ བཟོད་པ་བཞེས་བཀྲིན་བསྐྱངས་གནང་དགོ་ པའི་ ཞུ་བ་འཕུལ་ལགས་སོ།)

No comments:

Post a Comment

Friday June 19, 2020 Kengkhar’s innovative craftsman The remote gewog of Kengkhar in Monggar, known for producing the finest  palang ...